ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

17.07.2011 10:13:20
བྱ་ཁྲ་བསོད་ནམས།

  • གངས་ལྗོངས་གེ་སར་ཚང་གི་འགྲན་རྩོམ་རྩེ་ཕུད་ཉི་ཤུ་རྩ་གཉིས་ཀྱི་གསལ་བསྒྲགས། ཕྱི་ལོ་༢༠༡༡ཟླ་བ་༧ཚེས་༡༧ཉིན་སྦེལ་ཀོབ་ཉེ་འཁོར་གྱི་གདན་ས་ཆེན་པོ་སེར་དགོན་དང་རྙིང་དགོན་རྣམ་གྲོལ་གླིང་། དེ་བཞིན་བོད་ཡིག་ལས་རིགས་ལ་གཉེར་པའི་གསར་འགོད་པ་བཅས་ཁྱོན་གཤམ་འཁོད་ལྟར་དཔྱད་འདེམས་པ་ལྔ་སེར་སྨད་ཚ་བ་ཁང་ཚན་དུ་གདན་འདྲེན་ཞུས་ཏེ།

  • དཔྱད་འདེམས་སྐོར་བ་དང་པོར་གངས་ལྗོངས་གེ་སར་ཚང་གི་འགྲན་རྩོམ་དེབ་ཐོག་ཏུ་འགོད་རྒྱུའི་རྩོམ་ཡིག་རྩེ་ཕུད་ཉི་ཤུ་རྩ་གཉིས་དཔྱད་འདེམས་བྱས་པ་གཤམ་གསལ་ལྟར་ཡིན། དེ་ཡང་རྩེ་ཏོག་ལས་ཨང་རིམ་བཞིན་མིན་པར་མཁྱེན་པར་མཛོད།
༡༽ལྡི་ལིའི་མཐོ་སློབ་སྦྲ་རིག་ཐོགས་མེད།
༢༽ཝར་ནའི་མཐོ་སློབ་ཨ་ལོད་ཚེ་རིང།
༣༽ཝར་ནའི་མཐོ་སློབ་གཡང་འབུམ་ཚེ་རིང།
༤༽ས་རའི་མཐོ་སློབ་བཙུན་མ་བློ་བཟང་བྱང་ཆུབ།
༥༽ཝར་ནའི་མཐོ་སློབ་འཇམ་དབྱངས་དོན་གྲུབ།
༦༽ནོར་གླིང་མཐོ་སློབ་ཆོས་གྲགས་རྒྱ་མཚོ།
༧༽རྡ་ས་བང་ཆེན་ཆོས་ཉིད་འོད་ཟེར།
༨༽ཝར་ནའི་མཐོ་སློབ་དབང་ཆེན་རྡོ་རྗེ།
༩༽མོན་གྷོ་འབྲས་སྒོ་མང་ཟླ་བ་བྱང་ཆུབ།
༡༠༽མོན་གྷོ་བློ་གླིང་འདན་མ་ཐུབ་བསྟན་དངོས་གྲུབ།
༡༡༽སྦེལ་ཀོབ་སེར་སྨད་བློ་དགའ།
༡༢༽སྦེལ་ཀོབ་སེར་སྨད་བསྟན་འཛིན་ཡེ་ཤེས་རྒྱལ་མཚན།
༡༣༽ཝར་ནའི་མཐོ་སློབ་ཁྲག་མིག་བསོད་ནམས་རྒྱལ།
༡༤༽བཀྲིས་ལྗོངས་ཨོ་རྒྱན་བཀྲིས།
༡༥༽སྦེལ་ཀོབ་རྣམ་གྲོལ་གླིང་ཚུལ་ཁྲིམས་ནོར་བུ།
༡༦༽གྷོ་པ་པུག་བོད་ཁྱིམ་ཞི་བདེ་ཟླ་བ།
༡༧༽ཧུར་སུ་གཞིས་སློབ་འཇམ་དཔལ་ཚུལ་ཁྲིམས།
༡༨༽གྷོ་པ་པུག་བོད་ཁྱིམ་འབྲུག་ཐར་རྒྱལ།
༡༩༽མོན་གྷོ་འབྲས་སྤུངས་བློ་བརྟན།
༢༠༽རྡ་ས་ཤེས་རིག་དཔར་ཁང་ངག་དབང་ཕུན་ཚོགས།
༢༡༽སྦེལ་ཀོབ་སེར་བྱེས་པ་སངས།
༢༢༽སྦེལ་ཀོབ་སེར་བྱེས་རིན་ཆེན་དོན་གྲུབ།
ཀ༽  དཔྱད་འདེམས་པ།
༡༽  སེར་སྨད་རིག་གནས་སློབ་དཔོན་ཐེག་ཆེན་སྤྲུལ་སྐུ་མཆོག
༢༽སེར་བྱེས་རྩོམ་པ་པོ་ཨ་རིག་དགེ་མཐོང་ལགས།
༢༽རྣམ་གྲོལ་གླིང་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལས་གཉེར་པ་ཚུལ་ཁྲིམས་ཟླ་བ་ལགས
༤༽ནོར་ཝེར་རླུང་འཕྲིན་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས།
༥༽བང་ཆེན་གསར་འགོད་པ་བསོད་ནམས་ཚེ་རིང་།
གངས་ལྗོངས་གེ་སར་ཚང་འགྲན་རྩོམ་གོ་སྒྲིག་པ་བྱ་ཁྲ་བསོད་ནམས་ནས།།

  
 

17.07.2011 12:42:46

སྤུན་ཟླ་བྱ་ཁྲ་བསོད་ནམས་ལགས།ཚགས་དེབ་དེའི་པར་ཆུང་དྲག་ནས་མཐོང་གི་མི་འདུག་ཆེ་ཙམ་བཞག་རོགས་བྱོས་དང།

 
 
18.07.2011 02:13:07

གངས་ལྗོངས་གེ་སར་ཚང་གི་རྩོམ་འགྲན་གོ་སྒྲིགས་གནང་བར་དགའ་བསུ་དང་། སེར་སྨད་ཚ་བ་ཁང་ཚན་གྱི་ཚོགས་ཁང་མཐུན་འགྱུར་གནང་བར་ཡང་ཐུགས་རྗེ་ཆེ་ཞུའོ།

 
 
18.07.2011 11:54:32

གསལ་བསྒྲགས་འདི་ལ་མཐའ་གཅིག་ཏུ་དྲང་ཐད་ནས་བཤད་ན་ངོ་རྒོལ་ཡོད།
འདིའི་དཔྱད་ཞིབ་པ་ཚང་མ་ངོ་ཤེས་ཀྱི་ཡོད། ཤེས་ཡོན་གྱི་ཚད་གཞི་གང་ཡང་མེད་པ་ཤ་སྟག་རེད།
དཀོན་མཆོག་མཁྱེན་ད་དུང་ཨ་རིག་དགེ་མཐོང་ཡིན་ན་གཅིག་རང་གི་རྩོམ་ཡིག་ཚད་ལྡན་ཞིག་འབྲི་མི་ཤེས་མཁན་
མིའི་རྩོམ་ཡིག་ཞིབ་འཇུག་བྱས་པ་ནི་ངོ་མ་དགོད་བྲོ་བ་ཞིག་རེད།

 
 
19.07.2011 07:11:34

བྱ་ཁྲ་ཟེར་བའི་བུ་མོ་ཆུང་ཆུང་ཞིག་གི་གདོང་པགས་གྱོན་མཁན་དེ་ལགས། ཁ་ཉིན་ཁྱེད་ཀྱིས་གསལ་བསྒྲགས་དེ་འབྲུག་ནང་བཞིན་ཞིག་དང་།
དེ་རིང་གསལ་བསྒྲགས་འདི་སྦྲུལ་འདྲ་བ་ཞིག་འདུག རྒྱུ་མཚན་ནི།
༡༽ བརྒྱ་ཆ་སྤྲོད་མཁན་ནམ་དཔྱད་འདེམས་པ་དེ་དག་ནི་རྩོམ་ཡིག་ལ་དཔྱད་འདེམས་བྱེད་ཐུབ་མཁན་མི་གཅིག་རྐྱང་མི་འདུག
༢༽ དཔྱད་འདེམས་པ་ནི་སྤྱི་ཚོགས་ཁྲོད་ཆ་རྒྱུས་ཡོད་པ་དང་། མི་རྣམས་ཀྱིས་ཆ་འཇོག་ཡོད་པ་ཞིག་དགོས།
༣༽ རྩོམ་ཡིག་དྲ་ཐོག་ཏུ་མ་འཁོད་གོང་ལ་རྩོམ་པ་པོ་རྣམས་ཀྱི་མིང་གཞུང་དྲ་ཐོག་ཏུ་བཏོན་འདུག
༤༽ གསལ་བསྒྲགས་སུ་ཉི་ཤུ་ཟེར་ཀྱང་། ད་རེས་ཉེར་གཉིས་བདམས་འདུག
ད་དུང་། དྲི་བ་ཞིག་ཡོད་པ་ནི་དཔྱད་འདེམས་པ་་རྣམས་ཀྱིས་རྩོམ་ཡིག་ལ་བལྟ་སྐབས་རྩོམ་ཡིག་ཐོག་ཏུ་རྩོམ་པ་པོའི་མིང་འཁོད་ཡོད་དམ་མེད།
ད་དུང་། རྩེ་གཏོག་ཉི་ཤུ་དྲ་ཐོག་ཏུ་བཀོད་རྒྱུ་ཟེར་བ་དེ་ཡོད་དམ་མེད།
བྱ་ཁྲ་་་་་འདི་དག་ལ་ལན་ཞིག་ཡོད་དམ།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -