ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

07.06.2011 04:33:24
མྱི་རྡོ།

ཉིན་ཞིག་གི་དགོང་མོར་དོན་འགྲུབ་ཆང་གིས་བཟི་སྟེ་ངུ་སྐད་སྒྲོག་ཀྱིན་ཆང་ཁང་ནང་དུ་འཛུལ་ཡོང་།
སྐབས་དེར་བཀྲ་ཤིས་དང་ཚེ་རིང་གཉིས་ཆང་ཁང་ནང་དུ་ཆང་འཐུང་བཞིན་ཡོད་པའི་དུས་དང་ཏག་ཏག་ཁེལ་བས་
བཀྲ་ཤིས་ལམ་སང་ཡར་ལངས་ཏེ་
《ཡ་་གྲོགས་པོ་དོན་གྲུབ་གང་བྱུང་སོང་ངམ་》ཞེས་དྲིས་པར་


ཁོས་ངུ་ཅོར་འབྱིན་བཞིན་《ངས་ཚབ་ཆེ་བའི་བྱ་བ་མ་རུང་པ་ཞིག་བྱས་ཚར།
སྐར་མ་ཁ་ཤས་སྔོན་དུ་ངས་ང་རང་གི་ཆུང་མ་ཆོས་མཚོ་ལགས་
ཆང་ཤེལ་དམ་གང་གི་ཆེད་དུ་བཙོངས་པ་ཡིན་》ཞེས་བཤད་པ་དང་བཀྲ་ཤིས་ནི་རྦད་དེ་ཧང་སང་སྟེ་
《ཨོ་ཁྱད་མཚར་ལ། ་་་་་འོ་ཏག་ཏག་རེད། ད་ལྟ་མོ་མིས་ཁྲིད་ཚར་དུས་ཡང་ཁྱེད་ཀྱིས་ཚུར་དགོས་འདོད་བྱེད་ཀྱི་ཡོད་དམ་》

ཞེས་དྲིས་པར་དོན་འགྲུབ་ཀྱིས་ཉམ་ཐག་པའི་ཚུལ་ཞིག་བསྟན་ནས་《ཡོད་》ཅེས་ལན་བྱིན།
བཀྲ་ཤིས་ཀྱིས་སླར་ཡང་《སྙིང་རྗེ། ཁྱོད་ཀྱིས་མོ་ཁེ་བཟང་ཅུང་ཟད་ཅིག་གི་ཆེད་དུ་བཙོངས་ཚར་བ་རེད་ལ་
ད་ནི་གང་བྱས་ཀྱང་ཕྱི་དྲགས་པ་རང་རེད་གདའ། ད་རུང་ཁྱོད་མོ་ལ་དགའ་པོ་ཡོད་དམ།》
ཞེས་དྲིས་པར་ཁོས་ཐེ་ཚོམས་མེད་པར་《མེད། ང་མོ་ལ་དགའ་པོ་ཁྱོན་ནས་མེད། ཡིན་ནའང་མོ་ང་ལ་དགོས། 
གང་ཡིན་ཟེར་ན་ང་ཁ་སྐོམ་གྱི་འདུག། 》ཟེར།།

 

དབྱིན་ཡིག་ཕབ།།


  མཚར་གཏམ།
 

07.06.2011 10:18:46

དྲ་གྲོགས་མྱི་རྡོ་ལགས་ས་ུཡ་མཚན་གྱི་དགོངས་ཚུལ་གསུང་པ་དགའ་བསུ་ཞུ།
གོང་དུ་ཁྱེད་ཀྱི་གསུང་པ་དང་ད་ཆ་བཙན་བྱོལ་བོད་གཞུང་གིས་དབུ་ཁྲིད་རྣམས་ཀྱི་གནང་སྟང་དང་གཅིག་པ་རེད་འདུག་ག་ཧཧཧཧཧཧཧཧཧཧཧཧཧཧཧཧ
བོད་དོན་བག་ཡོད།



 
 
07.06.2011 11:32:44

ཡ་མཚན་མདའ་མོ་ལགས།
བཙན་བྱོལ་གཞུང་གི་གནས་སྟངས་དང་གཅིག་པ་ཡིན་ཚུལ་གང་འདྲ་ཡིན་ན།
ཁ་གསལ་ཙམ་གསུང་དང་།

 
 
07.06.2011 11:58:53

མཚར་གཏམ་ འདི་དངོས་གནས་གོ་རྒྱུ་ཆེན་པོ་འདུག་ ཧཧཧཧཧཧཧཧཧཧཧཧཧཧཧཧཧཧ།

 
 
07.06.2011 12:04:47

གངས་རིན་པོ་ཆེ།
ཐུགས་ཆེད་གནང་།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -