ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

14.06.2011 08:57:22
མྱི་རྡོ།

དེང་སང་སྤྱིར་ན་བོད་བླ་ཆེ་མ་ཆུང་གསུམ་ཕལ་མོ་ཆེ་ཕྱི་རྒྱལ་ཡུལ་གྲུ་གང་སར་དཀོར་སྡུད་དུ་ཕེབས་རྒྱུར་བྲེལ་བཞིན་པ་ལྟར། ཡུན་རིང་མ་སོང་བའི་ལོ་ཤས་སྔོན་རྒྱ་གར་གྱི་དགོན་སྡེ་ག་གེ་མོ་ཞིག་ནས་ནང་པའི་གཞུང་ལུགས་ཁག་ལ་སྦྱང་བ་མ་སོང་བའི་བླ་མ་ཆེ་གེ་མོ་ཞིག་མ་ལེ་ཞི་ཡ་དང་། སིན་གྷ་པུར། ཧོང་ཀོང་སོགས་སུ་དཀོར་གདུལ་བྱའི་དོན་དུ་ཕེབས་
ཡོད་པར་སྣང་། ཕྱི་རྒྱལ་དུ་སླེབས་པའི་ཉིན་དང་པོ་ནས་བཟུང་ཁོང་གིས་ཉིན་གྱི་མི་དང་མཚན་མོའི་ཁྱི་ཟེར་བའི་དཔེ་ལྟར་འབད་པ་བརྒྱ་ཕྲག་གིས་ཆོས་ཚོགས་ཤིག་བཙུགས་ཐུབ་ཙམ་བྱུང་བ་འདྲ། སྤྱིར་བཏང་རྒྱ་རིགས་ཀྱི་སློབ་མ་དེ་དག་རྨོངས་དད་ཆེ་ཞིང་ཨ་གསར་ཆེ་བ། འགྱུར་སླ་བ། གཡམ་རྒྱུག་ཆེ་བ་སོགས་ལ་བརྟེན་ནས། ཁོང་ལ་བློ་བདེ་བག་ཕེབས་ཀྱི་དུས་ཚོད་སྐར་ཆ་ཙམ་ཡང་ཡོང་གིན་མེད་ལ་དོན་དངོས་ཐོག་ཆོས་ཚོགས་ཕན་ཚུན་དབར་འཐབ་རྩོད་ཆེ་བའི་འཇིག་རྟེན་འཁོར་བ་དངོས་མ་ཞིག་གི་ནང་དུ་ཡོངས་སུ་ཐིམ་ཚར་ཡོད།   དེས་སྟབས་ཀྱིས་ཁོང་གིས་རྒྱུན་དུ་མངོན་ཤེས་དང་། མོ་ལུང་། པྲ་རྩིས། བཀའ་བསྒོ། བགེགས་བསྐྲད། 
ཆོས་བཤད་སོགས་ཐ་ན་མངོན་ཤེས་བཤད་དགོས་ཐུག་ཀྱང་ངས་མི་ཤེས་ཟེར་མ་མྱངས་ལ་ལབ་ཀྱང་མི་ཆོག 
དེ་ལྟར་ལོ་ཤས་རྗེས་སུ་ཁོང་གི་ཚ་བོ་ཞིག་ཀྱང་ཆོས་ཚོགས་ནང་དུ་འཐེན་ནས་ཕ་ཤུལ་བུས་འཛིན་བྱ་རྩིས་ཀྱི་གྲ་སྒྲིག་ཨང་གསར་བྱས་ཏེ། ཉིན་གཅིག་ལ་སློབ་མ་ཚོར་ཆོས་འཆད་སྐབས་སྡིག་སྒྲིབ་བཤགས་ཚུལ་ཀྱི་སྐོར་གསུང་དུས་བླ་མས་འདི་ལྟར༼སྒྲིབ་པ་གསུམ་ཡོད་པ་སྟེ་ཕྱི་ཡི་སྒྲིབ་པ་དང་ནང་གི་སྒྲིབ་པ། བར་གྱི་སྒྲིས་པ་དང་གསུམ་རེད་༽
གསུངས་པ་དང་ཁོང་གི་ཚ་བོ་ཁ་སྐྱེངས་ཏེ་ཤུབ་བུའི་ངང་༼སྒྲིབ་པ་གསུམ་མ་རེད། གཉིས་རེད། དེ་གཉིས་དེ་ཤེས་བྱའི་སྒྲིབ་པ་དང་ཉོན་མོངས་པའི་སྒྲིབ་རེད་༽་ཅེས་ཞུས། བླ་མས་ལམ་སང་༼ཁ་ཟུང་། 
སྒྲིབ་པ་གསུམ་བཤད་ཚར་བ་རེད་། ད་དུང་གཉིས་བཤད་ན་ལྔ་ཆགས་འགྲོ་འདུག་༽ཅེས་གསུངས་ཏེ་བཀའ་ཆོས་མུ་མཐུད་དེ་བསྩལ་ཡོད་འདུག།      སྐྱབས་སུ་མཆི་རིན་པོ་ཆེ་ཁོང་ལ་ཨ་་་།།


  མཚར་གཏམ།
 

14.06.2011 13:47:39

མཚར་རྒྱུ་ཞེ་དྲག་མི་འདུག་འོན་ཀྱང་ཁྱོད་རང་སྣང་བ་སྐྱིད་ན་དེའི་འགྲིག་པ་རེད།ད་དུང་འཆར་ཡན་གྱི་རྟོག་སྒྲུང་རེ་བྲིས་དང་ལས་ཀ་ནི་གཞན་མེད།

 
 
14.06.2011 14:02:20

ཆོས་འགྲུབ་ལགས་ཐུགས་རྗེ་ཆེ་གནང་།
ངས་འབྲི་འདོད་ན་འབྲི་རྒྱུ་རེད།
དེའི་སྐྱོན་ཡོན་ཚང་མས་དབྱེ་འབྱེད་ཐུབ་ཀྱི་རེད།
མཚར་རྒྱུ་ཡོད་རུང་མེད་རུང་དངོས་སྒྲུང་ཡིན་ཞིང་སྒྲུང་འདིར་རྒྱབ་ལྗོངས་ངེས་ཅན་ཞིག་ཡོད་པར་སྙམ།

 
 
15.06.2011 12:25:48

དེང་སང་འཚར་གཏམ་མང་པོ་བཀོད་འདུག་སེམས་པ་སྐྱིད་པོ་བྱུང་ཡོད་པ་འདྲ། ཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

 
 
16.06.2011 02:48:40

གྲོགས་པོ་ཚང་གསར་ཚང་ལགས། དེང་སང་སེམས་སྐྱིད་པའི་སྒང་དེར་མཚར་གཏམ་ཁ་ཤས་བྲིས་བཞག་པ་ཡིན།
མཚར་ཡོད་རུང་མེད་རུང་། ཧེཧེཧེཧེ།

 
 
21.06.2011 02:38:06

མཚར་པོ་ཞེ་དྲག་འདུག ཡིན་ནའང་བཀླགས་ཟིན་ནས་ཀྱང་གད་མོ་ག་ནས་བགད་དགོས་པ་ཧ་གོ་མ་བྱུང་། དེ་ནས་མཆན་ལ་ལྟ་སྐབས་མཚར་གཏམ་ངོ་མ་དེ་ནས་འདུག་་་་་་་་་་་་་་་་་ཧཧཧཧཧཧཧཧཧཧཧཧཧཧཧ

 
 
21.06.2011 08:46:22

མཁར་སྒང་བསོད་ནམས་ལགས།
འདི་མཚར་གཏམ་གྱི་གྲལ་དུ་བཀོད་པ་ཙམ་ལས་དོན་དུ་དངོས་སྒྲུང་ཞིག་ཡིན་པས་ང་དགོད་ཤོར་ཀྱི་ཡོད་ལ།
སྙིང་རྗེ་གི་ཡོད། འདི་ལ་གྲྭ་པའི་འཁོར་བ་ཟེར་ཡ། །


 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -