ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

08.09.2011 11:44:30
སྤང་མདའ་ཚང་གི་ཁུན་སྒྲ

བོད་སྨར་ཁམས་གྱི་ཕྱོགས་སུ་བཀའ་ཁྲིའི་མཛད་སྒོར་བསང་གསོལ་གནང་འདུག མཁས་དབང་བློ་བཟང་སེང་གེ་མཆོག་ལ་བོད་མིའི་བཀའ་བློན་ཁྲི་པར་གདམ་ཐོན་བྱུང་བར་རྒྱལ་ཕྱི་ནང་གང་སར་རྒྱབ་སྐྱོ་དང་དགའ་སྤྲོའི་རྣམ་པ་ཤུགས་ཆེ་སྟོན་འདུག དགུངས་གྲངས་ཞེ་གསུམ་ལ་ཕེབས་པའི་མཁས་དབང་བློ་བཟང་སེང་གེ་མཆོག་ནི་མི་མང་གིས་ཐད་ཀ་གདམ་ཐོན་བྱུང་བའི་བཀའ་བློན་ཁྲི་པ་ཨང་གཉིས་པ་དེ་ཡིན་པ་མ་ཟད་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་མང་ཆེ་བའི་རྒྱབ་སྐྱོར་ཐོབ་པའི་བཀའ་ཁྲི་ཨང་རིམ་གཉིས་པ་དེ་ཡང་ཡིན་པ་རེད།


བོད་ནང་དུ་ས་ཆ་གང་ས་ནས་ཁོང་ལ་རྒྱབ་སྐྱོར་མཚོན་ཆེད་ཁ་བཏགས་སྐུར་བ་དང་འཚམས་འདྲིའི་བཤིས་ཚིགས་གནང་བ་སོགས་ཀྱི་རྣམ་པ་འདྲ་མིན་གྱི་ཐོག་ནས་རྒྱབ་སྐྱོར་ཤུགས་ཆེར་གནང་འདུག ཁོང་བཀའ་བློན་ཁྲི་པའི་མཛད་སྒོའི་ཉིན་བོད་ནང་དུ་ལྷ་བསང་བཏང་བ་དང་དགའ་སྤྲོའི་རྟ་རྒྱུགས་དང་བྲོ་གཞས་གླུ་གསུམ་བཅས་ལ་རོལ་ནས་རྟེན་འབྲེལ་གྱི་བྱེད་སྒོ་སྣ་མང་སྤེལ་འདུག

དེ་དང་ཕྱོགས་མཚུངས་བོད་ཤར་ཕྱོགས་སྨར་ཁམས་རྫོངས་མཚོ་སྔགས་ཤང་ནང་ཁ་སྔོན་ཕྱི་ཟླ་བརྒྱད་པའི་ཚེས་བརྒྱད་ཀྱི་ཉིན་མོར་བཙན་བྱོལ་བོད་མིས་འོས་འདེམས་བྱུང་བའི་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་བཀའ་ཁྲིའི་དམ་འབུལ་གྱི་མཛད་སྒོ་ཉིན། ཁུལ་དེར་གནས་པའི་མི་མང་རྣམས་ཀྱིས་གཡུ་རི་ཞིག་པའི་གནས་རི་དེར་དགའ་སྟོན་གྱི་ལྷ་བསང་བཏང་བ་དང་། བྲོ་གཞས་གླུ་གསུམ་དང་རྟ་རྒྱུགས་མི་རྒྱུགས་མདའ་རྒྱབ་སོགས་རྟེན་འབྲེལ་གྱི་བྱེད་སྒོ་ཤུགས་ཆེ་སྤེལ་འདུག

སྐབས་དེར་བོད་མི་རྣམས་ཀྱི་ཡེ་ཤེས་ནོར་བུ་སྐུ་ཚེ་བརྟན་པ་ཤོག གངས་ལྗོངས་བསྟན་པ་རྒྱས་པ་ཤོག བཀའ་བློན་ཁྲི་པ་བྱ་བ་ལྷུན་གྱི་འགྲུབ་པ་ཤོག་ཟེར་སོགས་ཀྱི་སྨོན་ཚིག་ཡང་སྒྲོགས་འདུག དེའི་རྗེས་སུ་རྒྱ་ནག་གཞུང་གི་འབྲེལ་ཡོད་མི་སྣས་ཁུལ་དེའི་བོད་མི་རྒན་གྲས་ཁག་ཅིག་ལ་ཉིན་དེར་དམིགས་བསལ་གྱི་མཛད་སྒོ་ཚོགས་དགོས་པའི་རྒྱུ་མཚན་ཅི་ཡིན་གྱི་དྲི་རྩད་གནང་འདུག

འོན་ཀྱང་བོད་མི་དག་གིས་དེ་རིང་ནི་གཟའ་སྐར་ཤིན་ཏུ་བཟང་བའི་དྲུག་པའི་ཚེས་བཅུ་ཟེར་བ་དེ་ཡིན་པའི་སྲོལ་རྒྱུན་གྱི་རྩ་ཆེ་བའི་དུས་ཆེན་ཞིག་ཡིན་ལུགས་ཀྱི་ལན་འདེབས་གནང་འདུག རྗེས་སུ་མི་ལེགས་པའི་གནས་ཚུལ་སོགས་བྱུང་མེད་པ་མ་ཟད་ཉིན་དེའི་དུས་སྟོན་དེ་མི་མང་ཚོའི་མངོན་འདོད་ལྟར་བཀྲིས་ལོ་ལེགས་དང་རྒྱལ་ཁ་ངང་གྲུབ་ཡོད་འདུག


  
 

10.09.2011 02:57:24

དངོས་གནས་བོད་མི་གཞི་བྱེས་གཉིས་སྔར་མའི་ལས་དབང་གཅིག་ལ་ད་ལྟས་ཤ་ཕྲག་གཅིག་ཞིང་བསམ་ཚུལ་ཡང་འོ་ཆུ་གཅིག་ཏུ་འབྲེལ་འདུག།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -