ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

14.05.2011 23:29:39
མྱི་རྡོ།

གྲོགས་པོ་ལགས།
ངའི་ཆེས་ཐོག་མའི་་་་་་་་་།
གདུང་ཤུགས་ཀྱི་འབོད་པ།
སེམས་ཁོང་ན་མེ་ཏོག་བཞིན་རྙིད་གྲབས་འདུག

ངས་བུ་ཕྲུག་བཞིན་བསྐྱངས་པའི་་་་་་་་།
རེ་འབྲས་ཀྱི་རྨི་ལམ་དྲོད་མོ།
ཀླད་རྒྱ་ལས་འཇའ་ཚོན་བཞིན་ཡལ་གྲབས་འདུག
གཟིགས་དང་།
འདིར་་་་་་་་་་་་་་་་་་་་་་་།
ལང་ཚོས་འཁྱུད་པའི་ཉི་འོད་ཀྱི་བཀྲག་མདངས་དྭངས་མ།
དུ་རྡུལ་གྱིས་སྦག་དུས།
ངའི་མིག་ཟུང་གི་གཟི་མདངས་འདི་ཡང་།
རབ་རིབ་ཀྱིས་སྒྲིབ་རྩིས་འདུག
ཧུའའའའའའའ་་་་་་་་་།
ཁོག་སྟོད་ན་འཚངས་བའི་སྲོག་དབུགས་འདི།
ཤུགས་རིང་གིས་ཕྱུང་དུས།
ཚ་གདུང་གིས་བྲབས་པའི་ངོ་གདོང་འདི་ཡང་།
རྔུལ་ཆུས་ཡོངས་སུ་སྐྱོམ་བཞིན་མཆི།
ང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།
  
 

15.05.2011 07:10:29

མྱི་རྡོ་ལགས་ཁྱེད་ཀྱི་སྙན་ངག་འདི་རྡོ་ལས་སྲ་བ་འདུག ཡང་སྙིང་ཅི་ཞིག་བསྟིམ་ཡོད།

 
 
15.05.2011 13:34:02

གྲོགས་པོ་གངས་འབྲོང་ལགས་སྐུ་ཁམས་བཟང་།
ངས་རྩོམ་འདིར་འཚབ་འཚུབ་ཀྱིས་བྲིས་སྟབས་བྱེད་འབྲེལ་དང་སྡེབ་སྦྱོར་ཁག་གཅིག་ནོར་འདུག
ངས་གང་ཞིག་བཤད་འདུག་་་་་་་་་་་་་་་་ང་ཡི་ཆད་ཅིང་ཡིད་སྐྱོ་བའི་རྒྱུད་རིམ་འདི་འཆད་ན་འདོད་པ་དེ་ཡིན།
དུས་གང་ཞིག་ན་སྟེ་དེ་རིང་། གནས་ཚུལ་གང་གིས་ཏེ་ཕྱི་རྐྱེན་ཚ་བའི་ངར་ཤུགས་དང་ནང་རྐྱེན་གྲོགས་པོའི་སྡང་ཞུགས་ཆེ་བ་དེས།
ངས་སྔོན་ཆད་ཅིག་ནས་ཡིད་ལ་བརྣག་པའི་རེ་བ་དྲོན་མོ་ཇི་སྙེད་ཅིག་བཅང་ཡོད་པ་དག་
ཕལ་ཆེར་་་ངས་བློས་གཏོང་དགོས་པའི་མཚམས་ཤིག་ལ་བསླེབ་གྲབས་ཡོད་སྐོར་བཤད་ཀྱི་ཡོད།
ཆེས་ཡུན་རིང་ཞིག་གི་ཡར་སྔོན་ནས་་ལྷད་མེད་པའི་མཛའ་གྲོགས་ཀྱི་དམ་ཚིག་དབར་དུ་ད་ལན་རྐྱེན་ངན་ཀྱི་
འདི་ལྟ་བུ་ཕྲད་དུས་ངའི་དཔྲལ་བའི་མིག་ཟུང་གཉིས་པོ་ཡང་སྡུག་བསྔལ་གྱི་དབང་གིས་གཟི་འོད་ཡོངས་སུ་ཉམ་ཏེ་
རབ་རིབ་ཅིག་ཏུ་གྱུར་ཡོད་ཚུལ་བསྡུས་བརྗོད་རྒྱན་གྱི་འབྲི་ཚུལ་ཞིག་ཡིན་པར་སྙམ།


 
 
16.05.2011 04:44:02

ཤམ་བྷ་ལའི་དྲྭ་བདག་ལགས།
འདི་གར་ང་ཚོའི་Xp་རྟགས་ཅན་གྱི་རྩིས་འཕྲུལ་མང་པོ་ཞིག་གི་ནང་དུ་སྨོན་ལམ་གསུམ་པ་དང་ཧི་གཟུགས་ཡིག་འབྲུ་བླུགས་ཀྱང་།
དྲྭ་ཤོག་(web page)ཐོག་བོད་ཡིག་ཡོངས་སུ་འཐོར་ཏེ་ཀློག་མི་ཐུབ་པའི་གནས་སུ་གྱར་འདུག་པས།
ཁྱེད་ལ་དེའི་ཐད་དུ་མན་ངག་ཟབ་མོ་རེ་ཡོད་ན་སྩོལད་རོགས་གནང་དང་ཞུ་རྒྱུ་ཡིན།
ཐུགས་རྗེ་མ་ཆུང་།།
གུས་པ་མྱི་རྡོ་ནས།

 
 
16.05.2011 05:18:48

བཀུར་འོས་མྱི་རྡོ་ལགས། གལ་སྲིད་སྐུ་ཉིད་ཀྱི་གློག་ཀླད་དུ་བོད་ཡིག་ཏག་ཏག་འཆར་མི་ཐུབ་ཚེ། འདི་ནས་ usp10 ཡི། http://www.rarlab.com/ཕབ་ལེན་དྲ་འབྲེལ་ཞིག་བཞག་ཡོད་པས་མཉེན་ཆས་དེ་ཕབ་ལེན་གནང་རོགས། ཕབ་ལེན་གྲུབ་རྗེས་མཉེན་ཆས་དེ་ My computer - C Drive - windows - system 32 ནང་འགྲོ་དགོས། system 32 ནང་སྔོན་ནས་ usp10 ཟེར་བའི་གཞན་ཞིག་ཡོད་པས་སྔོན་ལ་དེའི་མིང་བརྗེ་པོ་རྒྱག་དགོས། གཞན་དེའི་མིང་བརྗེ་པོ་གྲུབ་རྗེས་ཁྱེད་ཀྱིས་ཕབ་ལེན་བྱས་པའི་མཉེན་ཆས་usp10དེ་ཁ་ཐུག་འཇུག་ན་འགྲིག མ་ཚད་ཕབ་ལེན་བྱས་པའི་མཉེན་ཆས་འཁྱེར་ནས་ My computer - C Drive - Program files ནང་འགྲོ་ནས་དྲ་ཤོག Mozilla Firefox དང་ internet explorer སོ་སོར་ནང་ལའང་འཇུག་དགོས། ཁ་ཐུག copy དང་ past བྱས་ན་འགྲིག
གལ་སྲིད་ད་དུང་གནད་དོན་ཏག་ཏག་རྟོགས་ཐུབ་ཀྱི་མི་འདུག་ན། ང་ལ་ཁ་པར་རྒྱོབས། 9129233721

 
 
16.05.2011 10:56:54

སང་རྒྱས་ལགས།
སེམས་ཁོང་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།
ང་ཚོའི་རྩིས་འཕྲུལ་སུམ་ཅུ་མིན་ཙམ་ཞིག་ལ་བོད་ཡིག་གི་སྲོག་སྦྱིན་སྲིད་པ་རེད།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -