ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

29.05.2011 12:05:19
མྱི་རྡོ།

དང་པོ།
གངས་ལྗོང་གི་རྩ་ཐང་ནས་བརྡོལ་བའི་གསེར་རྡོག
དབུ་ནག་བོད་ལ་རང་བྱུང་ཁམས་ཆེན་མོས་གནང་བའི་ཁྱད་ནོར།
རྒྱ་ནག་པོའི་ལུས་ཁམས་གསོ་བའི་བཟང་དྲུག་གི་སྨན།
ཁམ་སྨུག་གི་རྭ་རྩེ་རྩ་གསེང་ནས་མངོན་དུས།
བོད་ཕྲུག་གི་བླ་ཡིད་རི་རྩེ་ན་འཕུར་སོང་།

གཉིས་པ།
ཤོག་སྒོར་གྱིས་ཨམ་ཕྲག་ཧོབ་ཏེ་གང་དུས།
སྦུ་ཆང་གི་བྲོ་བཅུད་སྦྲང་རྩི་ལས་མངར་དུས།
སྦག་སྦག་གིས་མགྱོགས་ཚད་རླུང་དམར་དང་འགྲན་དུས།
བོད་ཕྲུག་གི་ཀླད་ཁྲག་རྒྱ་ལམ་དུ་གཏོར་དུས།
ཕ་མ་ཚོའི་མིག་ཟུང་མཆི་མ་ཡིས་བཀང་སོང་།
གསུམ་པ།
ཕ་ཞིང་དང་ཕ་ནོར་མི་ལ་བཙོང་སྟེ།
རྒྱ་གྲོང་དང་རྒྱ་སྲང་ཁྱི་བཞིན་ཉུལ་དུས།
ཕ་མེས་ཀྱི་རུས་རྐང་རུལ་ནས་ཟད་སོང་།

  
 

30.05.2011 06:25:27

ཨོ་ཁྱོད་ངོ་མ་བདེན་པ་རེད
སྦག་སྦག་གིས་མགྱོགས་ཚད་དང་
དུས་རབས་ཀྱི་མགྱོགས་ཚད་གཉིས་ཀྱིས་
ཕ་མ་ཚོར་བཀའ་སྔལ་སྤྲོད་སོང་འདུག

 
 
30.05.2011 12:45:58

གངས་དགའ་ལགས།
འུ་ཅག་བོད་པའི་ཕོ་གསར་ཚོས་དུས་རབས་ཀྱི་འགྱུར་འགྲོས་འཕྲུལ་རྟས་བསྙེག་དུས།
གཞུང་ལམ་ལ་ཀླད་ཁྲག་གིས་ཆག་ཆག་འདེབས་གི
ཚེ་སྲོག་གི་རིན་ཐང་དེ་ཙམ་ཡིན་ན།
ང་ངོ་མ་ཕངས་སེམས་སྐྱེ་གི་འདུག
དོན་ལྔ་སྣོད་དྲུག་དུད་ཆང་གིས་གཞིག་དུས།
ཕ་ས་ཕ་ཁྱིམ་མ་ཅང་གིས་རྩེ་དུས།
ངའི་ཁ་བ་རི་པས་འཆི་ལམ་ཞིག་བསྒུག་འདུག

 
 
30.05.2011 12:13:48

དྲྭ་གྲོགས་ལགས་དེ་རིང་ཕེབས་པ་བཀྲ་ཤིས་བདེ་ལེགས། ཁྱེད་རང་སེམས་ཤུགས་ཆག་སོང་བ་ཡིན་ས་རེད་བསམ་བྱུང་་་་་ སེམས་པ་ཞེ་དྲག་སྐྱོ་སོང་ད་སེམས་ཤུགས་མ་ཆག་ལོ། དྲ་འབུ་གང་གི་ཅི་ཞིག་བཤད་ཀྱང་ཞེད་དགོས་ཡ་མེད།

 
 
30.05.2011 13:26:16

བསམ་གཏན་ལགས་སེམས་ཤུགས་སྦར་བར་དགའ་ཡོད།
སྤྱིར་དེང་སང་གི་དུས་སུ་མི་ལ་ཁྱད་གསོད་དང་ངན་སྨད་བྱ་རྒྱུ་ལས་ཕན་ཚུན་གཞོགས་འདེགས་
བྱེད་མཁན་ཉུང་ཉུང་རེད་མོད་ཁྱེད་ཀྱིས་གུས་པར་སེམས་གསོ་བྱས་པར་ཡི་རང་ཞུ།
ཡིན་ནའང་ད་ལན་ངའི་བྲིས་པའི་སྐད་ཆ་དེའི་དོན་དེ་ཙམ་མིན་པར་གོ་བ་གཞན་ཞིག་ཡོད།
གང་ལྟར་ཐུགས་ཆེད་གནང་།
ང་མྱི་རྡོ་དེ་སྔོན་བརྙས་སྨོད་ཀྱི་དམྱལ་ཁམས་དང་།
མཐོང་ཆུང་དང་ཟུར་ཟའི་ཡི་དྭགས་ཀྱི་གྲོང་ཁྱེར་དུ་ཚར་མང་པོར་འགྲིམས་ཚར་
བའི་ཉམས་མྱོང་ཡོད་པས་དེ་ཙམ་མི་སྐྱོན།

 
 
31.05.2011 05:44:48

མྱི་རྡོ་ལགས་ཕེབས་པར་དགའ་སོང་།

 
 
31.05.2011 08:46:09

ལགས་སོ་སྐུ་ཞོགས་འབྲོང་ངུར་ལགས།
ཐུགས་ཆེད་གནང་།
ང་ཚོ་ནམ་ཡང་དྲྭ་ཁྱིམ་འདིར་ནང་ཚང་གཅིག་རང་ཡིད་ད།

 
 
31.05.2011 21:28:29

རྫ་སྤང་རི་མགོ་ང་ཚོའི་ཕ་ཞིང་ཡིན།
འདོད་བསྐྱེད་འབུ་རྩྭ་ང་ཚོའི་སྟོན་ཐོག་ཡིན།
རྒས་པའི་ཕྱི་རྒྱག་རིན་ཆེན་འབུ་རྩྭ་ཡིན།
དར་མའི་ལས་དོན་འབུ་རྩྭ་འདི་ཁོ་ན།
བྱིས་པའི་སློབ་སྦྱོང་འབུ་རྩྭ་རྐོ་བ་ཉིད།
ནམ་ཞིག་དུས་ལ་རྒྱ་ཡིས་མ་ཉོས་ན།
ང་ཚོའི་མི་རྣམས་དམིགས་མེད་རི་དྭགས་འགྱུར།།།

ལས་དཀའི་གཙོ་བོ་འབུ་རྩྭ་རྐོ་ལ་བཟུང་།
འབུ་རིན་ཕལ་ཆེར་སྐྱུར་དང་རྒྱན་ལ་གཏོང་།
ནམ་ཞིག་རྒྱ་མའི་འབུ་འདི་མ་ཉོས་ན།
ང་ཚོའི་མི་རྣམས་རང་སར་ཕྱིར་ལྷུང་ངེས།།

གཞན་གྱི་ཡུལ་ལ་བསྒོ་མཁན་བླ་མ་འདུག
སྐུལ་མཁན་སྒྱུར་རྩལ་གླུ་བ་གླུ་མ་འདུག
སློབ་མཁན་མཁས་པའི་དབང་པོ་དུ་མ་འདུག
ང་ཚོའི་ཡུལ་དེ་ཀླ་ཀློ་ཅིའི་ཕྱིར་ལུས། ཀྱེ་ཧུད། ཀྱེ་ཧུད།




 
 
01.06.2011 03:11:35

གྲོགས་པོ་བཀྲ་རྣམ་ཕེབས་པར་བསུ་མ་བྱེད།
དབྱར་རྩ་དགུ་འབུ་རྐོ་རྒྱུར་བྲེལ་བས། །མྱེས་པའི་ཕ་ཞིང་རྩ་སྐྱས་བརྒྱངས་སོང་།།
བརྐོས་པའི་འབུ་ཤ་རྒྱ་ལ་བཙོང་སྟེ། །འཁོར་རིགས་སྟོང་གིས་ལུང་པ་བཀང་སོང་།།

སྐྱུར་རྩིས་བསྒོས་པའི་རོ་འཛིན་དིག་པོས། །ཚིག་གསུམ་གཏམ་སྒོ་མ་ཕྱེས་སྔོན་ནས།།
གློ་འདོགས་གྲི་གུ་ཤུབ་ནས་ཕྱུང་སྟེ། །སྤུན་ཟླའི་ཟུང་ཁྲག་ཐང་ན་འཕོས་སོང་།།

ཤ་རུལ་དྲི་ངན་གང་དུ་འཐུལ་སར། །སྦྲང་ནག་འཚང་བ་དངོས་པོའི་གཤིས་ལྟར།།
མ་རབས་ཤོ་རྒྱན་གང་དུ་འཛུགས་སར། །བསགས་པའི་འབུ་དངུལ་བསྐྱེལ་དུ་བྲེལ་འདུག།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -