ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

05.09.2011 12:08:52
མྱི་དུག་གྲོལ།

༡༽
དོ་ནུབ་ངས།
སུ་ཞིག་དང་གང་ཞིག་ལ་ཡིད་ཆེས་བྱེད་བཞིན་པ་མ་ཤེས་བར།
གློག་སྒྲོན་ཞིག་གི་འོག་ཏུ།  ཁྱེད་ཀྱི་འདྲ་པར་ལ་ལྟ་བཞིན།
སྔོན་མའི་ལས་དབང་ངམ།ངེད་གཉིས་ཕན་ཚུན་ལ་བརྩེ་དུང་
མཛའ་བརྩེ།   དུང་བ་སོགས་ཆེས་
ཟབ་པའི་དུས་ཚིགས་དེར་རོལ་བཞིན་ཡོད།

༢༽
དུས་ཚིགས་དེའི་ངོ་གདོང་རེ་རེ་ན་། འུ་གཉིས་ཀྱི་དགོད་སྒྲ་ཡོད་ལ།
དུས་ཚིགས་དེའི་ངོ་གདོང་རེ་རེའི་ཧྲག་བར་ན།
འུ་གཉིས་བརྩེ་དུང་གི་འབུས་པའི་སེམས་འགྱུ་ཡང་ཡོད།
གང་ལྟར་། དོ་ནུབ་ངའི་སེམས་པ་འདི་ནི།
སུ་ཞིིག་ལ་ཡིད་ཆེས་དང་རེ་སྒུག་བྱེད་བཞིན་པ་མ་ཤེས།
༣༽
གྲོགས་མོ་ཞིག་གིས་བཤད་ན་།  དེ་ནི་ལས་དབང་རེད་ཟེར།
གཅིག་ནས་བཤད་ན་ལས་དབང་ཟེར་ཡང་ཆོག
འོན་ཏང་། ངེད་གཉིས་ཀྱི་གྱེས་བྲལ་འདི་ནི་།
ལས་དབང་ཙམ་གྱི་གྱེས་ཕྱག་ཕུལ་མི་ཐུབ།
སེམས་པ་རྨས་མ་དེའི་ཐུར་འོག་ནས།
ད་དུང་། འུ་གཉིས་ཀྱིས།
འུ་གཉིས་ཀྱི་ལས་དབང་ལ་བསམ་གཞིགས་ནན་པོ་ཞིག་བྱེད་རན།
༢༠༡༡་་་་་་་༧་་་་་་་༡༣་དགོང་མོར་རྒྱ་གར་བྱང་ཕྱོགས་རྡ་རམ་ས་ལའི་ཆུ་སྒང་གསོལ་མགྲོན་ཁང་གི་ཡང་ཐོག་ཏུ་བྲིས།

  བྱེས་འབྱོར་བོད་ཀྱི་རྩོམ་རིག
 

05.09.2011 16:16:22

རོ་བཅུད་ཚང་བའི་རང་མོས་སྙན་ངག་་བྲིས་པ་འདིས་མཛའ་བོ་རྒྱང་རིང་དུ་བཞུད་དེ་ཡུན་རིང་མ་འཕྲད་པའི་སེམས་ལྡན་རྣམས་ཀྱི་སེམས་ཁམས་མཚོན་པར་བྱས་འདུག་ལ། བརྩེ་བའི་ཟབ་ཚད་དང་ཡང་ལྕི་འཇལ་འདུག མྱི་དུག་གྲོལ་ཁྱོད་ལ་ཆ་རྒྱུས་ཅང་མེད་ཀྱང་མཛའ་བཤེས་བསྟེན་ཤེས་མཁན་ཞིག་ཡིན་པ་ཁོ་ཐག་རེད།

 
 
07.09.2011 05:14:44

མི་འགྱུར་དམ་བཅའ་བརྟན་པའི། །དྲ་གྲོགས་མྱི་དུག་གྲོལ་གྱི། །མཛའ་བརྩེའི་སྙིང་གཏམ་དྲོན་མོས། །ཕྱི་དྲན་ཐེངས་ཅིག་བྱས་ཡོད།།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -