ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

01.05.2011 03:23:15
ཁྲུང་ཁྲུང་དཀར་པོའི་བུ།

ཆུ་སྒང་གི་སྒྲིག་འཛུགས་འདི་གཏོར་ན་འཐོར་ཆོག་ཆོག་ཅིག་དང་འདོད་ན་རྒྱབ་སྐྱོར་བྱས་སའི་ཁང་ཆུང་ཙམ་མ་ཡིན་པར་འདི་ནི་མདོ་ཁམས་ཀྱི་མེས་པོ་གོང་མ་འགས་ཆེས་གཟི་བརྗེད་ཆེ་བའི་མཚན་སྙན་གྱི་འོད་མདངས་ཞིག་གམ་དངོས་ཡོད་རླབས་ཆེན་བོད་མི་རིགས་འདི་ཆགས་འཇིག་གི་དུས་མཚམས་ལ་མདོ་ཁམས་དཔའ་བོ་ཟུང་གི་འགོན་སྐྱབས་ཏུ་མཛད་པའི་སྲུབ་མེད་ལོ་རྒྱུས་གལ་ཆེན་འདི་དག་གི་སྒྲིགས་འཛུགས་ཤིག་ལ་ཐུག་ཡོད།


དེ་ཡང་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་༧རྒྱལ་མཆོག་སྐུ་ཕྲིང་ན་རིམ་བར་བོད་གངས་ཅན་གྱི་ལོ་རྒྱུས་ནང་དར་གུད་གྱི་གནས་སྟངས་ཅི་ཞིག་བྱུང་ཡོད་རུང་དེ་རིང་གི་བོད་ལ་མཚོན་ན་ལོ་ཧ་ཅང་མང་པོ་ཞིག་དཀའ་སྡུག་དང་ཚེ་སྲོག་གི་ཉོས་པའི་ཟིན་མཐོ་འོག་བོད་གངས་ཅན་གྱི་ནང་བསྟན་དང་༧རྒྱལ་དབང་མཆོག་གི་མཚན་སྙན་སྔར་ལྷག་རྒྱས་ཏེ་འཛད་འཕྲིན་གྱི་འོད་སྣང་རྟ་བདུན་དབང་པོ་བཞིན་ནམ་ཡང་སྐྱེ་འགྲོའི་མགོན་དུ་ཞི་བདེའི་དད་དཔོན་དང་ཨ་རིའི་གསེར་གྱི་གཟིང་རྟག་བཞེས་པ་སོགས་ཀྱིས་གནམ་འོག་སྐྱེ་འགྲོ་ཀུན་ལ་སྔར་མེད་དགའ་སྟོན་རོལ་བའི་སྐལ་བཟང་གོ་སྐབས་བྱུང་བ་འདིའི་མཚོན་ད་ཡོད་བོད་ཀྱི་གནད་དོན་ལ་རྒྱལ་སྤྱིའི་ཐོག་དོན་སྣང་དང་ཐ་ན་སྐྱབས་བཅོལ་བའི་གནས་བབ་ཚད་ལྡན་ཡོད་པ་འདི་ཡང་སྐུ་ངོས་ང་ཕོད་གྱི་ཆིངས་ཡིག་དོན་ཚན་བཞག་པའི་གྲུབ་འབྲས་དང་སྐུ་དྲག་ཟུང་གི་ཁྱིམ་རྒྱུད་བྱས་རྗེས་མ་ཡིན་པར་ཨ་རོགས་ཁམས་པའི་མི་རྒྱུ་ཟོག་གསུམ་ཕངས་མེད་དུ་བཏང་ཏེ་ཚེ་སྲོག་དང་ཟུང་ཁྲག་གི་བསྐྲུན་པའི་དངོས་ཡོད་ཆུ་བཞི་སྒང་དྲུག་གི་ལོ་རྒྱུས་ནང་བོད་མི་རིགས་ཀྱི་དཔའ་བོ་ཟུང་གི་རྣམ་ཤེས་ཀྱི་བསྐྲུན་པའི་ཁ་ཁྱིམ་དང་འབྲེལ་བ་ཆེས་མེད་པ་ཞིག་ག་ལ་ཡིན།  འཚམས་འདིར་ཧ་ཅང་འགོད་གལ་ཆེ་བའི་ལོ་རྒྱུས་སྣ་ཚོགས་ཤིག་མིག་ལམ་ཆེ་ཡང་བློན་པོ་སྨྲ་བར་ཉུང་ན་མཛེས་ཅེས་པའི་དཔེ་ལྟར་རེ་ཞིག་འདི་དེ་ཙམ་བཞག་ན་འདོད།  དེ་ཡང་ཐེངས་འདིར་བཤད་འདོད་པའི་གཏམ་གླེང་དངོས་ནི་གླིང་རྗེ་གེ་སར་ནས་ཨ་འབྲུག་མགོན་པོ་བཀྲེས་བར་དུས་རབས་ནས་དུས་རབས་བར་ཨ་རོགས་ཁམས་པའི་དཔའ་ཉམས་དང་སྙིང་སྟོབས་མཚོན་པའི་ཟིན་མཐོ་ལེའུ་དག་མ་བརྗེད་པར་དྲན་གལ་ཆེ་བ་གཟིགས་ན་དམིགས་བསལ་དུས་རབས་འདིར་ང་ཚོས་ཆོལ་ཁའི་ཕྱོགས་རིས་དང་ལུང་ཚན་འཐེན་ཆེ་མ་གནང་བར་དངོས་ཡོད་དྲང་བདེན་གྱི་ལམ་བུ་ནས་མེས་པོ་གོང་མའི་རྣམ་ཤེས་དང་ཁ་ཁྱིམ་ལ་ཕྱིར་མིག་བལྟ་རྒྱུ་ཧ་ཀྱང་གལ་ཆེན་མཐོང་ན་ཚགས་ཤོག་དང་དེབ་ཕྲིང་ནང་གི་དཔའ་བོ་དག་རེ་ཤིག་ཅི་མི་སྙམ་པ་དང་ཡང་མཚན་སྐྱེ་དོན་མེད་པའི་གོ་སྐབས་རིགས་ལུགས་པ་ཞིག་ཏུ་ངོས་འཛིན་ཏེ་བཞག་པའམ་སྲིད་ལུགས་ཀྱི་ཕྱོགས་རེ་བ་གཅིག་ཏུ་འདོད་རྒྱུ་ཧ་ཀྱང་གལ་ཆེན་ཡིན། དེས་ན་སྤྱིན་ཡངས་སུ་ཞིག་གི་དཔུང་སྒྲིག་དང་དཔུང་ངོམ་བྱེད་ས་དང་བདེ་སྡུག་ཞུ་ས་གཉིས་མ་ནོར་བར་དགྲ་དགའ་གཉིན་སྡུག་གི་ཁྲོབ་སྟོན་དག་འཚམས་འཇོག་ཡོང་བའི་རེ་བསྐུལ་ཞུ་འདོད་བྱུང་།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -