ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

19.08.2011 12:01:22
ཁྲག་འཐུང་ཧེ་རུ་ཀ།

=======བཀའ་ཁྲིའི་མཛད་སྒོ་ལ་བྲིས་པའི་སྙན་དངགས།
དུས་ཚོད་ཀྱི་འཁོར་བསྐྱོད་ཀྱི་བར་སྲུབ་ནས་
བཞུར་འོང་བའི་སྐད་ཆ་རེ་རེ།
སུ་ཞིག་གི་ངོ་གདོང་ནས་ཟག་བཞིན་པའི་མིག་ཆུ་བཞིན།
གང་ཞིག་ནས་གཙང་བོའི་རྒྱུན་ཐག་བཞིན་འཐེན་འདུག

འདི་ནི་མི་རབས་གསར་པའི་གར་སྟེགས་སྟེང་ནས་
འཁྲབ་འོང་བའི་དེང་རབས་ཀྱི་ཞབས་བྲོ་རེད།
ཁ་སང་གི་གཏམ་རྒྱུད་ལ་
འདྲེན་བྱེད་ཀྱིས་རིག་རིག་ཏུ་ལྟ་བཞིན།
སུ་ཞིག་ལ་ཞེན་པ་ལོག་པ་ལྟ་བུའི་སུན་སྣང་འོག
ང་ནི་གར་སྟེགས་འོག་ནས་ཡར་འགྲེང་བཞིན་པའི་
ལྟད་མོ་བ་དེ་ཡིན་ནམ།
དེ་རིང་གི་མི་རབས་གསར་པ།
ནམ་ཡང་རྒྱལ་གྱུརད་ཅིག
2011-8-9ཉིན།

  བྱེས་འབྱོར་བོད་ཀྱི་རྩོམ་རིག
 

20.08.2011 04:53:22

མི་རབས་གསར་པ་རྒྱལ་བའི་རེ་སྨོན་ཁྲོད། །ཁྲག་འཐུང་ཧེ་རུ་ཀ་ཡི་སྙན་ཚིག་འབྲི། །བསོད་ནམས་ཁོ་བོས་ཀླག་པའི་མྱོང་ཚོར་གཉིས། །ཕན་ཚུན་ཅོ་འདྲི་བྱེད་སྙམ་ཕྱ་མོ་ཉུག

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -