ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

08.05.2011 11:48:07
བྱ་ཁྲ་བསོད་ནམས།

སྤྱིར་ང་རང་ལ་མཚོན་ན་བོད་རང་དབང་གཙང་མ་གཞུང་ཞེས་རྣ་བས་ཐོས་པ་ཙམ་ལས་དེའི་འོག་བསྡད་ཅིང་བྲོ་བ་ཉམས་མྱོང་མཁན་ཞིག་མིན་ནའང།  ང་རང་བོད་མི་རིགས་ཀྱི་ལོ་རྒྱུས་ལྡན་པའི་བོད་ཀྱི་རང་དབང་གཙང་མའི་གཞུང་ལ་དགའ་ཡང་དགའ་ལ་ཞེན་པ་ཡང་དེ་བས་ཆེས།   འོན་ཀྱང་། ལོ་རྒྱུས་ཀྱིས་འཕོས་འགྱུར་ལ་བརྟེན་ནས་བོད་རང་དབང་གཙང་མའི་གཞུང་བཙན་བྱོལ་དུ་གྱར་དགོས་བྱུང་བ་བཞིན་རང་ཉིད་ཀྱང་བཙན་བྱོལ་དུ་ཡོང་དགོས་བྱུང་།
ཡིན་ནའང་གནས་ལུགས་ཇི་ལྟར་ཡིན་མིན་མི་ཤེས་ཀྱང་བཙན་བྱོལ་བོད་གཞུང་ཞེས་ཐ་སྙད་འདི་ཡོད་པ་ཙམ་གྱིས་བཙན་བྱོལ་བོད་གཞུང་གི་འོག་མི་ལོ་བཅུ་དགུ་ཙམ་བསྡད་པའི་རིང་ལ་གཞུང་མེད་པའི་ཚོར་བ་སླེབས་མ་མྱོང་ལ།  གཞུང་མེད་པའི་སྤོབས་པ་ཡང་ཞུམ་མ་མྱོང་།  རང་བཙན་དང་ས་ཆ་ཡོད་མེད་ཇི་ལྟར་ཡང་གཞུང་ཞིག་ཡོད་སྙམ་པའི་ཚོར་བ་དང་སྤོབས་པ་རང་ཆས་སུ་ཡོད།

འོན་ཀྱང་དེ་རིང་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གིས།  ༼བཙན་བྱོལ་བོད་གཞུང་༽ཞེས་པ་འདི།  ༼བཙན་བྱོལ་བོད་མིའི་སྒྲིག་འཛུགས་གཞུང་༽ཞེས་འཆར་ཟིན་བཏབ་པ་མཇལ་མ་ཉིད།  ད་གཟོད་རང་ཉིད་གང་ལྟར་བཤད་ཀྱང་འཛམ་བུ་གླིང་འདིའི་ཐོག་ཏུ་རྒྱལ་ཁབ་དང་གཞུང་མེད་པའི་ཁོངས་མེད་ལུང་མེད་ཀྱི་མི་གཅིག་ཏུ་འགྱུར་ངེས་འདུག་སྙམ་བཞིན་རང་བློ་རང་གིས་སྣོན་མ་ཐུབ་པའི་ཚོར་བ་ཞིག་གིས་དེད་དེ་དྲ་ཐོག་ཏུ་བསམ་ཚུལ་འདི་འཆད་དུ་འོང་བ་ཡིན།།
  
 

08.05.2011 13:55:34

དྲ་གྲོགས་རྣམ་པ་དགོངས་ཚུལ་གང་ཡོད་ཐད་ཀར་གསུང་རོགས། དེ་བཞིན་དག་ནོར་ཡོད་ཀྱང་མཆན་འཇོག་རོགས།

 
 
08.05.2011 14:12:35

ཞི་མོ་ཆུང་ཆུང་ལགས། ཁྱེད་སྙིང་རྗེ་རུ་འགྲོ་ཡི་འདུག་་་་ཨཱོ་་། ཁྱེད་ཚེ་རིང་། ཁྱེད་ཀྱི་ཨ་ཕ་ལགས་ཚེ་རིང་། བཙན་བྱོལ་བོད་གཞུང་གི་འོག་མི་ལོ་བཅུ་དགུ་ཙམ་བསྡད་པའི་རིང་། ཞེས་གསུངས་སྟངས་ལ་བལྟས་ན་ཕལ་ཆེར་སྐད་ཆ་འདི་ཁྱེད་ཀྱི་པ་ལགས་ཀྱིས་གསུང་གིན་ཡོད་པ་འདྲ། བྱ་ཁྲ་ལགས། དེ་འདྲའི་གསུང་རྒྱུ་ཨེ་ཡོད་ན། བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཞེས་པའི་ཚིག་ཟུར་གྱི་བཙན་བྱོལ་བོད་མི་ཞེས་པ་དེས་གོ་བརྡ་ཆེན་པོ་ཞིག་བྱིན་གྱི་ཡོད་པ་རེད། གཞུང་ཆེན་མོའི་གོ་དོན་དང་རིགས་བསྒྲེ་ན། བཙན་བྱོལ་བོད་མི། ཞེས་པ་འདིས་གཞིས་བཞུགས་བོད་མི་ཤུགས་ཀྱིས་བདེ་བླག་ཏུ་གོ་ཐུབ་ཀྱི་རེད། ཁྱེད་ཐུགས་ཞུམ་དགོས་པ་མི་འདུག གཞུང་ཞེས་པ་རྒྱལ་སྤྱིའི་ཁྲིམས་ཐོག་དང་གནས་ཚང་རྒྱལ་ཁབ་ཀྱི་ཁྲིམས་ཐོག་ནས་དཀའ་ངལ་མི་ཆུང་བ་ཞིག་འཕྲད་ཀྱིན་འདུག མ་གཞི་ནས་བཅའ་ཁྲིམས་ཟིན་འགོད་པ་ཚོར་བོད་མིའི་བདེ་སྡུག་དང་གནས་སྟངས། བོད་ཀྱི་ལོ་རྒྱུས་དང་མ་འོངས་བོད་འཛུགས་སྐྲུན་སོགས་གང་ཅིའི་ཐད་ཐུགས་ཚོར་བརྗོད་མི་ཤེས་པ་ཞིག་ཡོད་པ་ངས་མིག་བཙུམ་ནས་ཐག་བཅད་ཐུབ་ཀྱི་ཡོད། མ་རེད་་་་་ཨཱ་་་་་་

 
 
08.05.2011 15:17:28

བློ་དགའ་ལགས། ཁྱེད་འཁྲུལ་མ་གནང་། གོང་གི་ཟིན་བྲིས་པ་དེ་བུ་མོ་དེའི་ཕ་ཡིན་པ་ལས་བུ་མོ་ཆཱུང་ཆཱུང་དེ་ཉིད་མ་རེད། ཁྱེད་ཀྱིས་ཕ་དང་བུ་མོ་ནོར། ཨ་མ་དང་མནའ་མ་ནོར། ཁྱི་དང་བེའུ་ནོར་ཉེན་འདུག

 
 
09.05.2011 01:04:04

ཝེ་་་་་་རྒྱ་ཕྲུག་ལགས། ཨ་མ་མ་གཏོགས་མཐོང་མ་མྱོང་བ་དང་སྒོ་ཐེམ་མ་གཏོགས་བུད་མ་མྱོང་བའི་སྐད་ཆ་འདྲ་པོ་མ་བཤད་རོགས། མིའི་བསམ་ཚུལ་ཉན་ནས་སྐད་ཆ་བཤད་དགོས་ཀྱི་རེད་མ་གཏོགས། ངས་ག་རེ་བཤད་འདུག སྐད་ཆ་དེ་བུ་མོ་ལ་སྤྲོ་སེང་བ་ཙམ་ལས། དངོས་སུ་སྐད་ཆ་དེ་མོ་རང་གི་པ་ལགས་ཀྱི་སྐད་ཆ་ཡིན་པར་ངོས་འཛིན་བྱས་ཡོད་ལ། པ་ལགས་ཀྱི་མིང་ཡང་སྨྲོས་ནས་སྐད་ཆ་བཤད་ཡོད། ཁྱོད་ཀྱི་མིག་ལང་ཏོག་གིས་སྒྲིབ་པ་ནི་ཡིན་གྱི་མ་རེད། བྱ་ཁྲ་ལགས། དེ་འདྲའི་གསུང་རྒྱུ་ཨེ་ཡོད་ན། ཞེས་བྲིས་མི་འདུག་པས། ཨཱ་་་་་ག་རེ་ཕ་དང་བུ་མོ། གཟབ་གཟབ་མ་བྱས་ན་ཨ་མ་དང་མནའ་མ་ཁྱོད་ཀྱིས་ནོར་ཉེན་འདུག་དཱ་་་་་་་ཁྱོད་ཀྱིས་དགའ་རོགས་དང་ཚ་མོ་ནོར་བའི་ལོ་རྒྱུས་སྙིང་རྗེ་པོ་དེ་བརྒྱུད་ལམ་འདི་ནས་གསལ་བཤད་བྱེད་མ་དགོས་ན་ཡག་པོ་མི་འདུག་པས། ཨ་་་་་་། མ་གཞི་ནས་ཁ་ཕར་སློག་ནས་མ་གཏོགས་ཁ་ཚུར་སློག་ནས་སྐད་ཆ་བཤད་ཐུབ་ཀྱི་མེད་པ་དེས་རྟགས་ག་རེ་བསྟན་པ་རེད། དེ་ཁྱོད་ཀྱིས་ཤེས་པ་བྱོས་་་་ཨ་་་་།
ཨ་ལ་་་་ཀུ་རེ་ཡིན། ཁ་རྩེད་མོ་ནམ་མཁའི་འཇའ་དང་འདྲ།
འཇའ་ཁ་དོག་མཛེས་ཀྱང་འཇུ་བཟུང་མེད། ། ཟེར་བའི་ཁ་དཔེ་ལྟར་ཡིན། དགོངས་དག་་་་་་སྙིང་སྡུག་ལག་་་་་་་་་་་་་་་

 
 
09.05.2011 02:22:26

བླ་དགའ་ལགས། ང་རྒྱ་ཕྲུག་མིན་པ་ཁྱེད་ཀྱིས་ལོས་ཤེས། ང་བོད་ཕྲུག་ལ་རྒྱ་ཕྲུག་ཟེར་ནས་འབོད་པ་དེ་གཅིག་པུས་ཁྱེད་ཉིད་འཁྲུལ་སྡོད་ཡོད་པ་ཤེས་ཐུབ། ང་ལ་རྒྱ་གར་ལུང་པར་སྲིང་མོ་ཞིག་མེད་ལ། དགའ་རོགས་དང་སྲིང་མོ་ཕན་ཚུན་ཐུག་མྱོང་མེད་པས་ཁྱེད་ཀྱིས་ནོར་རབས་ག་འདྲའི་སི་ཤེས་སོང་། མི་དཀར་པོ་ལ་ཞྭ་མོ་ནག་པོ་མ་གཡོག་ན་ཡག ཧཧཧ་སྐུ་རྩེད་ཡིན་དཱ།

 
 
09.05.2011 05:07:32

ལྟོས་དང་ཕོ་ཁྱོ་ག་ཁོང་ཁ་བདེ་པོ་གང་འདྲ་མི་འདུག་པས་་་་

 
 
08.05.2011 14:34:57

ལོ་བཅུ་ཅམ་གྱི་སྔོན་ལ་འཛམ་གླིང་ཆབ་སྲིད་ཀྱི་འགྲོས་ཅུང་ཤེས་མཁན་ཞིག་གིས་ང་ལ་གྲོགས་པོ་ད་ང་ཚོ་ཕྱི་རྒྱལ་ཞིག་ལ་འགྲོ་ཐབས་ལ་འབད་དགོས་འདུག གང་ཡིན་ཟེར་ན་ངས་ཁ་སྔོན་ཧོང་ཀོང་གི་ཚགས་པར་ཞིག་གི་ནང་ལ་མ་འོངས་པར་བཙན་བྱོལ་བོད་གཞུང་འདི་རྒྱ་ནག་གཞུང་ལ་དབང་བའི་ཕྱིར་སྡོད་བོད་མའི་སྐྱིད་སྡུག་ཞིག་ལ་སྒྱུར་གྱི་རེད། དེ་འང་དྷི་ལིའི་རྒྱ་ནག་གཞུང་ཚབ་གྱི་སྟངས་འཛིན་འོག་ལ་གནས་དགོས་པ་རེད་ཅེས་བཀོད་འདུག་ཟེར།

དེ་དུས་འཁྱར་གཏམ་རེད་བསམ་ཡང་ད་སྐབས་བོད་གཞུང་གིས་དེ་འདྲ་ཞིག་ལ་གྲ་སྒྲིག་བྱེད་ཀྱིན་འདུག་སེམས་བཞིན་ཡོད། ངས་བཅན་བྱོལ་བོད་མིའི་སྒྲིག་འཛུག་ཟེར་བའི་མིང་འདི་ལ་མོས་མཐུན་མི་བྱེད་པ་ནི་འདི་དབུ་མའི་ལམ་གྱི་ཆ་ཤས་ངེས་ཅན་ཞིག་ཡིན་པ་ཤེས་ཏེ་ཡིན། ང་དབུ་མའི་ལམ་ལ་གང་ཐུབ་ཀྱིས་དགག་མཁན་ཞིག་ཡིན་པས་ཐ་སྙད་འདི་ལ་ཡང་དེ་མཚུངས་ཀྱིས་དགག་ཁུལ་ཡིན་ནོ།།

 
 
08.05.2011 14:54:33

དྲ་གྲོགས་བློ་དགའ་ལགས། ཁྱེད་ཀྱིས་གསུངས་པ་བཞིན་ངས་དེ་སྔོན་མཆན་ཞིག་ཏུ་མདུན་གྱི་དཔར་ནང་གི་བུ་མོ་འདི་ངའི་ཤ་རུས་ལས་མཆེད་པའི་བུ་མོ་ཡིན་ཞེས་གསལ་བཤད་ཞུས་ཟིན་པ་ཡིན། བདེན་པ་རེད། བློ་དགའ་ལགས། ཁྱེད་ཀྱིས་བཙན་བྱོལ་བོད་མི་ཞེས་པ་དེས་གོ་བརྡ་ཆེན་པོ་ཞིག་བྱིན་གྱི་ཡོད་ཅེས་གསུངས་འདུག ང་རང་གིས་གཞུང་ཆེན་པོ་ལ་སློབ་གཉེར་བྱེད་མ་མྱོང་སྟབས་གཞུང་ཆེན་མོའི་ནང་དུ་གོ་བ་ཇི་ཡིན་མི་ཤེས། ཚིག་གི་དོན་ལ་འགྲེལ་ན། བཙན་བྱོལ་བོད་མི་ཞེས་པའི་དོན་ནི། རང་རིགས་བཙན་བྱོལ་དུ་འབྱོར་བའི་བོད་མི་འབུམ་གཙིག་ཙམ་ཡོད་པ་དེར་གོ་བ་ལས་གཞན་གང་ཡང་གོ་ས་མེད། གཞུང་ཞེས་པ་དེས་རྒྱལ་སྤྱིའི་ཁྲིམས་ཐོག་དང་གནས་ཚང་གི་རྒྱལ་ཁབ་ཀྱི་ཁྲིམས་ཐོག་ནས་དཀའ་ངལ་མི་ཆུང་ན་འཕྲད་ཀྱིན་འདུག་ཅེས་ན། ད་བར་མི་ལོ་ལྔ་བཅུའི་རིང་མདུན་བསྐྱོད་བྱས་ནས་ཡོང་ཡོད། རྒྱལ་སྤྱིའིཁྲིམས་དང་གནས་ཚང་ཁྲིམས་གང་དང་མི་མཐུན་པ་བྱུང་ན། ཁྲིམས་ནས་ཚུར་ཁ་གྲགས་ཀྱི་རེད། དེ་དུས་ངེད་ཅག་གོམ་པ་མདུན་སྤོས་བྱེད་དགོས། དེ་ཡང་རང་ཉིད་ཀྱི་རྩ་བ་དམ་བཅའ་དང་མཐུན་པ་གོམ་པ་མདུན་དུ་སྤོས་དགོས། འཛམ་གླིང་འདིའི་ཐོག་ཏུ་ཆབ་སྲིད་དང་སྲིད་དོན་གྱི་ལས་ཀའི་ནང་ཁྲིམས་དང་མཐུན་པ་ལས་ཀ་བྱེད་མཁན་རྒྱལ་ཁབ་ག་ཚོད་འདུག་མཁྱེན་གསལ། སྐབས་དོན་གོ་སྐབས་བཟུང་ནས་འཁྲབ་དགོས་པ་ལས། ལས་རྒྱུ་
འབྲས་དང་ཁྲིམས་དང་མཐུན་མེད་དབྱེ་ཞིབ་བྱས་བསྡད་ན། རིམ་པར་རང་ཉིད་ཀྱི་རྩ་བའི་དམ་བཅའ་ཤོར་བའི་དུས་ལ་སླེབས་ངེས་ཡིན།།

 
 
08.05.2011 21:34:19

དྲ་གྲོགས་བྱ་ཁྲ་བསོད་ནམ་ལགས་བཙན་བྱོལ་སྒྲིག་འཇུག་ཟེར་བའི་ཐ་སྙད་དེ་ཕྱི་ལོ་ ༢༠༠༨ ནས་ག་ལེར་ང་ཚོའི་སྤྱི་ཚོགས་འདིར་གོམས་པ་སྤོས་སོང་དེས་རིགས་ཞེན་ཅན་གྱི་བོད་མི་མང་པོས་སེམས་པ་འཁྱགས་ལ་ཐིམ་དུ་བཅུགས་སོང་ལ་བོད་མིའི་སེམས་ཁམས་ལ་རྨ་ཁ་བཟོས་པ་ཉུང་ཉུང་ཞིག་ག་ལ་ཡིན། དེ་ནི་༸གོང་ས་མཆོག་ཕྱེ་བགྲེས་ཡོལ་ལ་ཕེབས་ནས་བོད་མིའི་གྱོང་གུན་ཞིག་ཡིན་པ་ངས་ངོ་འཛིན་ཞུ་གི་ཡོད་ལགས་ད་དུང་བགྲེལ་ཡོལ་ཆ་ཚང་གནང་པའི་རྗེས་བཙན་བྱོལ་བོད་མིའི་ཚོར་སྐྱིད་གང་ཡོངས་མིན་བཤད་ཚོད་དཀའ་བ་མ་ཡིན། སྔོན་དཔག་བྱས་པ་ཡིན་ན་ལོ་ལྔ་དྲུག་གི་རྗེས་སུ་བཙན་བྱོལ་བོད་མི་རྣམས་ཀྱི་ཡང་དག་པའི་དབུ་འཁྲིད་ལྡི་ལི་རྒྱ་མིའི་གཞུང་ཆབ་ཁང་ཡིན་གྱི་རེད་བསམ་བཞིན་ན་ཟུག་བཏང་གི་འདུག

 
 
08.05.2011 21:58:43

དྲ་གྲོགས་ལྷ་རྩེ་བཟོད་པ་ལགས། ང་ཚོས་དྲ་ཐོག་ཏུ་བསམ་ཚུལ་བྲིས་པ་ཙམ་མིན་པར། བསམ་ཚུལ་གང་ཡོད་ཕྱི་གསལ་ནང་གསལ་གསང་པོས་བོད་མི་མང་སྤྱི་འཐུས་རྣམ་པར་ཞུ་ཐུབ་ན། རང་རིགས་བཙན་བྱོལ་བོད་གཞུང་འདི་ཡང་དག་པའི་མང་གཙོ་གཞུང་ཞིག་གི་བགྲོད་ལམ་ཐོག་སྐྱོད་བཞིན་པ་ཡིན་ཙང། ་རང་རིགས་ཀྱི་བསམ་ཚུལ་ལ་ཡང་རིན་ཐང་ཞིག་སྤྲོད་ངེས་རེད། དེའི་ལྷན་དུ་ཁྱེད་ཀྱིས་མགྱོགས་བྲིས་སུ་བཏབ་པའི་མཆན་ལ་དག་ནོར་ཞིག་བཅོས་ན།
སྒྲིག་འཇུག་་་་་་་་་་་་་་་སྒྲིག་འཛུགས། གོམས་པ་་་་་་་་་་་་་་་གོམ་པ། ཕྱེ་བགྲེས་ཡོལ་་་་་་་་་་་་་་་ཕྱེད་བགྲེས་ཡོལ། གྱོང་གུན་་་་་་་་་་་་་གྱོང་གུད་། ་་་ངོ་འཛིན་་་་་་་་་་ངོས་འཛིན། གཞུང་ཆབ་་་་་་་་་་་་གཞུང་ཚབ་ཅེས་སུ་བཅོས་ན་འགྲིག་གམ། སྤྱིར་རང་ཉིད་ཀྱང་དག་ཆ་ལ་བཟང་རྒྱུ་མེད་ཀྱང། གཅིག་ཕན་གཅིག་གྲོགས་ལ་མོས་པ་ཡོད་མཁན་ཞིག་ཡིན།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -