ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

02.05.2011 21:59:36
བྱ་ཁྲ་བསོད་ནམས།

ངའི་བསམ་ཚུལ་ལ་ལ་མོས་མཐུན་ཡོད་ན་ཚང་མས་ད་ནས་བཟུང་ལས་གཞི་དངོས་ལ་འཇུག་རོགས། ཤམ་བྷ་ལའི་དྲ་རྒྱ་འདིའི་ཐོག་ཟིན་བྲིས་འབྲི་འཇུག་ལས་སླ་བར་བརྟེན་ཉིན་ནས་ཉིན་རྩོམ་པ་པོ་མང་དུ་འགྲོ་བཞིན་ཡོད་པ་ནི་ཕྱོགས་ག་ནས་བལྟས་ཀྱང་དགའ་འོས་པ་ཞིག་རེད།  འོན་ཀྱང་དྲ་རྒྱ་འདིའི་ཐོག་རྩོམ་པ་པོ་རྒན་རབས་འགའ་ཞིག་ལས་མང་ཆེ་བ་ང་ལྟ་བུ་རྩོམ་རིགས་ལ་འཇུག་པའི་གསར་བུ་ཤ་སྟག་ཡིན་སྟབས།


རྩོམ་པ་པོ་རང་ཉིད་ཀྱི་བསམ་ཚུལ་མཚོན་པ་ཙམ་ལས་རྩོམ་རིགས་ཀྱི་ཁ་ཕྱོགས་མི་རྙེད་པ་དང་།  ལྷག་པར་དུ་རྩོམ་ཡིག་གི་དག་ཆ་དང་ཕྲད་འཇུག་ཚུལ་སོགས་ལ་ཡང་མང་པོ་ནོར་འཛོལ་ཡོང་དང་ཡོང་བཞིན་པ་ཡིན་ན་ཡང་། དེའི་ཐོག་ལ་ཚང་མས་བོད་ཀྱི་སྐད་ལ་དུང་ཞེན་ཆེ་ཚུལ་བཤད་པ་ཙམ་ལས་རྒན་གཞོན་སུ་ཡིན་ཡང་གླེང་མཁན་གཅིག་ཀྱང་མི་འདུག  ད་ནས་བཟུང་ངེད་ཅག་ཚང་མས་ཕྱ་གྲུ་མཉམ་འདེགས་ཀྱིས་བསམ་ཚུལ་ཙམ་ལ་མཆན་མིན་པར་དག་ཆ་དང་རྩོམ་ཡིག་འབྲི་སྟངས་སོགས་ལ་ཡང་མཆན་འཇོག་ཐུབ་ན་དགེ་མཚན་ཆེན་པོ་ཡོང་ངེས་འདུག  དེས་ན་རྩོམ་པ་པོ་ཚང་མས་ངའི་བསམ་ཚུལ་འདིར་མཆན་འཇོག་པ་ནས་བཟུང་ལས་གཞི་དངོས་ལ་འཇུག་རོགས།

ང་ཚོ་ཐུན་མོང་ནས་མོས་མཐུན་ཡོད་པའི་ཐོག་ནས་ལས་གཞི་ལ་འཇུག་པ་ཡིན་ན།  ང་ཚོས་ཤམ་བྷ་ལའི་དྲ་རྒྱའི་མཐུན་འགྱུར་ལ་བརྟེན་ནས་རིམ་པར་དེང་རབས་དང་མཐུན་པའི་སྐད་ཡིག་སློབ་འཁྲིད་ཀྱི་ཕྱོགས་སུ་གོམ་པ་རྒྱག་ཐུབ་ཀྱི་རེད།  འདི་ནི་ང་ཚོ་རྩོམ་པ་པོ་རྣམས་ཀྱིས་ཁ་བཤད་ཙམ་མིན་པར་ལག་ལེན་དངོས་བསྟན་པའི་དཔང་རྟགས་རེད་ལ། བོད་ཀྱི་སྐད་ཡིག་ཆགས་འཇིག་ལས་སྐྱོབ་པའི་ཐབས་ལམ་ཡང་རེད། ང་ཚོའི་ལས་གཞི་འདི་ལམ་ལྷོང་བྱུང་བ་ཡིན་ན།  དྲ་རྒྱ་འདིའི་ཐོག་འཕེབས་མཁན་ཉིན་ནས་མང་དུ་འགྲོ་རྒྱུ་ཡིན་པ་མ་ཟད། ལོ་གཅིག་གི་རྗེས་སུ་ཚད་ལྡན་གྱི་རྩོམ་པ་པོ་མང་པོ་སྐྱེད་བསྲིང་བྱེད་ཐུབ་རྒྱུ་གདོན་མི་ཟ་ཡིན།  དེར་བརྟེན་རྩོམ་པ་པོ་ཚང་མས་ལས་གཞི་འདིར་རྒྱབ་སྐྱོར་ཡོང་བའི་རེ་བ་ཡོད།


  རྡོག་རྩ་ཆིག་སྒྲིལ།
 

03.05.2011 00:46:04

ཡག་པོ་འདུག་ཚང་མ་མཉམ་ཞུགས་བྱེད་རོགས།

 
 
03.05.2011 00:49:23

དྲ་གྲོགས་ལགས། ཁྱེད་ཀྱི་དགོངས་ཚུལ་ཡག་པོ་འདུག རྒྱབ་སྐྱོར་ཡོད། ཤམ་བྷ་ལའི་དྲ་རྒྱའི་ནང་དུ་ཡར་རྒྱས་སོང་བའི་གཞོན་སྐྱེས་གང་མང་ཞིག་ཡོད། དེ་བཞིན་དྲ་གྲོགས་ཕན་ཚུན་རོགས་འདེགས་བྱེད་ཐུབ་ན་ཡར་རྒྱས་འགྲོ་བར་ཕན་ཐོག་ཆེན་པོ་ཡོང་ངེས།

 
 
03.05.2011 01:19:43

ཡ་ཡ་དྲ་གྲོགས་ཞི་མོ་ཆུང་ཆུང་ལགས། ཁྱེད་ཀྱི་དགོངས་ཚུལ་ལ་རྒྱབ་སྐྱོར་ཡོད་ལ། ཕལ་ཆེར་དགོངས་ཚུལ་དེ་ནི་བསམ་བློའི་ཆུ་ཚད་མཐོ་པོ་ཡོད་པའི་ལམ་སྟོན་ཞིག་རེད། དངོས་གནས་ཡག་པོ་འདུག ཁྱེད་ཕྱི་ངོས་ནས་འཚར་བསྐྱེད་དེ་ཙམ་བྱུང་མི་འདུག་མོད་ནང་གི་རྣམ་དཔྱོད་ཀྱི་འཕེལ་ཚད་ཧ་ཅང་མཐོ་པོར་སླེབས་འདུག དཔེ་ཡག་པོ་འདུག མུ་མཐུད་གསུང་དང་་་་་་་་་་་་་ཁྱེད་ཚེ་རིང་་་་་་་་་་་
གོང་དུ་གྲོགས་པོ་ཞིག་གིས་དགོངས་ཚུལ་དེར་རྒྱབ་སྐྱོར་གནང་པ་དང་ཆབས་ཅིག མཉམ་ཞུགས་ལ་༼ མཉམ་ཤུག་ ༽ཅེས་བྲིས་འདུག་་་་་་ཡང་གཅིག་བྱས་ན་ཁོང་གིས་ཟུར་ཟ་གནང་བ་ཡིན་སྲིད་་

 
 
05.05.2011 15:36:36

ངོས་ནས་རེད་ཡ་དྲ་གྲོགས་ཟེར་ན་འདི་འདྲ་དགོས། རང་དོན་བསྒྲབ་ལ་ནམས་ཡང་མི་རེག་ཞིང། གཞན་དོན་འབའ་ཞིག་བསྒྲབ་ལ་གཞོན་བ་དང་།

 
 
08.05.2011 09:59:51

རྒྱ་སྟུག་ལགས་ཐོག་དང་ཐོགས་ལ་ཁྱད་པར་ཡོད་ལོ།

 
 
03.05.2011 03:53:52

སྐལ་བསྟན་དང་རྒྱ་སྟུག་གཉིས་ཀྱིས་རྒྱབ་སྐྱོར་གནང་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཡིན་ཡང་སེར་སྨད་བློ་དགའ་ལྟ་བུ་ལག་ལེན་དངོས་ལ་འཇུག་་རོགས། ལྷག་པར་དུ་སེར་སྨད་བློ་དགའ་ནས་རྒྱབ་སྐྱོར་ཙམ་མིན་པར་ལག་ལེན་དངོས་ལ་ཞུགས་པར་ཐུགས་རྗེ་ཆེ་ཞུ་གི་ཡོད། སེར་སྨད་བློ་དགའ་ཟེར་བ་འདི་ཁ་བཤད་ཙམ་མིན་པར་ལག་ལེན་དངོས་ལ་འཇུག་མཁན་ཞིག་རེད་ཅེས་གོ་ཐོས་ཡོད། དངོས་གནས་གོ་བ་ནོར་མི་འདུག རྣམ་པ་གསུམ་མུ་འཐུད་ལག་ལེན་དངོས་ལ་འཇུག་རོགས།

རྒྱ་སྟུག་གི། ཕན་ཐོག ཕན་ཐོགས། སེར་སྨད མཐོ་པོ མཐོན་པོ།

 
 
04.05.2011 13:14:45

བྱ་ཁྲ་ལགས། མཐོན་པོ་དང་མཐོ་པོ་གཉིས་ལ་ཁྱད་འཇོག་གི་ཡོད་པས།

 
 
03.05.2011 05:46:11

རྒྱབ་སྐྱོར་ཡོད། རྒྱབ་སྐྱོར་ཡོད། ཟེར་ནས་ཁ་མཁས་པ་དང་།
ཚིག་སྙན་མོ་རེ་བཤད་ནས་མི་ཕན།
འགོ་རང་ཉིད་ནས་འཛུགས་སྟེ། དག་ཆ་ནོར་འཛོལ་ལ་གཟབ་པ་དང་།
གཞན་ནོར་བ་ལ་བཅོས་རྒྱུ་གང་ཐུབ་བྱེད་དགོས།

 
 
03.05.2011 06:18:14

སེར་སྨད་བློ་དགའ་ལགས་བདག་ལ་སློབ་སྟོན་གནང་པ་ཐུགས་རྗེ་ཆེ་ཞུ་བ་དང་མ་འོངས་པ་ཡང་དྲ་གྲོགས་ཙམ་མ་ཡིན་པ་ཤ་རུས་གཅིག་པའི་སྤུན་མཆེན་ཡོངས་ལ་དེ་ལྟ་བུ་དཀའ་ངལ་ཡོད་ཚེ་གསལ་ཐུབ་པའི་སྨོན་འདུན་ཡོད།

 
 
03.05.2011 14:40:30

གྲོགས་པོ་སྐལ་བསྟན་ལགས། སྤུན་མཆེན་ལ་སྤུན་མཆེད་དང་གསལ་ཐུབ་པ་ལ་སེལ་ཐུབ་པ་ཞེས་དག་བཅོས་ཡོང་བ་ཞུ། མ་རེད་པས་་་ཨ་་

 
 
03.05.2011 06:23:04

གྲཱ་རྒན་འདིའི་གདོང་རིས་ངོ་མ་དེ་སྟོན་ནས་ཕེབས་ན་ཅི་རུང་།
བུ་མོ་ཆུང་ཆུང་པར་དེ་བཞག་ན་དགེ་ཕན་གང་ཡོད་དྲ་གྲོགས་ཚོའི་གསུང་དང་།

 
 
04.05.2011 15:17:27

ཧ་ཧ་ཧ་རང་ཉིད་གྲྭ་རྒན་ཡིན་པས་རྒྱུ་མཚན་གྱི་བྱ་ཁྲ་བསོད་ནམས་གྲྭ་རྒན་ཡིན་པ་བསྒྲུབ་ཐུབ་ཀྱི་མ་རེད་དོ། དེ་བསྒྲུབ་ཐུབ་ན་དྲ་གྲོགས་ཚོང་མ་ཀླད་སྟོང་ཡིན་པ་ཐལ། ཁྱོད་ཀླད་སྟོང་ཡིན་པའི་ཕྱིར། ཧ་ཧ།

 
 
03.05.2011 06:27:32

ཧ་ཧ། གྲོགས་པོ་ལགས་དེ་གྲྭ་རྒན་མ་རེད་

 
 
03.05.2011 06:42:26

བསྟན་པ་ལགས། ང་གུས་བཀུར་འོས་པའི་དགེ་འདུན་པ་ཞིག་མིན། མདུན་ངོས་ཀྱི་དཔར་དེ་ནི་རང་གི་ཤ་རུས་ལས་མཆེད་པའི་་བུ་མོ་ཡིན ། སྤྱིར་དེ་རིང་གི་གླེང་གཞི་དང་འབྲེལ་བ་གང་ཡང་མི་འདུག
བསྟན་པ་ལགས། ཁྱེད་ལ་བོད་མིགས་དང་སྐད་ཡིག་ལ་དུང་ཞེན་བོད་རིགས་ལ་ཕན་སེམས་ཤིག་དང་འགན་འཁུར་ཞིག་ཡོད་ན། ག་དུས་ཡིན་ན་བྱིས་པ་ལོ་གསུམ་ལྟར་མིན་པར་བརྗོད་གཞི་དངོས་ལ་བབས་ནས་བཀའ་མོལ་གནང་ན་ཡག་པོ་ཡོད།
དེ་མིིན་ངེད་ཅག་ཚང་མས་ཕན་སེམས་དང་འགན་འཁུར་གང་ཡང་མེད་པར་ཚིག་ངན་གྱི་མདའ་མཚོན་འཕེན་རེས་བྱེད་བསྡད་པ་ཡིན་ན། དུས་ཚོད་འཕྲོག་བརླག་རེད་ལ། ཤ་བྷ་ལྷ་དྲ་རྒྱའི་དགོས་པ་ཡང་མ་འགྲུབ་པ་རེད། དྲ་གྲོགས་སྡིག་ཐིགས་ལགས་ཀྱིས་གསུངས་པ་བཞིན། དག་ནོར་བཅོས་འགོ་སེར་སྨད་བློ་དགའ་ལགས་ནས་འཛུགས་ཟིན་པ་ཡིན། དེ་བཞིན་རང་ཉིད་ཀྱིས་ཀྱང་འགོ་འཛུགས་པའི་ཁུལ་ཡིན། ཁྱེད་ཀྱིས་གོང་དུ་གཟིགས་རོགས།

 
 
04.05.2011 15:22:27

རེད་རེད། དག་ནོར་བཅོས་དགོས་པ་འགྲོ་ལུག་རེད་ལ་ཀུན་དང་མཐུན་པོ་ཡོད།

 
 
03.05.2011 13:02:35

དྲ་གྲོགས་བྱ་ཁྲ་བསོད་ནམས་ལགས། མཁས་པས་གསུང་ན་ཅི་ཡང་བདེན། ཟེར་བ་ལྟར་ཁྱེད་གསུངས་དེ་ཡིད་ལ་འཐད་པ་བྱུང་བས་དགའ་བསུ་དང་། རྒྱབ་སྐྱོར་གཉིས་ཀ་ཡོད།

 
 
03.05.2011 13:23:48

དྲ་གྲོགས་བློ་བཟང་ཡར་འེལ་ལགས། སྔོན་འགྲོའི་ཚུལ་དུ་ཚིག་གིས་རྒྱབ་སྐྱོར་གནང་བར་སྔོན་འགྲོའི་ཐུགས་རྗེ་ཆེ་ཞིག་འབུལ་རྒྱུ་དང། རྗེས་སུ་དོན་དངོས་ལ་ཞུགས་ནས་རྒྱབ་སྐྱོར་གནང་་བར་ལག་གཉིས་ཐལ་མོ་སྙིང་ཁར་སྦྱར་ནས་ཐུགས་རྗེ་ཆེ་ཞུ་རྒྱུའི་སྟ་གོན་བྱེད་བཞིན་པ་ཡིན། སྤྱིར་ཁྱད་པར་མེད་ངེས་ཀྱང། ཁྱེད་ཀྱི་མཆན་དུ། མཁས་པས་གསུང་ན་ཞེས་པ་དེ གསུངས་ན ཞེས་བཅོས་ན་ཅི་འདྲ།

 
 
04.05.2011 00:27:06

བྱ་ཁྲ་བསོད་ནམས་ལགས།
བསམ་ཙུལ་་་་་་་་་་བསམ་ཚུལ།
ཤ་བྷ་ལྷ་་་་་་་་་་ཤམ་བྷ་ལ༼ཤམྦྷལ༽
ཡོང་དང་ཡོང་བཞིན་པ་་་་་་་་ཡོངས་དང་ཡོང་བཞིན་པ།
སློབ་འཁྲིད་་་་་་་་་སློབ་ཁྲིད།
སྐད་ཡིག་ཆག་འཇིགས་་་་་་སྐད་ཡིག་ཆགས་འཇིག
འདི་དག་ལག་ལེན་དངོས་ལ་འཇུག་ནས་དག་བཅོས་བྱས་ཡོད།

 
 
04.05.2011 03:04:44

རྒྱ་སྟུག་ལགས། ངའི་རེ་སྐུལ་དང་ལེན་གནང་ནས་ལག་ལེན་དངོས་ལ་ཞུགས་ནས་དག་མཆན་འཇོག་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ལན་བརྒྱར་ཞུ་བཞིན་ཡོད།
དེའི་ནང། ཡོང་གི་འདས་ཚིག་ཡོངས་རེད་པས། ངས་བལྟས་ན། ཡོང ཡང་ན། འོངས་ཡིན་གྱི་རེད། ལག་ལེན་དངོས་ལ་འཇུག་ནས་ཞེས་པ་ ལག་ལེན་དངོས་ལ་ཞུགས་ནས་ཞེས་ འདས་ཚིག་བྲིསན།

 
 
04.05.2011 08:20:33

བྱ་ཁྲ་ཁྱེད་ཀྱིས་རྒྱ་སྟུག་ལ་ལག་ལེན་དངོས་ལ་ཞུགས་ནས་དག་མཆན་འཇོག་པར་་་་་་་་བཞག་པར་བཅོས་ན།

 
 
04.05.2011 08:41:37

བདེན་པ་བུ་ཆུང་ལགས། སྐྱ་རྩེད་མ་ཞུ་རོགས། ཉིད་ཀྱིས་རང ་ཉིད་ཀྱི་སྒེར་དོན་ལས་སྤྱི་ཚོགས་ལ་ཕན་པའི་ལས་འགན་བཞག་ཡང་ཁྱེད་རང་རང་དབང་རེད། ང་རང་ལ་མཚོན་མཁྱེན་པའི་བདག་པོ་ཞིག་མིན་རུང། རང་ཉིད་ཀྱིས་ ཚིག་གཅིག་ལས་ཤེས་ཀྱི་མེད་ཀྱང།། དེས་མི་མང་དང་སྤྱི་ཚོགས་ལ་ཕན་རེ་ཞིག་གི་ཐོག་ནས་ལས་ཀ་བྱེད་མཁན་ཞིག་ཡིན། མུ་མཐུད་མདུན་བསྐྱོད་བྱེད་ངེས་ཡིན།

 
 
04.05.2011 09:01:14

ཁྱེད་ཀྱིས་བསམ་ཚུལ་བཤད་པ་དང་ཡག་པོ་རེད་ལགས། ཡི་རང་ཡོད། ང་ལ་མཚོན་ནའང་འདིའི་ཐད་ལ་དྲྭ་བ་འདིའི་ནང་དུ་མཆན་བུ་མང་པོ་ཡོང་ཐབས་ནས་བཟུང་བགྲོ་གླེང་བྱས་ཡོད་ལ། དེ་བཞིན་དྲྭ་བའི་ས་མིག་ལས་དེའི་མཐུན་རྐྱེན་དང་རམ་འདེབས་ཡོང་བར་དམིགས་ནས་དྲྭ་བདག་ལའང་བསམ་ཚུལ་ལན་མང་ཞུས་མྱོང་། བརྒྱུད་རིམ་དེ་འདྲའི་འོག་ནས་ཡར་རྒྱས་དང་ཕན་འབྲས་བྱུང་ཡོད་སྲིད་མོད། ཕལ་མོ་ཆེའི་ལམ་སྲོལ་ལམ། ཟིན་བྲིས་པ་འདི་ཚོའི་ལྟ་བ་དེའང་། དག་ཆའི་ནོར་བཅོས་ལྟ་བུ་བྱས་ནས་ཁོར་མཐོང་ཆུང་བྱས་སོང་བའི་བརྡ་རུ་གོ་བ་དང་། དེ་ཙམ་དུ་མ་ཟད་ཡིག་ནོར་བ་ནི་སྤྱིར་བཏང་ཞིག་ཡིན་པའི་སྐད་ཆའི་འོག་ནས་ད་ལྟའི་གནས་སྟངས་འདི་བཞིན་ཉ་ཉོག་མཉམ་བསྲེས་དང་། ཛར་རེ་ཛོར་རེའི་ནང་ལུས་ཡོད་པ་རེད། གནས་སྟངས་འདི་དག་གི་ཐད་ནས་ཟིན་བྲིས་ཞིག་སྟེ། བཀླགས་མང་ཤོས་ནང་ཡོད་པའི༼ད་ལྟ་དྲ་ཐོག་བགྲོ་གླེང་དངོས་སུ་འགོ་འཛུགས་རྒྱུ་ཡིན༽ ཟེར་བ་དེ་ཚོ་དང་ གུས་པའི་ཟིན་བྲིས་རྙིང་པ་དག་གི་ནང་དུའང་ལྷག་ཡོད་པས་དེ་ཚོར་ཞིབ་འཇུག་གནང་ན་མཁྱེན་ངེས། འོན་ཀྱང་གསལ་པོ་ཞུ་རྒྱུ་ཞིག་ལ། སྔོན་མ་ནས་ཐོན་མེད་ནའང་། ད་ལྟ་མཚམས་འཇོག་དགོས་པ་ཞིག་མིན་ན། ཅི་ནས་ཀྱང་ཐབས་འཚོལ་གྱིས་ཡར་རྒྱས་དང་། ཕན་བདེའི་ལམ་ལ་ནུས་ཤུགས་འདོན་དགོས་པ་ནི་ངོས་འཛིན་ཞུ་ས་ཞིག་ཡིན་ཞུ།

 
 
04.05.2011 12:36:29

གུས་པར་འོས་པའི་འཆང་ར་ལགས། ངས་ཁྱེད་ལ་སྙིང་ནས་གུས་བཀུར་ཞུ་བཞིན་ཡོོད། ་ངས་ཁྱེད་ཀྱི་དུས་བབས་ཐོག་གི་ཟིན་བྲིས་མང་པོ་བཀླགས་པ་ཡིན། ཁྱེད་ཉིང་ནི་དངོས་གནས་དྲང་བདེན་དང་མི་རིགས་གཞི་རྩར་བཟུང་ནས་རྩོམ་འབྲི་མཁན་རྩོམ་པ་པོ་ཚད་ལྡན་ཞིག་རེད། ལྷག་པར་དེ་རིང་ཁྱེད་ཀྱིས་ལས་གཞི་འདི་འདྲའི་བསམ་ཚུལ་སྟོན་ཙམ་མིན་པར་ལག་ལེན་དངོས་ལ་ཡང་ཞུགས་པ་ཡིན་གསུངས་དུས། ཁྱེད་ཉིད་ལྷག་བསམ་ལྡན་པའི་སྤྱི་ཚོགས་ཞུ་ཞབས་པ་ཆོས་པ་གརྣམ་དག་ཅིག་ཡིན་པ་ཡང་ར་འཕྲོད་བྱུང་སོང། འཆང་ར་ལགས། དེ་རིང་སླར་ཡང་ཁྱེད་ཉིད་ཀྱིས་དབུ་འཁྲིད་པའི་ཐོག་འབད་བརྩོན་ཞིག་བྱས་པ་ཡིན་ན། སེར་སྨད་བློ་དགའ་དང་རྒྱ་སྟུག་འཇམ་དབྱངས་སོགས་ཀྱང་རྒྱབ་ཏུ་ཡོད་པ་ཙམ་མ་ཟད་ལས་གཞི་དངོས་ལ་ཡང་ཞུགས་ཟིན་པ་ཡིན།

 
 
04.05.2011 13:19:41

བྱ་ཁྲ་ལགས།
འཆང་ར་་་་་་་་་་་་་་་་་འཆམ་ར།
ཡོོད་་་་་་་་་་་་་་་་་་་་་་ཡོད།
ཁྱེད་ཉིང་་་་་་་་་་་་་་་་་ཁྱེད་ཉིད།
གརྣམ་དག་་་་་་རྣམ་དག

 
 
04.05.2011 13:30:01

རྒྱ་སྟུག་ལགས། ཁྱེད་ཀྱིས་མུ་མཐུད་དག་མཆན་འཇོག་པར་ཐུགས་རྗེ་ཆེ་ཞུ་གི་ཡིན། མུ་མཐུད་དེ་མདུན་དུ་འཕེབས་རོགས། ང་རང་ནི་དྲ་ཐོག་གི་ཡི་གེ་བ་གསར་པ་ཞིག་ཡིན་སྟབས། ཁྱེད་ཀྱི་རྗེས་སུ་ཡོང་རྒྱུ་ལས་སྤོབས་པ་ཡེ་ནས་མེད།

 
 
04.05.2011 15:08:37

བྱ་ཁྲ་བསོད་ནམས་ལགས། ཁྱེད་ཀྱི་ཡིག་ནོར་བྲིས་ནས་ད་དུང་ངོ་ལན་མེད་པ་གང་ཡིན་ནམ། ངོ་ལན་བྱེད་ན་བཟང་ངོ།

 
 
04.05.2011 22:40:13

བཀྲ་དགའ་ལགས་གང་གསུང་གི་ཡོད། ངས་ངོས་ལེན་བྱས་དང་བྱེད་བཞིན་པ་ཁྱེད་ཀྱིས་གཟིགས་ཀྱི་མི་འདུག་གམ། སྤྱིར་ངས་གོང་དུ་ཞུས་ཟིན་པ་་བཞིན་སྤྱི་སེམས་ཀྱི་དབང་ནས་ཞུས་པ་ལས། རང་ཉིད་ཡང་དག་པ་ཞིག་ཡིན་པའི་དབང་ནས་ཞུས་པ་མིན། རང་ཉིད་ལ་མཚོན་ན་དག་ཆ་བྱང་ཕྱུག་པ་ཞིག་མིན། ངས་བལྟས་ན་ཁྱེད་ཉིད་ཀྱི་ཐུགས་ལ་འབབས་མེད་པ་འདྲ།
ཁྱེད་ཀྱི་དག་ནོར།་་་་་་་་་་་་་་་་་་་་་་ཁྱེད་ཀྱི་ཡིག་ནོར་བྲིས།་་་་་་་་་་་་་་་་་་་་་་་་་་་་་་ཁྱེད་ཀྱིས་ཡིག་ནོར་བྲིས། ངོ་ལན།་་་་་་་་་་་་་་་་་་་་་་་་་་་་་ངོས་ལེན། བྱེད་ན།་་་་་་་་་་་་་་་་་་་་་་་་་་་་བྱས་ན།

 
 
05.05.2011 06:16:49

ཧཧཧ་བུ་མོ་ཆུང་ཆུང་ཞིག་གི་འདྲ་པར་འདི་ལ་ལྟས་ནས་ཚང་ཁ་རྒྱབ་ཀྱི་འདུག་།
ཨ་རབ་དྲ་གྲོགས་ཚོ་གཟབ་གཟབ་གམང་ན་མ་རྟོག་་་་་་ངན་ཁ་འདུག་།

 
 
05.05.2011 14:48:28

དྲ་གྲོགས་བསྟན་པ་ལགས། ངས་གོང་དུ་ཞུས་ཟིན་པ་ཡིན། མདུན་ངོས་ཀྱི་པར་ནང་ཡོད་པའི་བུ་མོ་ཆུང་ཆུང་འདི་ནི་གུས་ཀྱི་ཤ་རུས་གསུམ་ལས་མཆེད་པའི་བུ་མོ་ཡིན། གཟབ་གཟབ་བྱེད་དགོས་དོན་གང་ཡང་མེད།
གཟབ་གཟབ་དངོས་གནས་ཁྱེད་ཀྱིས་བྱེད་རོགས་གནང། ཁྱེད་ཀྱིས་བྲིས་པའི་ཡིག་ཕྲེང་གཉིས་ལས་དག་ནོར་བརྒྱད་ཙམ་འདུག
ལྟས་ན་་་་་་་་་་་་་་་་་་་་་་་་་་་་བལྟས་ན། ཚང་ཁ།་་་་་་་་་་་་་་་་་་་་་་་་འཚང་ཁ། རྒྱབ་ཀྱི་་་་་་་་་་་་་་་་་་རྒྱག་གི ཨ་རབ།་་་་་་་་་་་་་་ཨ་རོགས། གམང་ན་་་་་་་་་་་་་་་གནང་ན།
མ་རྟོག་་་་་་་་་་་་་་་་་མ་གཏོགས། ངན་ཁ་་་་་་་་་་་་་་་་་་་་་་་་་་་་་ཉེས་ཁ།་བཅས་སུ་བཅོས་ནས་རྗེས་སུ་དག་ཆར་གཟབ་རོགས།

 
 
05.05.2011 15:29:34

བྱ་ཁྲ་བསོད་ནམས་ལགས་ནས་བསྟན་འཕགས་ལ་དག་བཅོས་བྱེད་པ་ངོས་ནས་ཡག་པོ་འདུག་ཐུགས་རྗེས་ཆེ། ཁོང་དྲ་ཐོག་འདིའི་ནང་ལ་ཞུགས་ནས་ལོ་མང་འགྲོ་ཡོད་ཀྱང་ད་དང་ཡང་ཡར་རྒྱས་འགྲོ་མི་འདུག་གོ

 
 
05.05.2011 22:30:32

བཀྲ་དགའ་ལགས། ཐོག་མར་ཁྱེད་ཀྱིས་གཡས་བཤད་གཡོན་བཤད་བྱས་པར་བལྟས་དུས། ཁྱེད་ཀྱི་ཐུགས་ལ་འབབས་མེད་པའི་ཚོར་སྣང་བྱུང། ད་ཆར་ཁྱེད་ཉིད་ཀྱིས་ཞེ་གཏིང་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང།
ཁྱེད་ཀྱི་མཆན་དུའང། འགྲོ་ཡོད་ཀྱང། ཕྱིན་ཡོད་ཀྱང་ཞེས་བཅོས་ན་འགྲིག་གམ།

 
 
06.05.2011 13:18:11

གྲྭ་གྲོགས་ཚོས་ཞེ་གཏིང་ནས་རང་གི་སྐད་ཡིག་ལ་དུང་བ་ཟབ་པོས་ལེགས་པའི་ཉེས་འགོག་གི་བགྲོ་གླེང་གནང་བར་སྗིང་ནས་དགའ་པོ བྱུང་།

 
 
06.05.2011 14:38:46

དྲ་གྲོགས་མེ་འབུད་ལགས། ངེད་ཅག་ལག་རྡང་བསྒྲིལ་ཅིང་མདུན་དུ་གོམ་པོ་རིམ་བཞིན་སྤོས་པ་ཡིན་ན། ངེད་ཅག་གིས་དྲ་ཐོག་ཏུ་བོད་མི་རིགས་དང་སྤྱི་ཚོགས། ལྷག་པར་དུ་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་ལས་རིགས་མང་པོ་ཞིག་ལ་ཕན་རླབས་ལྡན་པའི་ཞབས་འདེགས་མི་སྨན་པ་ཞུ་ཐུབ་ངེས་ཡིན།།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -