ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

05.09.2011 10:06:48
སྨར་བསྟན་འཛིན་བཀྲ་ཤིས།

གཏི་མུག་སྨག་ཆེན་འཐིབས་པའི་ས་ཆེན་གྱི་གཞི་ལ།།
ཁྱེད་ཀྱི་ཤེས་རབ་འོད་སྣང་ཉིན་བྱེད་ལྟར་འཛུམ་སོང་།།
འབར་འབུར་ཀྱག་ཀྱོག་མོད་པའི་ཕུགས་འདུན་གྱི་ལམ་ཐོག།
བྱམས་བརྩེའི་དཔལ་འབར་འདེགས་པོ་ཁྱེད་ཉིད་ལས་མ་འདས།།

བདེན་པའི་གནས་ལུགས་ཕོངས་པའི་བྱིས་པ་ཡི་སེམས་ལ།།
ཁྱེད་ཐུགས་སྤྲིན་བྲལ་ཀུན་གསལ་རབ་ཡངས་ཀྱི་ཀློང་ནས།།
ཀུན་སྙོམས་རིགས་པའི་སྦྲང་ཆར་ཟིམ་ཟིམ་དུ་འཇོ་བས།།
ཀུན་གྱི་མིག་ལ་མཛེས་པའི་འདབ་བརྒྱ་དེ་གྲོལ་བྱུང་།།
ཤེས་བྱའི་གཏེར་སྒོར་འབྱེད་པའི་དངུལ་དཀར་གྱི་ལྡེ་མིག།
བྱིས་བློ་མདུད་རྒྱ་འགྲོལ་མཁན་འཇིག་རྟེན་གྱི་དཔའ་བོ།།
ཁྱེད་ཀྱི་ཞབས་རྗེས་དཀར་པོ་འོད་སྣང་དང་བསྡོངས་ཏེ།།
རྟག་བརྟན་ལྷུན་པོ་ཇི་བཞིན་སེམས་དབུས་སུ་གནས་ངེས།།
ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༥ ཡི་དགེ་རྒན་ཉིན་མོ་ལ་གུས་འདུད་ཀྱི་ཚུལ་དུ་བྲིས་པའོ།

  
 

19.04.2018 03:58:37


 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -