ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

མཁར་སྒང་བསོད་ནམས་དབང་ལྡན།
༄༅། །འདུལ་བའི་ལྔ་ཕྲུགས་ཀྱི་རེའུ་མིག་བཞུགས་སོ། །
06.08.2011 12:37:03

༄༅། །འདུལ་བའི་ལྔ་ཕྲུགས་ཀྱི་རེའུ་མིག་བཞུགས་སོ། །འདིར་བཀོད་པ་ནི་རང་གི་བརྗེད་བྱང་དུ་བྱས་པ་ཙམ་སྟེ། དོན་གཉེར་ཅན་གཞན་ལའང་ཅུང་ཟད་ཕན་ནམ་སྙམ་ནས་དྲྭ་ཐོག་ཏུ་བཀོད་པའོ། །


 

ཨང་

ལྔ་ཕྲུགས་ཀྱི་མིང་།

ཡན་ལག་རང་དབང་ཅན།

ཡན་ལག་གཞན་དབང་ཅན།

ལོ་བཅུ་ལོན་པའི་ལྔ་ཕྲུགས།

༡ ལོ་བཅུ་ལོན་པ། ༢ ནད་གཡོག་དང་། ༣ འགྱོད་པ་བསལ་བ། ༤ སྡིག་ལྟ་སྤོང་བ། ༥ གནས་མི་དགའ་བ་འདོར་བ།

 

འཛིན་པའི་ལྔ་ཕྲུགས།

༡།༢།༣ སྡེ་སྣོད་གསུམ་གྱི་ཚིག་དོན་མི་བརྗེད་པར་འཛིན་པ།

༤ ཚུལ་ལྡན། ༥ ༼ཐུན་མོང་བའི་བསྟན་བཅོས་༽མང་ཐོས།

མཁས་པའི་ལྔ་ཕྲུགས།

༡།༢།༣ སྡེ་སྣོད་གསུམ་གྱི་ཚིག་དོན་མ་འདྲེས་པར་འབྱེད་ནུས་པ།

༤ ཚུལ་ལྡན། ༥ ༼ཐུན་མོང་བའི་བསྟན་བཅོས་༽མང་ཐོས།

རིག་པའི་ལྔ་ཕྲུགས།

༡།༢།༣ ལུང་རིགས་དང་མི་འགལ་བར་སྡེ་སྣོད་གསུམ་རྩོམ་ནུས་པ།

༤ ཚུལ་ལྡན། ༥ ༼ཐུན་མོང་བའི་བསྟན་བཅོས་༽མང་ཐོས།

གསལ་བའི་ལྔ་ཕྲུགས།

༡།༢།༣ སྡེ་སྣོད་གསུམ་ཕྱིན་ཅི་མ་ལོག་པར་སྟོན་ནུས་པ།

༤ ཚུལ་ལྡན། ༥ ༼ཐུན་མོང་བའི་བསྟན་བཅོས་༽མང་ཐོས།

འཛིན་འཇུག་གི་ལྔ་ཕྲུགས།

༡།༢།༣ སྡེ་སྣོད་གསུམ་གཞན་ལ་འཛིན་དུ་འཇུག་ནུས་པ།

༤ ཚུལ་ལྡན། ༥ ༼ཐུན་མོང་བའི་བསྟན་བཅོས་༽མང་ཐོས།

བསླབ་པ་གསུམ་ལ་སློབ་པའི་ལྔ་ཕྲུགས།

༡ ལྷག་པ་ཚུལ་ཁྲིམས། ༢ ལྷག་པ་ཏིང་ངེ་འཛིན། ༣ ལྷག་པ་ཤེས་རབ་ཀྱི་བསླབ་པ་གསུམ་ལ་རང་གིས་སློབ་པ།

༤ ཚུལ་ལྡན། ༥ ༼ཐུན་མོང་བའི་བསྟན་བཅོས་༽མང་ཐོས།

བསླབ་པ་གསུམ་ལ་སློབ་འཇུག་གི་ལྔ་ཕྲུགས།

༡།༢།༣ ལྷག་པའི་བསླབ་པ་གསུམ་ལ་གཞན་སློབ་ཏུ་འཇུག་ནུས་པ།

༤ ཚུལ་ལྡན། ༥ ༼ཐུན་མོང་བའི་བསྟན་བཅོས་༽མང་ཐོས།

ལྷག་པའི་སྤྱོད་སོགས་གསུམ་ལ་སློབ་པའི་ལྔ་ཕྲུགས།

༡ ལྷག་པའི་སྒྲས་བསྟན་པའི་སྤྱོད་པ། ༢ འདུལ་བ། ༣ སོ་ཐར་རྣམ་གསུལ་ལ་རང་གིས་སློབ་པ།

༤ ཚུལ་ལྡན། ༥ མདོ་མངོན་མང་ཐོས།

༡༠

ལྷག་པའི་སྤྱོད་སོགས་གསུམ་ལ་སློབ་འཇུག་གི་ལྔ་ཕྲུགས།

༡ ལྷག་པའི་སྒྲས་བསྟན་པའི་སྤྱོད་པ། ༢ འདུལ་བ། ༣ སོ་ཐར་རྣམ་གསུལ་ལ་གཞན་སློབ་ཏུ་འཇུག་ནུས་པ།

༤ ཚུལ་ལྡན། ༥ མདོ་མངོན་མང་ཐོས།

༡༡

ཕུན་ཚོགས་གོང་མའི་ལྔ་ཕྲུགས།

༡ དད་པ། ༢ ཚུལ་ཁྲིམས། ༣ འདུལ་མང་ཐོས། ༤ གཏོང་བ། ༥ ཤེས་རབ།

 

༡༢

ཕུན་ཚོགས་འོག་མའི་ལྔ་ཕྲུགས།

༡ ཚུལ་ཁྲིམས་ཀྱི་མིང་གིས་བསྟན་པའི་འདུལ་དོན་ཤེས་པའི་ཐོས་པ།  ༢ ཏིང་འཛིན། ༣ ཤེས་རབ། ༤ རྣམ་གྲོལ། ༥ ཤེས་མཐོང་།

 

༡༣

དྲན་ལྡན་གྱི་ལྔ་ཕྲུགས།

༡ དྲན་པ་ཉེར་བཞག་གིས་བསྡུས་པའི་དྲན་པ།

༢ བརྩོན་འགྲུས། ༣ མདོ་མངོན་ཐོས་པའི་ཤེས་རབ། ༤ ཚུལ་ལྡན། ༥ འདུལ་བ་མང་ཐོས།

༡༤

ནང་དུ་ཡང་དག་འཇོག་གི་ལྔ་ཕྲུགས།

༡ བྱིང་རྒོད་དང་མ་བྲལ་བའི་ནང་དུ་ཡང་དག་གཞག་པ།

༢ ནས་ ༤ བར་དྲན་ལྡན་གྱི་ལྔ་ཚན་དང་འདྲ།

༡༥

མཉམ་གཞག་གི་ལྔ་ཕྲུགས།

༡ བྱིང་རྒོད་དང་བྲལ་བའི་མཉམ་པར་གཞག་པ།

༢ ནས་ ༤ བར་དྲན་ལྡན་གྱི་ལྔ་ཚན་དང་འདྲ།

༡༦

སློབ་པའི་ལྔ་ཕྲུགས།

༡ ཟག་མེད་ཀྱི་ཚུལ་ཁྲིམས། ༢ ཏིང་འཛིན། ༣ ཤེས་མཐོང་ལས་གཞན་པའི་ཤེས་རབ། ༤ རྣམ་གྲོལ། ༥ ཤེས་མཐོང་།

 

༡༧

མི་སློབ་པའི་ལྔ་ཕྲུགས།

༡ ཟག་མེད་ཀྱི་ཚུལ་ཁྲིམས། ༢ ཏིང་འཛིན། ༣ ཤེས་མཐོང་ལས་གཞན་པའི་ཤེས་རབ། ༤ རྣམ་གྲོལ། ༥ ཤེས་མཐོང་།

 

༡༨

བྱུང་ཤེས་ཀྱི་ལྔ་ཕྲུགས།

༡ བྱུང་བ་ཤེས་པ། ༢ བཅས་པ། ༣ རྗེས་བཅས། ༤ བཀག་པ། ༥ གནང་བ་བཅས་མངོན་པར་ཤེས་པ།

 

༡༩

གཏན་དུ་གནས་འཆའ་བའི་ལྔ་ཕྲུགས།

༡ གཞན་ལ་གཏན་དུ་གནས་འཆར་འཇུག་ནུས་པ།

༢ བར་གཅོད་ཤེས་པ། ༣ བར་གཅོད་མིན་པ་ཤེས་པ། ༤ དེ་གཉིས་གཞན་ལ་བསྟན་པ། ༥ རྗེས་སུ་སྟོན་པ།

༢༠

འཆར་འཇུག་གི་ལྔ་ཕྲུགས།

༡ རེ་ཞིག་གི་གནས་འཆར་འཇུག་ནུས་པ།

༢ ནས་ ༤ བར་གོང་དང་འདྲ།

༢༡

ལྟུང་ཤེས་ཀྱི་ལྔ་ཕྲུགས།

༡ ལྟུང་བ། ༢ ལྟུང་བ་མ་ཡིན་པ། ༣ ཡང་བ། ༤ ལྕི་བ་རྣམས་ཤེས་པ། ༥ སོ་ཐར་དང་ལུང་སྡེ་བཞི་བློ་ལ་ཐོན་པ།

 

༢༠༡༡།༧།༣༠



བརྗོད་གཞིའི་རིགས་བཀར་བ།: ནང་ཆོས་སྐོར།


 

07.08.2011 05:29:31

གདམ་ས་ཁག་ཏུ་བཤད་སྲོལ་ལ 《སྡོམ་པ་ཡོད་དུས་འདུལ་བ་མེད། །འདུལ་བ་ཡོད་དུས་སྡོམ་པ་མེད།》 ཟེར་སྲོལ་འདུག་་་དེའདྲ་ཞིག་རེད་དམ།
ལན།
 
07.08.2011 05:50:55

ལྔ་ཕྲུག་ཉེར་གཅིག་དེ་རིང་ཤེས་པ་འདྲ་ཧཧ
ད་ཡིན་ན་འདུག་འདུལ་བསྡོམས་སྐྱོ་ཡོང་གི་འདུག་ཧཧཧཧཡང་དེ་ལས་ཉིན་གཅིག་གཞན་ཞིག་གི་མཛོད་སྐྱོ་ཡོང་
ལན།
 
07.08.2011 14:05:24

མྱི་རྡོ་དང་བསྟན་འཕགས་གཉིས་ཕེབས་པར་དགའ་བསུ་ཞུ། ངས་འདི་རིགས་གནས་འདིར་བཀོད་པའི་དགོས་དམིགས་ནི། གཙོ་བོར་དོན་གཉེར་ཅན་འགའ་རེ་ལ་ཕན་པའི་ཆེད་དུ་ཡིན། འོན་ཀྱང་དོན་མེད་རེད་འདུག་བསམས་ན། སྐྱོན་ཆ་ཐེར་འདོན་གནང་བའི་འབོད་སྐུལ་ཞུ། སྡོམ་པ་ཡོད་དུས་འདུལ་བ་མེད། །འདུལ་བ་ཡོད་དུས་སྡོམ་པ་མེད། །ཟེར་བའི་གནས་སྟངས་ཚབས་ཆེན་དེ་འདྲ་ནི་གདན་ས་ཆེན་པོ་རྣམས་སུ་དཀོན་པོ་ཡིན་རྒྱུ་རེད། དེ་རིགས་འཁྱམས་པོ་འགའ་ཤས་ལ་ཡོང་སྲིད་པ་ཞིག་རེད་་་་་་་་་་་་་ཧཧཧཧཧཧཧཧཧཧཧཧཧ
ལན།
 
08.08.2011 02:55:22

གྲོགས་དབང་ལྡན་ལགས་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ་ཞུ་རྗེས་མ་ལ་དེ་འདྲ་གཏང་རོགས་རྣམས་
ལན།
 
11.08.2011 07:36:23

དམ་ཆོས་འདུལ་བའི་ལྔ་ཕྲུག་ཉེར་གཅིག་རེའུ་མིག་ནང་ཚུལ་བཞིན་བསྒྲིགས་པ་འདི་རྣམ་པ་གསར་པ་དང་། གོ་བདེ་ངོ་སྤྲོད་སླ་བའི་ཐབས་ཤེས་ལེགས་པོ་ཞིག་ཏུ་བདག་མཐོང་། རྗེས་སུ་ཡང་དམ་པའི་ཆོས་ཀྱི་རྣམ་གྲངས་ཁག་རེའུ་མིག་ཏུ་བསྒྲིགས་ནས་འགོད་ཐུབ་ན་དགེ་མཚན་ཆེའོ་སྙམ། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ལན།
 
12.08.2011 14:04:13

གྲོགས་པོ་སྡེ་དགེའི་བུ་ཆུང་དང་ལི་ཐང་བློ་བསྟན་ལགས་གཉིས་ཕེབས་པར་དགའ་བསུ་ཞུ། རྣམ་པ་གཉྀས་ཀྱིས་རེ་སྐུལ་གནང་བ་ལྟར་ཕྲན་གྱིས་ཀྱང་མི་རིང་བར་རེའུ་མིག་གཞན་གཏོང་འཆར་ཡོད་པས་དེ་དུས་གཟིགས་ནས་སྐྱོན་ཆ་ཡོད་ན་ཐེར་འདོན་གནང་བ་ཡང་ཞུ།
ལན།
 
05.05.2018 23:05:17

ལན།
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -