ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

04.08.2011 14:02:09
མྱི་རྡོ།

དེ་རིང་ནི་བོད་ཟླ་དྲུག་པའི་ཚེས་ལྔ་དང་སྤྱི་ལོ་༢༠༡༡་ཟླ་༨་པའི་ཚེས་༤་ཉིན་མོ་འདིར། ས་གནས་ཀུ་ལུ་མ་ན་ལིའི་མངའ་ཁོངས་སུ་ཡོད་པའི་སྤང་སྒང་རི་ཁྲོད་དུ་ཡང་སྲིད་ཁྲི་འདོན་གྱི་མཛད་སྒོ་ཟབ་རྒྱས་ཤིག་འཚོགས་ཀྱིན་འདུག སྤྱིར་རི་ཁྲོད་འདི་ཉིད་སྔ་འགྱུར་རྙིང་མའི་ཆོས་རྒྱུད་འཛིན་པ་(རྨེ་བ་མཁན་ཆེན་ཐུབ་བསྟན་འོད་ཟེར་དཔའ་བཟང་པོ་མཆོག་)གིས་ཕྱག་བཏབ་ཅིང་སློབ་རྒྱུན་གཙོ་བོ་བཙུན་མ་དང་ཐོས་བསམ་སྒོམ་གསུམ་ལས་སྒོམ་པ་གཙོ་ཆེར་གནང་སའི་རི་ཁྲོད་མཐོང་ན་སྤྲོ་བ་ཞིག་རེད།

བར་ལམ་ཕྱི་ལོ་༢༠༠༠། ཟླ་བ་༩། ཚེས་༢༠་ཉིན་མཁན་ཆེན་གང་ཉིད་དགོངས་པ་བཤེགས་ཏེ་ལོ་གཅིག་གི་རྗེས་སུ་འཁྲུངས་ཞིང་ཡབ་ཁུ་ནུ་བ་ཕུན་ཚོགས་སྟོབས་རྒྱལ་དང་ཡུམ་རྒྱ་གར་ཁམས་པ་ཚེ་རིང་སྒྲོལ་མའི་{སྲས་འཇིགས་མེད་བསྟན་འཛིན་འགྱུར་མེད་}ཡང་སྲིད་དུ་གཏན་ཁེལ་ཞིང་། དེ་རིང་ཨ་བྲ་ཆུང་ཡང་སུག་བཞི་ཚང་ཟེར་བ་ལྟར་འདུས་སྡེ་ཆུང་ངུ་ཞིག་གིས་ངོས་ནས་བཤད་ན་བྱ་དཀའ་བའི་ཁྲི་འདོན་གྱི་མཛད་སྒོ་ཆེན་པོ་ཞིག་དངོས་སུ་འདུ་བགྱིས་འདུག་སྙམ།

མཛད་སྒོའི་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་དང་། སྤྱི་འཐུས་ཚོགས་གཞོན། ས་གནས་རང་གཞུང་གི་གནད་ཡོད་མི་སྣ་ཁག  རྙིང་མའི་མ་དགོན་ཆེན་པོ་དག་གི་སྐུ་ཚབ་ཀྱིས་མཚོན་པའི་སྐུ་དྲག་དག་ཀྱང་མི་ཉུང་བ་ཞིག་ཕྱག་ཕེབས་འདུག་ལ། མགོ་ལ་མེ་ཏོག་ཙམ་པ་ཀས་བརྒྱན་པའི་ཡབ་རྒྱུད་ཀྱི་གཉེན་ཉེ་ཡུལ་མི། ལུས་ལ་བོད་གོས་གྱོན་ཞིང་གདོང་མཚལ་ཐིག་བཏབ་པའི་ཡུམ་རྒྱུད་ཀྱི་ཉེ་བཞི་རྩ་ལག་ཕལ་ཆེར་མ་ཚང་བ་མེད་པར་འཛོམས་ཡོད་པར་སྣང་།

རྒྱུན་ལྡན་གྱི་གནས་སྟངས་དང་མཚུངས་པར་འདི་གར་ཧི་མ་ལའི་ཉིན་སྲིབ་ཀྱི་དད་ལྡན་པ་དད་པའི་གདན་གཏིང་ཞིང་དད་པའི་གོས་གྱོན་མཁན། དད་པ་དང་མ་ངོ་མཉམ་དུ་ཤེས་པའི་མི་ཚོགས་ཀྱི་འདུ་འཛོམས་ཧ་ཅང་ཆེ་ཡང་ཆར་པ་ཤུགས་ཀྱིས་བྱོ་སྟེ་རྒན་བྱིས་དག་ལ་བརྡབ་གསིག་མི་ཆུང་བ་ཞིག་ཀྱང་བྱུང་སོང་། ། http://neytramo.blogspot.com/

ཞོར་དེར་ཁོ་བོའི་དྲྭ་བ་འདིར་གཟིགས་ཙམ་གནང་སྟེ་དགོངས་འཆར་ཡོང་བར་ཞུ།


  
 

05.08.2011 10:42:36

མྱི་རྡོ་ལབ་དགོས་མིན་འགྲོ ཧཧཧ། གནས་ཚུལ་ཡག་པོ་ཞིག་སྤེལ་འདུག་དགའ་བསུ་ཞུ། འདིའི་སྐོར་འདི་གསར་འགྱུར་བརྒྱད་ལམ་ཁག་གི་ནང་ལ་ཐོན་མི་འདུག རེད། དགོན་འདིར་གྲྭ་བཙུན་གྱི་འདུས་སྡེས་སྒོམ་སྒྲུབ་ཀྱི་ལས་ལ་འབད་འབུངས་བྱེད་ཀྱིན་པའི་ཡི་རང་གི་སྐད་ཆ་འགའ་ཐོས་མྱོང་། དགོན་པ་འདི་བཏབ་མཁན་གྱི་ཡོངས་གྲགས་ནི། མཁན་པོ་ཐུབ་བསྟན་ཞུ་བ་ཁོང་རེད་དྲན། ལགས་སོ། དེ་ཙམ་ཡིན། འོ་རེད། འདིར་གྲྭ་བཙུན་ཚོས་གྲྭ་བཤག་སྟོབས་ཆེན་འགའ་རྒྱབ་ཡོད་པའི་སྐད་ཀྱང་གོ་སོང་ཧཧཧ དེ་ཚོ་ལྟད་མོ་རིག་སོང་ངམ།

 
 
07.08.2011 05:19:43

གྲོགས་འཆམ་ར་བ་ལགས་དགོངས་ཚུལ་གསུངས་བར་དགའ་ཡོད།
ང་ཚོའི་བླ་ཆེན་མི་ཆེན་ཚོར་མཚན་ཁོ་ནར་༼ཤོག་ཁ་༽གང་རེ་ཡོད་པ་བཞིན་ངས་འདི་གར་མཁན་པའི་མཚན་ཆ་ཚང་དྲངས་བསྡད་པ་ཡིན།
ཡོངས་གྲགས་སུ་མཁན་པོ་ཐུབ་བསྟན་ནམ་སྤང་སྒང་མཁན་པོ་ཞུ་བ་རེད། གྲྭ་ཤག་གསར་པ་སྟོབས་ཅན་དག་བརྒྱབ་ཡོད་པ་ཚོར་མ་སོང་།
ཕལ་ཆེར་རྣམ་གྲོལ་གླིང་གི་བཀོད་པ་དག་བློ་ངོར་གོམས་ཡོད་རྐྱེན་མིན་འགྲོ མ་གཞི་གྲྭ་ཤག་ཨོ་ཙམ་མང་པོ་འདུག
སྤྱིར་ན་ང་དང་རླངས་འཁོར་མི་འཕྲོད་ཅིང་འདུ་འཛོམས་དང་དྲག་ཆར་དེ་བས་མི་འཕྲོད་པའི་གནས་སྟངས་འོག་ལྟད་མོ་སྐོར་གཡེང་བྱ་བའི་ཡི་
ག་ཁྱོན་ནས་མ་བྱུང་། ངོ་མ་ཅན་གྱི་གཅིག་དཀའ་སོང་། ལམ་རིང་ལམ་དུ་སྐྱུག་པས་ཆག་ཆག་བཏབ་ཅིང་སོང་།

 
 
07.08.2011 07:56:05

ཧཧ། མྱི་རྡོ། ཁྱོད་ག་སོང་ས་ན་སྐྱུག་པ་དང་། ག་བསྡད་ས་ལ་སྐྱག་པ་རང་རེད། ཧཧཧ། རྩེད་མོ་ཡིན། སྐབས་དེར་སློབ་གྲོགས་རྙིང་པ་འདྲ་འགའ་ཡོད་ན་སྐྱིད་པོ་ཡོད་ངེས་རེད་ལགས། སྤྱིར་ན་མུན་ནག་གླིང་གི་གཡས་གཡོན་དུ་ས་འགག་འཕྲང་དང་། ལམ་ཀྱག་ཀྱོག་རང་རེད། རླངས་འཁོར་ནང་ལ་མི་ཕལ་མོ་ཆེ་ན་ནས་སྐད་ཤོར་གྱི་འདུག དེར་མཁན་པོ་མར་དོན་སོགས་ཡོད་ཚོད་འདུག་པས་ཐུག་སོང་ངམ། ངས་གྲྭ་བཤག་ལབ་དོན་ནི། སྒེར་སོ་སོས་གྲྭ་བཤག་བརྒྱབ་ནས་འཚོ་བ་རང་འཕེལ་བོད་ནང་གི་དགོན་ལྟར་ཡིན་ཚོད་འདུག་པས་ལབ་ཡིན་ལགས།

 
 
07.08.2011 16:17:26

འཆམ་ར་བ་ཁྱེད་ཀྱིས་ང་ཚོའི་ས་གནས་འདིར་མིང་ངན་མུན་ནག་གླིང་ཟེར་བ་དེ་འདྲ་མ་འདོགས་རོགས། ཧ་ཧ་ཧ་ཧ་སྐུ་རྩེད་ཡིན།
ངོ་ཤེས་རྙིང་པ་འགའ་དང་ཐུགས་སོང་། ཁུ་ནུ་རྒྱ་བོ་དང་། བཀྲ་ཤིས་རྡོ་རྗེ། རྣམ་གླིང་དྲུང་ཡིག་མཁན་འཇམ་རྡོ།
ད་རུང་་་་་་ག་ན་མིང་མ་ཤེས་པའི་གྲྭ་པ་འགའ་ཡང་འདུག འོ་་་་་ཏག་ཏག་རེད་མཁན་པོ་ཚོས་གྲྭ་ཤག་ཕོ་བྲང་དང་འདྲ་བ་འགའ་
བརྒྱབ་ཡོད་ཚོད་འདུག

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -