ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

09.07.2011 04:15:43
བྱ་ཁྲ་བསོད་ནམས།

དེང་དུས་རབས་ཉི་ཤུ་རྩ་གཅིག་ཆེས་འགྲན་སེམས་དང་ཞེ་སྡང་གི་མེ་ལྕེ་འབར་བཞིན་པའི་སྙིགས་མའི་དུས་འདི་འདྲ་ཞིག་ལ། རང་རིགས་ནང་པའི་བསྟན་པའི་བདག་པོ་བླ་ན་མ་མཆིས་པའི་བདག་ཅག་སྟོན་པ་ཤཀྱ་ཐུབ་པ་མཆོག་འཕེབས་པ་ཡིན་ན།  ཡུལ་དུས་གདུལ་བྱའི་ཁམས་དང་མོས་པ་ལ་བསྟུན་ནས་རྟོན་པ་འདི་འདྲ་བཞི་གསུང་ངེས་རེད།

གང་ཟག་ལ་མ་རྟོན་ཆོས་ལ་རྟོན།།
ཆོས་ལ་མ་རྟོན་དོན་ལ་རྟོན།།
དོན་ལ་མ་རྟོན་ལག་ལེན་ལ་རྟོན།།
ལག་ལེན་མ་རྟོན་བྱེད་འབྲས་ལ་རྟོན།།  ཞེས་གསུང་ངེས་རེད།   དེས་ན་རང་རིགས་གངས་ཅན་པ་རྣམས་ཀྱི་ཤེས་ཡོན་གྱི་སྲིད་བྱུས་མཚོན་པས་ལྟ་བ་དང་ལངས་ཕྱོགས་ལ་ཡང་འགྱུར་བ་ངེས་ཅན་ཞིག་ཐེབས་ངེས་རེད།།

  
 

12.07.2011 12:06:50

ཁྱེད་ཀྱི་གསུང་པ་དེ་དངོས་གནས་རེད་ ཡིན་ན་འམ་ད་ལྟས་དུས་སུ་མཐོ་གོ་གནས་དང་ རྒྱུ་དཔལ་འབྱོར་ ཡང་ན་གཟུགས་ལང་ཚོར་གང་རུང་ཞིག་མེད་ན་་ དགའ་གཉེར་སྤུན་་མཆེན་གྱིས་ཀྱང་བརྩེ་སེམས་གྱི་འབྲེལ་བ་རིང་དུ་བཏང་གྱི་འདུག་ལ་
ང་ཚོའི་རྩ་ཆེ་བའི་མན་ངག་དེ་དག་ལ་རྒྱུན་ལྡན་དུཚོར་བའི་མྱོང་ཐོག་ཏུ་སྦྱར་རྒྲུ་གལ་ཤིན་ཏུ་ཆེ་བ་མཐོང་བྱུང་། དལྟས་ཆ་ཁ་བཤད་ཆུའི་ལྦུ་བ་ཙམ་ལས་ ལག་ལེན་གྱི་བྱ་བ་ནི་གསེར་ལས་དཀོན་གྱི་འདུག་། མདོར་ན་རང་གཞན་ཚངས་མའི་
དེ་བཞིན་རེད་འདུག་སྙམ།

 
 
12.07.2011 22:33:29

གངས་རིན་ཆེ་ལགས། རེད། མི་དང་མིའི་བར་གྱི་འདུན་ཤེས་མེད་པ། ལས་རྒྱུ་འབྲས་ལ་མི་བལྟ་བ། ཤེས་ཡོན་ཀུན་སྤྱོད་ལ་ཆེས་མཐོང་མི་བྱེད་པ། དད་དམ་དང་ཡིད་ཆེས་མེད་པ སོགས་ཆེས་འགྲོ་བ་མིའི་རང་བཞིན་ལས་བརྒལ་བའི་གནས་ལུགས་སུ་འགྱུར་བཞིན་འདི་ནི སྙིགས་དུས་ཀྱི་ཁྱད་ཆོས་ཡིན་ངེས་རེད། འོན་ཀྱང་རང་ཉིད་དེའི་ཁོངས་སུ་ཚུད་ཡོད་མེད་ཀྱང་རང་ཉིད་ཀྱིས་བརྟག་དགོས་ངེས་རེད།

 
 
13.07.2011 01:52:07

རང་ཕྱོགས་ལ་ཞེན་ཞིང་དགྲ་ཕྱོགས་ལྡང་བ་ནི་། སྙིགས་དུས་ཀྱི་ངང་ཚུལ་འདིར་ང་ཚོའི་ཆོས་ལྡན་གྱི་ཞིང་ན་སྐྱེས་པའི་གངས་ཕྲུག་ཚོའི་ཀྱ་དེ་དག་ལ་གོམས་པ་ཤིན་ཏུ་ཆེ་ན་ཡང་། སྙིགས་དུས་སུ་དེ་དག་བསྲུང་བའི་ཕན་ཡོན་ཡང་རླབས་ཆེ་ཡིན་་པ་གཞུང་དུ་གསལ་། མདོ་ན་རང་ཉིད་ཀྱང་ཆོས་པ་ཙམ་མ་ཟད་བདེ་འདོན་གྱི་སྐྱེ་བུ་ཞི་ག་ཡིན་པས་གང་ཐུག་གི་སེམས་ལ་འགྱུར་བ་བཏང་རྒྱུ་ཡིན་།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -