ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

13.08.2011 01:56:06
སྤང་མདའ་ཚང་གི་ཁུན་སྒྲ

གླེང་བརྗོད།
ཐུ་བྷོད་ཤར་ཕྱོགས་སྟོབས་ཤུགས་དར་བའི་ངོ་མཚར་འབུམ་གྱི་ཉམས་འགྱུར་ལྡན། །
སྤུར་རྒྱལ་བཙན་པོའི་གནའ་སྲོལ་སྲུང་བའི་དཔའ་མཛངས་ཟིར་ངམ་ཁུར་གྱིས་དུད། །
གནས་ལུགས་ཟབ་མོའི་བ་དན་སྒྲེང་བཞིན་མེས་པོ་གོང་མའི་མཚན་བྱང་འདོན། །
གདོང་དམར་ཁ་བའི་རྒྱབ་རྟེན་འཚོལ་ཆེད་ལུས་སྲོག་ཟད་པའི་སྤང་མདའ་ཚང་། །


ཞེས་སྙན་ཚིག་གི་མདུན་བསུ་ནས་གང་འཆད་པ་བྱ་བ་ནི། གངས་རི་བསིལ་ལྡན་གྱི་ཞིང་དུ་བོད་ཤར་ཕྱོགས་སྨར་ཁམས་སྒང་ཀླུ་མི་མགོན་དཀར་མོའི་ཕོ་བྲང་དུ་གྲགས་པའི་ཁམས་ཀྱི་འབུམ་མཚོ་ཕྱུག་མོ་དང་ཆེས་ཉེ་བའི་ཆུ་བོ་ཆེན་མོ་འབྲི་ཟླ་གཉིས་ཀྱི་དབར་ན་གནས་པའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་དཔའ་མཛངས་གཉིས་ལྡན་ཕུལ་བྱུང་གི་མི་སྣ་སྤང་མདའ་དཔོན་གྱི་ལོ་རྒྱུས་ཤིག་དུས་ཀྱི་དགོས་མཁོ་དང་འབྲེལ་བའི་ཐོག་ནས་ཞུ་འདོད་སྐྱེས། སྤྱི་བཏང་སྤང་མདའ་ཞིག་པའི་མིང་དེ་ཡུལ་མིང་ཁྱིམ་ཚང་ལ་ཐོག་པ་ཞིག་ཡིན་པར་གྲགས། སྤང་མདའ་ཚང་ནི་འབངས་མི་ཁྲི་ཚོ་གཅིག་ལྷག་ཡོད་པའི་སྐུ་དྲག་ཞིག་རེད་ལ། བོད་ཡུལ་མདོ་དབུས་ཁམས་གསུམ་ན་ཡོངས་སུ་གྲགས་པའི་འབྱོར་ལྡན་ཞིག་ཀྱང་རེད། ཁོང་ཚང་ཆོས་སྲིད་གང་ཐད་ནས་རླབས་ཆེན་གྱི་བྱས་རྗེས་འཇོག་མྱོང་ཡོད་པ་མ་ཟད་ས་དགེ་བཀའ་རྙིང་གཙོས་པའི་རིས་སུ་མ་མཆེད་པའི་ཆོས་བརྒྱུད་ཁག་གི་བསྟན་པ་མཆོད་སྦྱིན་གྱི་བདག་པོ་ཞིག་ཏུ་ངོ་འཛིན་ནའང་མི་འགྲིག་པ་མེད། ཡིན་ནའང་སྤང་མདའ་ཚང་གི་ལོ་རྒྱུས་འདི་ཉན་ན་སྐབས་རེ་དགོད་བྲོ་ལ་སྐབས་རེ་ངུ་ཡང་བྲོ་བའི་རྙོགས་འཛིང་ཅན་གྱི་བྱུང་བ་ཞིག་ཡིན་ལ་སྐབས་རེ་བཙན་བྱོལ་ནང་དུ་མི་དྲག་རེ་ཟུང་ལ་ཡང་ཕོག་ཐུག་འགྲོ་ངེས་ཡོད། ཡིན་ནའང་འདས་པའི་བྱུང་བ་ལ་རང་བཟོའི་བསམ་བློ་དང་རྟོག་བཏགས་ཀྱི་སྦས་གསང་བྱེད་རྒྱུ་མེད་སྟབས་ད་ཡོད་ཀྱི་ལོ་རྒྱུས་བདེ་ཐེར་ཁག་ལ་ཁུངས་གཏུགས་ནས་བཤད་དགོས་པ་དེ་འོས་འགན་ཞིག་ཏུ་མཐོང་། མུ་འགོད།
  
 

13.08.2011 23:16:23

མུ་འགོད་གྱིས་དང་ཀློག་བགྱི་ཡིན། ཕུར་བ་སྟོབས་རྒྱལ་གྱིས་བརྩམས་པའི་སྨར་ཁམས་སྒང་གི་རྒྱལ་སྲུང་དམག་འཐབ་ལོ་རྒྱུས་ཟེར་བ་དེ་བཀླགས་མྱོང་བས་སུ་བདེན་ལྟ་ཆོག །།

 
 
14.08.2011 03:48:37

བཀྲ་རྣམས་ལ་བཀའ་དྲིན་ཆེ། འོན་ཀྱང་ངས་སྤང་མདའ་དཔོན་གྱི་ལོ་རྒྱུས་ཤིག་མུ་འགོད་བྱ་འདོད་ཡོད་ཅེས་པ་དེ་མི་རེ་ཟུང་ལ་ཆེད་དུ་གཉེར་ནས་རྒྱལ་ཕམ་གྱི་རྣམ་གཞག་བྱེད་ཆེད་མིན། དངོས་ཐོག་བདེན་འཚོལ་གྱི་ལམ་ནས་ལོ་རྒྱུས་འཁྲུལ་མེད་ཅེས་རྙེད་ཚེ་མ་འོངས་པའི་མི་རབས་གསར་པ་ཚོས་ཐུགས་དཔྱད་ལ་ཕན་ཐོག་ངེས་ཅན་ཡོད་པར་བསམ་ནས་འཆར་སྣང་འདིར་བཀོད་པ་ཡིན།

 
 
14.08.2011 11:48:54

སྤང་མདའ་ཚང་གི་ལོ་རྒྱུས་ནི་ཡིག་ཐོག་ཏུ་འཁོད་འོས་པ་ཙམ་མིན་པ་། ངེས་པར་འགོད་དགོས་པ་ཞིག་ལ་སོང་། ཁྱེད་ཀྱིས་མུ་འགོད་ལམ་ལྷོང་ཡོང་བར་སྨོན།།

 
 
14.08.2011 11:59:21

དཔང་མདའ་ལགས། ངས་ཞུས་པ་དེ་ཡང་དཔྱད་པ་བྱེད་བགྱི་ཡིན་ཞེས་པའི་དོན་ཡིན་པ་དང་ལོ་རྒྱུས་འཁྲུལ་མེད་ཤེས་འདོད་ཡོད་པའི་རྣམ་པ་བསྟན་པ་ལས་རྒྱལ་ཕམ་རྩོད་པའི་དོན་མིན་ལགས།།

 
 
14.08.2011 13:34:32

དོན་ཐོག་སྐད་ཆ་བཤད་པ་དང་བསམ་ཚུལ་དངོས་བརྗོད་པར་སྙིང་ནས་དགའ་བསུ་ཡོད་སླད་མ་ཡང་དེ་ལུགས་ཀྱི་དགོངས་འཆར་གསུང་རོགས།

 
 
15.08.2011 06:34:20

སྨར་ཁམས་སྤང་མདའ་ཚང་གིས་ རང་རྒྱལ་ལ་ལེགས་སྐྱེས་ཕུལ་བའི་ལོ་རྒྱུས་གང་ཞིག་ཡོད་ཞིབ་ཕྲ་གསུང་རོགས་རྣ་བའི་བུར་གར་ཕྱི་ལ་སྟོན་ཡོད།

 
 
15.08.2011 13:54:45

ཐུགས་རྗེ་ཆེ། རྣ་བའི་བུ་ག་ཕྱིར་སྟོན་ནས་ཉན་ཡོད་གསུང་པ་དེ་ཡག་པོ་ཡིན་མོད། འོན་ཀྱང་གཙོ་བོ་རང་སེམས་སྲོང་པོར་གནས་ནས་གསན་བཞེས་གནང་དགོས་རྒྱུ་དེ་ཐོས་ བསམ་གྱི་སྒྲོ་འདོགས་བཅད་པའི་གནས་སྐབས་སུ་ངེས་པར་དུ་དགོས་པའི་ཆོས་ཤིག་རེད། སོང་ཙམ་ཁོ་བོས་གང་ཤེས་པ་དང་མཐོང་ཐོས་མྱོང་གསུམ་གཙོ་འདོན་བྱེད་ནས་ལེགས་ སྐྱེས་ཕུལ་རབས་དང་ཉེས་པ་གསོགས་རབས་སོགས་ཆ་ཚང་གློ་བུ་ནད་ན་སོགས་མ་བྱུང་ཚེ་རྒྱ་ཆེ་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འབུམ་ཆོག

 
 
16.08.2011 08:29:56

དྲ་གྲོགས་སྤུན་ཟླ་ཁྱོད་ཀྱིས་བོད་ཡོངས་སུའང་ཚོང་དཔོན་ནོར་བཟའ་དུ་གྲགས་པའི་ཚོང་ཆེན་གྲལ་གྱི་སྤང་མདའ་ཚང་གི་ལོ་རྒྱུས་མུ་འགོད་བྱ་བར་རེ་སྒུག་བྱས་ཡོད།
དེ་བས་ངས་འདིར་དོན་མེད་ཅིག་བཤད་ན་ངའི་སློབ་གྲོགས་རྙིང་པ་སྤང་མདའ་ཚང་གི་ཚ་མོའམ་ཆབ་མདོ་ཡབ་ཚང་རྒྱུད་ཀྱི་བུ་མོ་བསོད་ནམས་དྲན་བྱུང།མོ་རང་ངའི་མཐོ་འབྲིང་གི་སློབ་གྲོགས་ལོ་གསུམ་ལ་བྱས་པ་ཡིན།

 
 
16.08.2011 13:13:39

བོད་མི་མང་སྤྱི་འཐུས་ཨ་ཅག་གངས་ལྷ་ལགས་ཁོ་བོའི་ཟིན་བྲིས་སྒང་ཕེབས་པར་འཚམས་འདྲི་ཞུ་རྒྱུ་ཡིན། སྐུ་ཉིད་སྤང་མདའ་ཚང་གི་ཚ་མོ་མཉམ་དུ་སློབ་སྦྱོང་མཉམ་དུ་བྱས་མྱོང་ཡོད་པའི་གནས་ཚུལ་དེར་ཤིན་ཏུ་དགའ་ཚོར་བྱུང་། སྐུ་ཉིད་ལ་སྤང་མདའི་ཚ་མོར་འབྲེལ་གཏུགས་གནང་སར་ཡོད་ཚེ་བདག་ལ་གནང་རོགས། མ་ཟད་སྤང་མདའ་ལོ་རྒྱུས་འཁོད་པའི་ཡིག་ཆ་རིགས་བདག་ལ་ངོ་སྤྲོད་གནང་རོགས།

 
 
05.04.2019 08:27:50


 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -