ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

29.04.2011 12:42:34
བྱ་ཁྲ་བསོད་ནམས།

རེད།   དངོས་གནས་རེད།  ༧བོད་མིའི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཐུགས་བརྩེ་ཆེན་པོས་ཆབ་སྲིད་ཀྱི་ཐུགས་འགན་ཆ་ཚང་བོད་མི་རིགས་ལ་གནང་ཞིང་ཆབ་སྲིད་ལོ་རྒྱུས་ཀྱི་འཕོས་འགྱུར་ཆེ་བའི་དུས་འདིར།    ཁོང་ཉིད་ཀྱིས་དབུ་འཁྲིད་འོག་བཙན་བྱོལ་སྤྱི་ཚོགས་འདིའི་ནང་འཚང་ལོངས་བྱུང་ཞིང་་ཤེས་ཡོན་གྱི་འདབ་ཤོག་རྒྱས་པའི་བློ་བཟང་སེང་གེ་ལགས་ཁོང་ལྟ་བུ་ཞིག
ང་ཚོའི་བཀའ་ཁྲིར་སླེབས་པར་མི་རིགས་དང་རྒྱབ་ཁབ་ཅིག་གི་ཡང་དག་པའི་འབངས་མི་ཞིག་ཡིན་པའི་ཆ་ནས་་དགའ་བས་མཚམས་འདྲི་ལོད་ཞུས། ངས་ཀྱང་ཁོང་ཉིད་ཀྱིས་ཡང་དག་པའི་མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་འོས་ཤོག་གྱིས་རྒྱལ་ཁབ་ཐོབ་པར་མཚམས་འདྲི་ཞུ་བཞིན་ཡོད། ་སྤྱིར་ང་རང་ལས་བྲེལ་ཆེ་ན་ཡང་དེང་ལས་དོན་ཞིག་གི་ཆེད་དུ་དྲ་རྒྱ་ཚང་མར་ཞུགས་ནས་བྲོ་བ་མྱངས་པའི་ཚེ།  ཆེས་བརྗོད་མི་ཤེས་པའི་ཚོར་བ་ཞིག་སླེབས་སོང་།

དྲ་རྒྱ་ཁ་ཤས་ཐོག་ཕྱིན་སྐབས་དྲ་རྒྱའི་ནང་གི་ཟིན་བྲིས་མགོ་ནས་མཐའ་བརབརྒྱ་ཆ་དགུ་བཅུ་་བློ་བཟང་སེང་གེ་ལགས་བཀའ་ཁྲིར་ཕེབས་པར་འཚམས་འདྲིའི་ཤིས་ཚིག་དང་། ཡང་དྲ་རྒྱ་ཁ་ཤས་ཐོག་ཕྱིན་སྐབས་དྲ་རྒྱའི་ནང་གི་ཟིན་བྲིས་ཀྱི་རྩོམ་བརྒྱ་ཆ་དགུ་བཅུ་ཙམ་རྔ་པ་ཀ་ཏི་དགོན་པའི་གནས་སྟངས་ཛ་དྲག་གི་སྐོར་རེད་འདུག  ང་དངོས་གནས་འགོ་འཐོམ་སོང་། དེ་གང་རེད་དམ།  དེ་དྲ་རྒྱའི་ཁྱད་པར་རེད་དམ།  རྩོམ་པ་པོ་རྣམ་པའི་བསམ་བློའི་ཁྱད་པར་རེད།  དེར་དྲ་གྲོགས་ཚང་མས་ཞིབ་འཇུག་ཅིག་གནང་སྟེ་ང་ལ་་མཐའ་བསྡོམས་ཀྱི་ལན་ཞིག་གནང་རོགས།


  
 

29.04.2011 22:33:05

དྲ་གྲོགས། ཤམ་བྷ་ལའི་ཟིན་བྲིས་ནི་ཉིན་རེ་བཞིན་མདུན་ངོས་ཀྱི་རྩོམ་རིགས་བརྗེ་འགྲོ་གི་ཡོད་ལ། དེང་བཀའ་ཁྲི་གསར་པའི་སྐོར་གྱི་བསྟོད་པའི་སྙན་ངག་འདི་དག་ཉིན་གསུམ་གྱི་རིང་སླེབས་པ་ཤ་སྟག་རེད། གལ་ཏེ་ཁྱེད་ཀྱིས་རྔ་བ་ཁུལ་གྱི་གནས་སྟངས་སྐོར་རྩོམ་ཡིག་ལ་གཟིགས་འདོད་ན་ཉིན་བཅུ་ཙམ་གྱི་གོང་ནས་ཕར་ཟླ་བ་གཅིག་ཡན་མན་ནང་གི་རྩོམ་ཡིག་དག་ལ་གཟིགས་རོགས།
རྩོམ་པ་པོའི་ཁ་ཕྱོགས་ནོར་ཡོད་མ་རེད་ལ། རྩོམ་གྱི་ཁ་ཕྱོགས་ཀྱང་ནོར་མེད་པ་རེད། གཞན་གྱི་དྲ་རྒྱ་ཐོག་ཏུ་ཤམ་བྷ་ལ་ལྟ་བུའི་རྩོམ་མང་པོ་སྤེལ་མཁན་མེད་སྟབས། ཟླ་བ་གཅིག་གོང་གི་རྩོམ་ཞིག་བཙལ་དགོས་རུང་མདུན་ངོས་སུ་རྙེད་ངེས།

 
 
29.04.2011 22:38:24

འདིར་གསལ་བཤད་ཅིག་ལ་། དྲ་རྒྱའི་རྩོམ་པ་པོ་ཚང་མས་ངའི་མཐོང་སྣང་གི་དྲི་བའདི་ངས་དྲ་རྒྱ་ཐོག་གི་མི་རབས་རྒན་པ་ཁྱེད་རྣམ་པར་ལམ་སྟོན་ཞུ་བ་ཙམ་ལ་ངོས་འཛིན་ཞུ་རོགས།

 
 
29.04.2011 23:10:18

རྒྱ་སྟུག་ལགས། ལམ་སྟོན་གྱི་ལན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེར་ལྟར་ཡིན་ན་ང་ལ་དགོས་པའི་ལན་རེད། ང་ཚོ་ཆོལ་གསུམ་བོད་རིགས་སྤུན་ཟླ་ཡོངས་ཤ་རུས་གཅིག་ལས་མཆེད་པའི་མི་རིགས་ཞིག་དང་སྐྱིད་སྡུག་གཅིག་གི་སྤྱི་ཚོགས་གཅིག་ཏུ་འཚོ་བའི་ནང་མི་ཞིག་ཡིན་སྟབས་ཚོར་བ་གཅིག་དང་ལངས་ཕྱོགས་གཅིག་་དགོས་པ་ནི་ང་ཚོའི་འཚོ་གནས་ཀྱི་རྩ་དོན་དང་འབྲེལ་བ་ཆེན་པོ་ཡོད་རེད།

 
 
30.04.2011 00:44:51

དགོངས་དག་་འདིར་ཡི་གེ་དབུ་མེད་ཆུང་ཆུང་ཞིག་མ་གཏོགས་མི་འདུག་པས་ཡིག་ནོར་ཆད་མང་འགྲོ་སོང།

 
 
30.04.2011 00:42:34

བྱ་ཁྲ་ལགས།
གནས་སྟངས་འདི་འཛམ་གླིང་སྤྱི་སྲོ་ལ་ལྟར་་གནས་ཚུལ་གལ་བ་གང་ཞིག་ཐོན་མ་ཐག་ཏུ་་གསར་འགོད་པ་དང།
རྩོམ་པོ་། སྤྱི་ཚོགས་བཅས་ཀྱིས་དེ་དོ་སྣང་ཆེ་བྱེད་ཀྱི་ཡོད་པ་ནི་དངོས་དོན་རང་རེད།
ཁྱེད་ཀྱིས་དྲིས་དྲི་བ་གཉིས་པོ་ལ་བལྟས་ན། ཨ་མདོ་རྔ་བའི་གནས་ཚུལ་བྱུང་ནས་ཉིན་གྲངས་མང་པོ་རེད།
བཀའ་ཁྲི་གསར་དེ་ལ་ད་བར་དུ་མང་ཚོགས་རེ་བསྒུག་ངང་ཡོད་བཞིན་པ་དེ་ཐོན་མ་ཐག་ཏུ་ཚང་མས་དོ་སྣང་ཆཻ་བ་དེ་བྱེད་ཀྱི་ཡོད་རེེད་སེམས་སོ།

 
 
30.04.2011 03:55:09

དྲ་གྲོགས་ཕུན་རྟ་ལགས། སླར་ཡང་མཇལ་བ་མ་ཟད། ཉིད་ཀྱིས་གནས་ལུགས་ཀྱི་རྒྱུ་མཚན་བཤད་པ་ཐུགས་རྗེ་ཆེ། རང་ཅག་ཚང་མས་རང་གིས་རང་ལ་དྲིས་ནས་ལན་གཅིག་དང་ཚོར་བ་གཅིག་ཡིན་ན། དེ་ནི་ང་ཚོའི་བོད་མི་རིགས་ཀྱི་རྩ་དོན་ལ་དགོས་པའི་ལན་རེད།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -