ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

06.08.2011 11:43:11
ཁྲུང་ཁྲུང་དཀར་པོའི་བུ།

བོད་གཞུང་བོད་མིའི་སྒྲིག་འཛུགས་འགྱུར་བ་འདི།།
གནམ་ནས་ཟག་དང་ས་ནས་སྐྱེས་པ་མིན།།
རྒྱུན་རིམ་ཧ་ཅང་ལྡན་པའི་བཙན་འོག་ནས།།
ཟློག་མེད་སྲོག་གི་རེན་ཐང་ཆད་པ་མཐོང་།།

ཕ་ས་དགྲ་ལ་ཤོར་བའི་བཙན་བྱོལ་བ།།
རང་ས་རང་བདག་མེད་པའི་གཞིས་བཞུགས་སྤུན།།
གནས་སྐབས་རང་སྲོག་འཚོ་ཙམ་མ་བཞུགས་པར།།
འཇིག་ཉེར་ཁ་བའི་ལས་ལ་ཐུགས་བསམ་བཞེད།།
རང་དབང་འཐབ་རྩོད་བྱེད་པའི་རྣམ་པ་འདི་།།
ཚོང་དཔོན་ཞིག་གི་ཚོང་དང་འདྲ་ཡོད་ན།།
ཚོང་ཟོག་རང་ལག་མ་སླེབས་སྔོན་དུས་སུ།།
ཅ་དངོས་གཞན་ལག་ཤོར་བའི་ཕམ་ཚོང་མཐོང་།།
ཆིངས་ཡིག་དོན་ཚན་བཅུ་དྲུག་བཞག་པ་ནས་།།
རྒྱ་བོད་འབྲེལ་མོལ་བྱེད་པའི་ཁ་ཕྱོགས་སུ།།
ཆོས་སྲིད་ལས་ཀྱི་ཕན་འབྲས་མ་སོན་པས།།
ཞི་བའི་སྐད་འབོད་བོད་མིའི་མཚོན་ཆ་ཡིན།།
རྒྱ་གར་རང་དབང་ལུང་པའི་ས་གནས་འདིར།།
བོད་གཞུང་ལབ་ན་མ་འགྲིག་གནས་ལུགས་ལྡན།།
ནམ་ཞིག་བོད་ཡིན་ལབ་ན་མ་འགྲིག་པར།།
ཧ་ལམ་རྒྱ་ཡིན་ལབ་དགོས་མི་ཡོང་དོགས།།
བསྟན་སྟོས་གནས་ལུགས་འདི་དག་ཐོག་མ་ནས།།
བོད་མིའི་སེམས་ལ་བང་རིམ་མེད་པའི་རྐྱེན།།
རྒྱལ་ཡོངས་ཚོགས་ཆེན་ནང་གི་འབོད་སྒྲ་དེ།།
སྤྱི་འཐུས་གྲོས་ཚོགས་ཁང་གི་ངོས་ལེན་མེད་།།
སྒེར་དོན་ཧེན་སྒོར་འགའ་ལ་རྩོད་པ་རྒྱབ།།
དཔུང་སྒྲིགས་ས་རྟག་གྲོད་ཆོད་ནང་དུ་འཁྱེར།།
མཐའ་མ་གྲོས་ཚོགས་འཐོར་བའི་སྤྱི་འཐུས་ཚོས།།
དེ་ལ་གྲོས་འཆམས་བྱུང་བ་ཡ་མཚན་རེད།།
དོན་ཆེན་དོན་ཆུང་མེད་པར་སྤྱི་འཐུས་ཚོས།།
དམངས་ཀྱི་འདོད་དོན་རེ་བའི་རླུང་ལ་བཀུར།།
ནག་ཉེས་གླེང་ན་༧རྒྱལ་བ་བཀའ་ཤག་ཅེས།།
ལག་པ་ཕྱིས་ས་བྱེད་པའི་དོན་འདི་ཕམ།།
ཚོགས་གཙོའི་ཁ་ནས་རང་དབང་མེད་མདོག་དང་།།
ཚོགས་གཞོན་ཁ་ནས་བློ་ཕམ་ཡོད་ལུགས་སོགས།།
ཐེངས་འདིའི་རྩ་ཁྲིམས་དོན་ཚན་གང་བཞག་པར།།
ཁྲིམས་དང་མཐུན་པའི་དོན་ཚན་ཧ་ལམ་མེད།།

  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
 

06.08.2011 22:43:49

བཀའ་ཁྲིས་གཟན་ཐུ་སྐུ་ཕྲག་ཡང་འཛར་བྱེད།
ཞལ་ངོ་རྫ་རིར་སྨུག་པ་འཁྲིགས་ལྟར་སྟོན།
གྲོས་ཚོགས་འཐུས་མའི་སྣ་ནས་སུར་ཙམ་ཞིག
མི་ཐོན་བྱེད་པོ་བཀའ་ཁྲི་དེ་ལ་འདུད།།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -