ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

19.08.2011 11:56:57
ཁྲག་འཐུང་ཧེ་རུ་ཀ།

སྙིང་སྡུག་མའི་འཛུམ་ཀོང་དྲན་དུས།
-------------རང་ཉིད་དགའ་སའི་བུད་མེད་ཅིག་ཕ་ཡུལ་དུ་སོང་རྗེས་དྲན་བཞིན་ངུས།།
ཁྱེད་ཀྱི་གདོང་གི་འཛུམ་ཀོང་འདིས།
སུ་ཞིག་གི་སེམས་པ་དེ་ཁྱེར་བཞིན། གང་ཞིག་ཏུ་བཞུད་སོང་

སྙིང་སྡུག་མ། འུ་གཉིས། ལས་དབང་ངམ་སྟེས་དབང་ཞིག་གིས།
བར་ཐག་འདི་ལྟར་རིང་དགོས་པ་ནི་ལྷ་ཡིས་དཀའ་ཆད་ཅིག་ཡིན་ནམ།
ཡང་ན། གཤེན་རྗེས་ཀྱིས་ཁྲིམས་ཆད་ཅིག་ཕོད་པ་ཡིན།
འཇིག་རྟེན་ལ་སྙིང་པོ་མེད་པར་སུས་ཀྱང་ཤེས་ལ་སུས་ཀྱང་བསྡོམས་ཚིག་བཀོད་མྱོང་མོད།
འོན་ཀྱང་། བརྩེ་དུངས་ལ་སྙིང་པོ་མེད་ཟེར་མཁན་སུ་ཞིག་ཡོད། མདོར་ན།
ངས་ཁྱེད་ལ་བཅངས་ཟིན་པའི་སེམས་ཁོང་གི་ཚོར་རླབས་དང་། སྙིང་ཁམས་ཀྱི་འཕར་སྒྲ།
ཚོར་འདུའི་རླབས་རིས། འཁྱོག་པོའི་སེམས་ངོགས་ཀྱི་འཇིག་རྟེན་ཡོད་ཚད་གཡོས་སོང་
དོ་ནུབ། བདག་གཅིག་པུས། ས་སྲོད་ཀྱི་སྤྲིན་དམར་དེ་དག་ཕར་བསྐྱེལ་ཞོར།
ཁ་སང་བདག་གིས་སྲང་ལམ་ནས་ཉོས་པའི་ཆང་དམ་དེའི་ཁ་ཕྱེད་ཞོར། ཐ་མ་རྐང་གཅིག་ལ་མེ་སྒྲོན་བཞིན་
ས་མཐའ་ནས་ཁྱེད་ཉིད་ལ་བསམ་གཞིགས་བྱེད་བཞིན་ཡོད།
ཀྱེ་ཀྱེ། སྐྲ་རིང་མ་། ཡང་ན་སྙིང་སྡུག་མ། ད་ལྟ་ཁྱེད་གང་ཞིག་ན་འཚོ་བཞིན་ཡོད།
༢༠༡༡=༨=༡༣དགོང་མོ་ས་མཐའ་ནས་བྲིས།

  བྱེས་འབྱོར་བོད་ཀྱི་རྩོམ་རིག
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -