ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

07.08.2011 14:33:08
མྱི་རྡོ།

སྐུ་དྲག་དཔོན་རྒྱུད་མིང་སྐམ་མ་ཁྱེར་ཞིང་། །
རྒྱུ་དང་འབྱོར་བའི་ལྐོག་ནས་མ་བསླུས་པར། །
ངལ་བརྒྱས་བཀྲུན་བའི་ཤེས་རིག་འོད་སྣང་འདིས། །
ཆེས་མཐོའི་སྲིད་སྐྱོང་བཞུགས་ཁྲི་མཛེས་པར་བྱས། །

དེང་སྲོལ་མཁས་ཟེར་སྙན་པ་སྒྲོགས་ཀྱང་སྲིད། །
གནའ་སྲོལ་མི་མཁྱེན་སྨོད་པ་བྱེད་ཀྱང་སྲིད། །
བླ་མ་མིན་པས་ཡིད་ཆེས་མེད་ཀྱང་སྲིད། །
ཐམས་ཅད་མགུ་བ་འཇིག་རྟེན་འདི་ན་མེད། །
འཆི་མ་གསོན་དུ་ལུས་པའི་བོད་དོན་འདི། །
ཕྱག་སྟོང་སྤྱན་རས་གཟིགས་ཀྱིས་བསླུ་དཀའ་ན། །
ཕྱག་གཉིས་བློ་བཟང་སེང་གེས་བདེ་བླག་ཏུ། །
ལེན་པར་བསམ་ན་བྱིས་པའི་བློ་ལས་ཅི། །
དབུ་མ་རང་བཙན་ཆོས་བཤད་མ་བྱས་གོང་། །
སྟོང་ལ་ཉེ་བའི་གངས་རིའི་མི་འུ་དང་། །
ནུབ་ལ་ཉེ་བའི་བྷོ་ཊའི་ཕ་སྐད་གཉིས། །
འཕྲལ་དུ་བསྐྱབ་རྒྱུ་ཐོག་མའི་འོས་འགན་སྙམ། །

  
 

12.08.2011 08:42:11

ཁོ་རེ། མྱི་རྡོ། མཚར་པོ་ཞིག་བྲིས་འགི ད་དུང་ཟ་དང་ཟུར་ནས་མེ་སྟག་བཞིན་ཚ་ཚར་དུ་མངག་འགི འོ་རེད། ༼འཆི་མ་གསོད༽འཆི་མ་གསོན་བྲིས་ཡིན་ངེས། གཟིགས་དང་།

 
 
14.08.2011 15:11:39

འཆམ་ར་ལགས་རེད་རེད། ༼གསོན་༽རེད།
བདེན་གཏམའདྲ་ཞིག་བཤད་ཁ་བྱསཔ་ཡིན།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -