ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

28.04.2011 07:58:28
བྱ་ཁྲ་བསོད་ནམས།

འགྲན་རྩོམ་གསལ་བརྡ། གངས་ལྗོངས་གེ་སར་ཚང་བྲིས་རྩོམ་འགྲན་བསྡུར་། འདི་ལོ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་རྒྱལ་བ་དོན་གྱི་བདག་པོ་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་མི་མང་ལ་གནང་ཞིང་།  གཞུང་ས་དགའ་ལྡན་ཕོ་བྲང་ཆེན་མོ་ཕྱིར་བསྡུ་གནང་བའི་དུས་རིམ་གྱི་འཕོ་འགྱུར་ཧ་ཅང་གནད་འགག་ཅན་ཞིག་དང་།
བོད་མི་རིགས་ལ་མཚོན་ན་སྐྱབས་མེད་མགོན་མེད་བྱིས་པ་ཐང་སྟོང་དུ་ལྷུང་པ་ལྟ་བུའི་མྱོང་ཚོར་ཟབ་མོ་འོང་བའི་དུས་ཚོད་གཉན་ཕྲང་ཅན་འདིར་རང་ཅག་གངས་ཅན་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོགས་པའི་ལྷ་སྐལ་འཕགས་མཆོག་ཕྱག་ན་པདྨོ་མཆོག་གིས་རང་ཅག་གངས་ཅན་བོད་མིའི་བདེ་སྡུག་ཇི་ལྟར་ཕྱག་དུ་བསྣམས་པ་དང་། ལྷག་པར་དུ་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་གངས་ཅན་པ་རྣམས་ལ་དྲིན་གྱིས་ཇི་ལྟར་བསྐྱངས་ཡོད་མེད་ཤེས་ཤིང་བཀའ་དྲིན་རྗེས་དྲན་དང་མི་རབས་ཕྱི་མ་རྣམས་ལ་རྩིས་སྤྲོད་དགོས་པ་ནི།  ང་ཚོའི་མི་ཐིག་གི་ལས་འགན་ལ་སོང་།  གངས་ལྗོངས་གེ་སར་ཚང་གིས་བརྗོད་བྱར།༼ གངས་རིའི་མགོན་པོ་དང་གངས་ཅན་པ།༽ཞེས་པའི་འགྲན་རྩོམ་འདི་གོ་སྒྲིག་བྱེད་བཞིན་ཡོད།   འདིར་ལོ་ཚད་སོགས་ལ་ཚད་བཀག་གང་ཡང་མེད་པ་མ་ཟད་གཤམ་གསལ་ལྟར་གསོལ་རས་ཀྱང་མི་ཆུང་བ་འབུལ་རྩིས་ཡོད་ན།  རྒྱ་ཆེའི་སྨྱུག་ཐོགས་པ་གང་མང་འཛུལ་ཞུགས་ཡོང་བའི་འབོད་སྐུལ་ཞུ།

ཐུགས་སྣང་དགོས་པ།

༡༽  རྩོམ་ཡིག་གི་ལུས་ཇི་ལྟར་རུང་ཡང་།  ཚེག་བར་ཉུང་མཐའ་ཉིས་སྟོང་ལྔ་བརྒྱ་དང་མང་མཐའ་བཞི་སྟོང་ཡིན།

༢༽ རྩོམ་ཡིག་དཔྱད་འདེམས་དང་བརྒྱ་ཆ་སྤྲོད་ཕྱོགས་ནི།  རང་རིགས་བཙན་བྱོལ་ནང་ཚད་འཛིན་ཡོད་པའི་རྩོམ་པ་གང་མང་ལ་ཕུལ་ནས་དེ་དག་གིས་རྩོམ་ཡིག་རྩེ་ཕུད་བཅུ་ལ་གནང་བའི་ཨང་རིམ་ལ་བརྒྱ་ཆ་ལྔ་བཅུ་དང།   རྩོམ་ཡིག་རྩེ་ཕུད་བཅུ་པོ་དེ་དག་དྲ་རྒྱའི་ཐོག་ཏུ་ཟླ་གཅིག་རིང་བཀོད་ཅིང་།  བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོ་ཡོད་དོ་ཅོག་གིས་འོས་ཤོག་ལ་བརྒྱ་ཆ་ལྔ་བཅུ་ཚད་འཛིན་བྱས་ཏེ་མཐའ་མའི་ཐག་གཅོད་གཏན་འབེབས་བྱ་རྒྱུ་ཡིན།   བརྒྱ་ཆ་སྤྲོད་མཁན་སུ་ཡིན་དང།  དྲ་རྒྱ་གང་དུ་འོས་ཇི་ལྟར་ལྡུག་དུས་ཐོག་ཏུ་གསལ་སྒྲོག་བྱ་རྒྱུ་ཡིན།

༣༽ རྩོམ་ཡིག་སྐུར་བའི་མཐའ་མའི་དུས་ཚོད་དང་བསྐུར་སའི་བརྒྱུད་ལམ།  རྩོམ་ཡིག་བསྐུར་སའི་བརྒྱུད་ལམ་ནི་གློག་ཡིག་ཁོ་ན་ཡིན་པས།  རྩོམ་པ་པོ་ཚང་མས་རྩོམ་ཡིག་གཤམ་གསལ་གློག་ཡིག་ཁ་བྱང་ཐོག་གཏོང་རོགས།  རྩོམ་ཡིག་དང་ལྷན་དུ་འབྲེལ་བ་བྱེད་སའི་སྡོད་གནས་ཁ་བྱང་དང་ཁ་པར་ཨང་གྲངས་སོགས་གསལ་པོ་དང་རང་ཉིད་ཀྱི་ཕྱེད་དཔར་རེ་ཡང་བསྐུར་རོགས།   རྩོམ་ཡིག་སྐུར་བའི་མཐའ་མའི་དུས་ཚོད་ནི་འདི་ལོའི་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་ཕྱི་ཟླ་༧་པའི་ཚེས་༦་ལ་ཡིན།

༤༽    དཔེ་དེབ་འགྲེམས་སྤེལ་དང་ཨང་རིམ་གསལ་སྒྲོག་གི་དུས་ཚོད།    འགྲན་རྩོམ་ནང་གི་རྩོམ་ཡིག་རྩེ་ཕུད་ཉི་ཤུ་འདེམས་སྒྲུག་གིས་དེབ་གཟུགས་སུ་དཔར་བཏབ་ནས་འདི་ལོའི་ལོ་མཇུག་དང་འཆར་ལོའི་ལོ་འགོར་༧གོང་ས་མཆོག་གི་རྡོ་གདན་དུས་དབང་སྐབས་འགྲེམས་སྤེལ་བྱ་རྒྱུ་དང་།   ཨང་རིམ་གྱི་བྱ་དགའ་ཡང་དེའི་སྐབས་སྤྲོད་ཀྱི་ཡིན།

གངས་ལྗོངས་གེ་སར་ཚང་བྲིས་རྩོམ་འགྲན་བསྡུར་གྱི་བྱ་དགའ།

ཨང་རིམ་དང་པོ་ནས་གསུམ་པ་བར་ཨང་རིམ་གྱི་བྱ་དགའ།

ཨང་དང་པོར་ཧིན་སྒོར་ཁྲི་གསུམ་། ༼ ༣༠༠༠༠༽

ཨང་གཉིས་པར་ཧིན་སྒོར་ཁྲི་གཉིས།  ༼༢༠༠༠༠༽

ཨང་གསུམ་པར་ཧིན་སྒོར་ཁྲི་གཅིག  ༼༡༠༠༠༠༽

ཨང་བཞི་པ་ནས་བཅུ་པ་བར་ལེགས་བསྟོད་ཀྱི་བྱ་དགའ་།  མི་རེ་ལ་ཧིན་སྐོར་ཆིག་སྟོང་ལྔ་བརྒྱ་བཅས་འབུལ་རྒྱུ་དང་རྩོམ་ཡིག་རྩེ་ཕུད་བཅུའི་རྩོམ་པ་པོར་ཕྱག་འཁྱེར་རེ་ཡང་འབུལ་རྒྱུ་ཡིན།
འབྲེལ་བ་བྱེད་ས།

ཨ་རིར།   Kalsang GGT  1860 Shalburne    RD. S.  Burlington VT   05403  USA

phone no: 0018028637110   E- Mail:  kalsagggt9@yahoo.com

རྒྱ་གར་ནང།    Sonam Tsering  Sermey  Tsawakhamtsen House no:37  P.O   Byllakupe   distt  Mysore

kS)  India   Phone  no: 9945034410   E- Mail:  kalsagggt9@yahoo.com

གངས་ལྗོངས་གེ་སར་ཚང་བྲིས་རྩོམ་འགྲན་བསྡུར་གོ་སྒྲིག་པས།


  
 

28.04.2011 10:51:34

རྩོམབརྡ་འདིར་མཉམ་ཞུགས་བྱ་རྒྱུ་འབད་རྩོལ་ཞུ་རྒྱུ་ཡིན། འོན་ཀྱང་གོང་གི་ཁ་བྱང་ཐོག་འབྲེལ་གཏུགས་བྱས་ཐུབ་ཀྱི་མི་འདུག་སོང་ཙམ་བསོད་ནམས་ཚེ་རིང་གི་གློག་ཕྲིན་ཁ་བྱང་འདིར་བཀོད་རོགས་ཁོང་ལ་འབྲེལ་བ་བྱ་རྒྱུ་ཡིན།
འདིའི་སྐོར་བཀའ་མོལ་ཚིགས་ཁ་ཤས་ཀྱང་ཞུ་རྒྱུ་ཡོད། བྱུང་ན་ཁོང་གི་ཁ་པར་ཨང་ཡང་གནང་རོགས།

 
 
28.04.2011 11:23:35

དྲ་གྲོགས་དབྱངས་ལགས་། ་མགྲོན་འབོད་བྱེད་པ་ལྟར་འཔེབས་རྒྱུའི་ཞལ་བཞེས་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། ངེས་པར་དུ་འཕེབས་རོགས་གནང། འདི་ཁྱེད་རྣམ་པ་བོད་མི་རིགས་དང་སྐད་ཡིག་ལ་དུང་ཞེན་ཡོད་མཁན་རྣམས་འཕེབས་སའི་ཆེད་དུ་བསྐྲུན་པའི་སྟེགས་བུ་ཞིག་ཡིན། འབྲེལ་བ་བྱེད་ས་བསོད་ནམས་ཚེ་རིང་གི་ཁ་བྱང་ནི་གཤམ་གསལ་ལྟར་ཡིན
E mail: sonamganglha@yahoo.com
phon no: 91+9945034410

 
 
29.04.2011 13:09:38

ཐུགས་རྗེ་ཆེ་ཞུ། རྗེས་སུ་འབྲེལ་བ་བྱ་ངེས་ཡིན། བསམ་ཚུལ་རྗེ་ལན་གྱི་བགྲོ་གླེང་ནང་དུ་ཡང་མཉམ་ཞུགས་བྱ་ཆོག

 
 
28.04.2011 12:24:57

རྩོམ་ཡིག་འགྲན་བསྡུར་གྱི་གསལ་བརྡ་བྱས་པར་དགའ་བསུ་ཡོད།
རབ་བྱུང་ན་ཁ་བྱང་གསལ་པོ་འཁོད་གལ་ཆེ་བ་མཐོང་གཞན་རྣ་ཉོན་
བྱེད་རྒྱུ་ལས་གཞན་ཅི།

 
 
28.04.2011 21:52:54

ལི་ཐང་ངག་དབང་ལགས། ཁ་བྱང་གསལ་པོ་འགོད་གལ་ཆེ་ཟེརབ་འདི། འབྲེལ་ལམ་གྱི་ཁ་བྱང་ཟེར་གྱི་ཡོད། ཡང་ན། བརྗོད་གཞིའི་ཁ་བྱང་ཟེར་གྱི་ཡོད་གསལ་པོ་ཞིག་གསུངས་རོགས།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -