ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

14.08.2011 09:43:24
བྱ་ཁྲ་བསོད་ནམས།

གངས་ལྗོངས་གེ་སར་ཚང་གི་འགྲན་རྩོམ་གྱི་བྱ་དགའི་ཨང་རིམ་ནང་དུ་ཚུད་པའི་རྩོམ་ཡིག་རྩེ་ཕུད་བཅུའི་གསལ་བསྒྲགས། ཕྱི་ལོ་༢༠༡༡ལོའི་ཟླ་བ་༨་ཚེས་༡༤ཉིན་སེར་འབྲས་དགའ་གསུམ་ནས་རྩོམ་རིགས་ལ་ཐུགས་རྒྱུས་ཡོད་པའི་འཐུས་མི་རེ་དང་སྦེལ་ཀོབ་རྙིང་དགོན་རྣམ་གྲོལ་གླིང་ནས་འཐུས་མི་གཅིག

དེ་བཞིན་ཉེ་འཁོར་སློབ་གྲྭ་ཁག་ནས་སློབ་དགེ་གཉིས་བཅས་ཁྱོན་གཤམ་འཁོད་ལྟར་དཔྱད་འདེམས་དྲུག་སེར་སྨད་ཚ་བ་ཁང་ཚན་དུ་གདན་འདྲེན་ཞུས་ཏེ་དཔྱད་འདེམས་སྐོར་བ་གཉིས་པར་གངས་ལྗོངས་གེ་སར་ཚང་གི་འགྲན་རྩོམ་གྱི་བྱ་དགའི་ཨང་རིམ་ནང་དུ་ཚུད་པའི་རྩོམ་ཡིག་རྩེ་ཕུད་བཅུ་དཔྱད་འདེམས་བྱས་པ་གཤམ་གསལ་ལྟར་ཡིན།   དེ་ཡང་རྩོམ་ཡིག་རྩེ་ཕུད་བཅུ་ལས་ཨང་རིམ་དང་གཉིས་ཀྱི་བང་རིམ་མིན་པར་མཁྱེན་པར་མཛོད།
༡༽བཙུན་མ་བློ་བཟང་བྱང་ཆུབ།       ་་་་་་་་་་་་་་་ས་ར་མཐོ་སློབ།
༢༽ཨ་ལོད་ཚེ་རིང་།  ་་་་་་་་་་་་་་་་་་་་་་་་་་་་་་་་་་་ཝར་ན་མཐོ་སློབ།
༣༽དབྱངས་འབུམ་ཚེ་རིང་། ་་་་་་་་་་་་་་་་་་་་་་་་་་ཝར་ན་མཐོ་སློབ།
༤༽ཨུ་རྒྱན་བཀྲིས།   ་་་་་་་་་་་་་་་་་་་་་་་་་་་་་་་་་་་་བཀྲིས་ལྗོངས།
༥༽ཟླ་བ་བྱང་ཆུབ།   ་་་་་་་་་་་་་་་་་་་་་་་་་་་་་་་་་་་་འབྲས་སྒོ་མང།
༦༽འཇམ་དབྱངས་དོན་གྲུབ།  ་་་་་་་་་་་་་་་་་་་་་་་ཝར་ན་མཐོ་སློབ།
༧༽ ཁྲ་མིག་བསོད་ནམས་རྒྱལ།  ་་་་་་་་་་་་་་་་་་་་་ཝར་ན་མཐོ་སློབ།
༨༽དབང་ཆེན་རྡོ་རྗེ། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཝར་ན་མཐོ་སློབ།
༩༽ཞི་བདེ་ཟླ་བ།   ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་གྷོ་པ་ཕུག་སློབ་གྲྭ།
༡༠༽ཆོས་ཉིད་འོད་ཟེར།     ་་་་་་་་་་་་་་་་་་་་་་་་་་་་་རྡ་ས་བང་ཆེན།
ཀ༽  དཔྱད་འདེམས་པ།
༡༽  དགའ་ལྡན་དགེ་བཤེས་ཀླུ་སྒྲུབ་བཟོད་པ་ལགས།
༢༽འབྲས་སྤུངས་དགེ་བཤེས་འཇིགས་མེད་རྒྱ་མཚོ་ལགས།
༣༽སེ་ར་སོག་རྫོང་བཀྲིས་རྒྱལ་པོ་ལགས།
༤༽རྣམ་གྲོལ་གླིང་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལས་གཉེར་པ་འགྱུར་མེད་ལགས།
༥༽སྦེལ་ཀོབ་གཏན་སློབ་དགེ་རྒན་ཚེ་བརྟན་བཀྲིས་ལགས།
༦༽ཧུར་སུར་གཞིས་སློབ་དགེ་བློ་བཟང་བསྟན་རྒྱས་ལགས།
གངས་ལྗོངས་གེ་སར་ཚང་འགྲན་རྩོམ་གོ་སྒྲིག་པ་བྱ་ཁྲ་བསོད་ནམས་ནས།།

14.08.2011 23:11:09

གངས་ལྗོངས་གེ་སར་ཚང་གི་རྩོམ་འགྲན་གྱི་རྩོམ་སྒྲིག་པ་མཆོག་ལ་
ཆེད་གསོལ།
སྤྱིར་ངས་ཁྱེད་རང་དང་ཐོག་ཟིན་བྲིས་སྤེལ་སྟངས་དང་ཟིང་སློང་སྟངས་མཐོང་མ་ཉིད་ནས་ཉམས་མྱོང་དང་རིག་གནས་ཆུ་ཚད་མེད་ཁར་མིང་གྲགས་ལ་དགའ་བའི་མི་ཞིག་ཡིན་པའི་ཚོར་སྣང་བྱུང་ལ། བྱུང་པ་ནང་བཞིན་གངས་ལྗོངས་གེ་སར་ཚང་གིས་བོད་ཀྱི་བསྟན་དོན་ཐུགས་ལ་བཅངས་ནས་འགྲོ་གྲོན་ཕངས་མེད་དུས་བཏང་པའི་རྩོམ་འགྲན་དེ་ཁྱེད་ཀྱིས་དཔྱད་འདེམས་པ་འདེམས་སྒྲུབ་བཟོ་སྟངས་དེས་སྤྱི་ཚོགས་ན་གླེང་སློང་ཅན་ཆགས་ནས་ད་རྩོམ་འགྲན་སྟག་འདྲ་མོ་དེ་གོ་མེད་ཚོར་མེད་ཝ་མོ་ནང་བཞིན་ཆགས་ཟིན་པ་རེད། ད་རྩོམ་འགྲན་དེ་ཇི་ལྟར་བསྒྲགས་ཀྱང་བྲོ་མེད་མཁན་གྱུར་ཚར་པ་སྤྱི་ཚོགས་ཐོག་ཡོངས་གྲགས་རེད། ཁྱེད་ཀྱིས་རྣ་བ་ཕྱེ་ནས་སྤྱི་ཚོགས་ཐོག་གི་སྐད་ཆ་ལ་ཉོན་ན་ཤེས་ནི་རེད།
སྤྱིར་བཏང་དེ་རིང་དཔྱད་འདེམས་པ་ཁ་ཤས་ལ་རྒྱུས་མེད་ལ།ཁ་ཤས་ལ་རིག་གནས་ཀྱི་ཆུ་ཚད་ཡག་པོ་འདུག་ འོན་ཀྱང་དཔྱད་འདེམས་ཚར་ག་ཚོད་བྱས་ཀྱང་ཐོག་མའི་གསལ་བསྒྲགས་ཀྱི་འབྲུ་དོན་དང་འགལ་ཚར་པ་རེད་ལ། ད་ཁྱེད་ཀྱིས་དཔྱད་འདེམས་ཚར་ག་ཚོད་བྱ་རྩིས་ཡོད་མེད་དང་། དཔྱད་འདེམས་པ་ཚོ་ལ་དུས་ཚོད་ག་ཚོད་སྤྲོད་ཡོད་མེད། ད་དུང་དཔྱད་འདེམས་པ་ཚོར་རྩོམ་ཡིག་དང་མཉམ་རྩོམ་པ་པོ་ཡི་མིང་སྤྲོད་ཡོད་མེད་སོགས་ལན་གསལ་པོར་གནང་རོགས་།
ད་དུང་ཁྱེད་ཀྱིས་ལས་ཀ་བཟོ་སྟངས་རྦད་དེ་ནོར་ཚར་པ་རེད། ཁ་ལག་སྔོན་དང་ཕུར་པ་གཞུག་ཁྱེར་པ་ནང་བཞིན་རེད། གོ་མེད་ཚེར་མེད་བོང་གུའི་མཐེ་ལངས་པ་ནང་བཞིན་གསལ་བསྒྲགས་རེ་བཟོ་པ་དེ་ག་རེ་ཡིན་ཟེར་གྱིན་ཡོད་རེད།
ཧཧཧཧ

15.08.2011 00:53:01

ད་ནི་དངོས་གནས་གསར་བསྒྲགས་འདི་དག་མཐོང་ཡོང་དུས་སྐྱུར་མེར་འདྲ་ཞིག་ལང་ཡོང་གི་འདུག དྲང་ཐད་ནས་བཤད་ན་བདག་གི་རྩོམ་ཡིག་གཅིག་པའི་རིན་ཐང་ཉམ་པ་ཙམ་ལ་ཟེར་གྱིན་མེད། དེ་ཡིན་ན་དཀོན་མཆོག་དཔང་བཙུགས་ཆོག ངོ་མ་རེད། གསར་བསྒྲགས་དམིགས་བསམ་བ་ཞིག་བྱས་སོང་བས་ངེད་ཚོའི་མགོ་འབྲུག་འདྲ་དང་རྔ་མར་སྤྲུལ་ནང་བཞིན་བཟོ་རྒྱུ་ཡིན་པ་ནི་ཚང་མས་མཁྱེན་ཡོད་ཡོད་པ་རེད། ད་ནི་ཁྱེད་ཀྱི་དཔྱད་འདེམས་པ་གང་འདྲ་བྱས་ཀྱང་འདིའི་སྐོར་སྤྱི་ཚོགས་ཐོག་ཏུ་གླེང་སློང་ཤུགས་ཆེན་བཟོས་ཟིན་པ་རེད། ད་དུང་ཁྱེད་ཀྱིས་གདོང་པགས་མཐུག་པོ་འདི་གོན་ནས་རྡོ་ལྡན་གསུང་ཆོས་སྐབས་སུ་ཤོག་དང་མི་ཚོས་ཁྱེད་ཚོ་གོ་སྒྲིག་པ་ཚོར་ཅི་བཤད་ངས་བལྟ་ཆོག ད་ནི་ཚར་ཚར་བ་རེད་། གྲོགས་པོ་་་་ཧ་ཧ་སེར་བྱེས་རྩོམ་པ་པོ་དགེ་མཐོང་། དེ་ནས་ད་དུང་ཤོད་དང་། སུ་སུ་ཡོད་རེད་། ངོ་མ་སྙིང་རྗེ། ཨ་རིག་དགེ་མཐོང་ཟེར་བ་འདིས་རང་ཉིད་ཀྱི་རྩོམ་ཡིག་ཤོ་ལོ་ཀ་སྙན་པོ་ཞིག་འབྲི་ཤེས་པ་མཐོང་མྱོང་ངམ། ངས་ངོ་མ་དྲང་ཐད་ནས་བཤད་ཡོད། ད་དུང་སྐད་གྲགས་ཡོད་པའི་བཙན་བྱོལ་ནང་གི་རྩོམ་པ་པོ་གང་མང་ཞིག་གི་རྩོོམ་ཡིག་ཞུ་དག་བྱས་པ་འདི་དངོས་གནས་ཡུལ་ལོག་པ་ཡིན་ནམ་དུས་པ་ལོག་ཡིན། ངས་སྔོན་མ་ནས་འདི་ལྟར་ཞིག་ཐོས་མྱོང་། བཙན་བྱོལ་ནང་གི་ཚོགས་པ་ག་གེ་མོ་ཞིག་གི་རྩོམ་ཡིག་འགྲན་བསྡུར་ཡིན་པ་དང་བྱ་དགའ་ཆེན་པོ་ཡོད་ལུགས་བཤད་དེ་རྩོམ་པ་པོ་གང་མང་ཞིག་གི་རྩོམ་ཡིག་ཉར་ནས་རྗེས་སུ་རང་གི་རྩོམ་ཡིག་ཡིན་མདོག་བྱས་ཏེ་གོ་སྐབས་སྒུག་ཀྱིན་ཡོད་རེད་ཟེར་མཁན་ཞིག་ཀྱང་བྱུང་སོང་། ད་ནི་དངོས་གནས་འདི་ལྟ་བའི་རིགས་ཡིན་རྒྱུ་རེད་བསམ་པའི་དོགས་པ་ཤུགས་ཆེན་བྱུང་སོང་། ད་དུང་འདིའི་ཁ་བྱང་གང་འདྲ་ཁྱེར་འདུག རྩོམ་ཡིག་གི་བརྗོད་གཞི་གང་རེད་འདུག ངོ་མ་འདི་དག་གི་ལས་ཀ་ནི་དངོས་གནས་མི་སུ་ཡིན་ངོས་འཛིན་དགོས། རང་འགན་རང་གིས་ཁྱེར་མཁན་གྱི་རྩོམ་པ་པོ་ཞིག་ཡིན་ན་དེ་རིང་འདི་ནས་ངོ་མ་གླེང་དགོས། ད་དུང་དཔྱོད་ཅིག་ཅེས་གསེར་སྐྱེས་ཁང་གསར་ཚང་ཚེ་མཚོ་སྐྱིད་དམ་སྨྱུག་མིང་ལ་མྱི་དུག་གྲོལ་འབོད་པས་རྒྱ་གར་རྡ་རམ་ནས་བྲིས།།

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 
| -