ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

21.04.2011 19:56:42
བྱ་ཁྲ་བསོད་ནམས།

གངས་ལྗོངས་གེ་སར་ཚང་བྲིས་རྩོམ་འགྲན་བསྡུར་། འདི་ལོ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་རྒྱལ་བ་དོན་གྱི་བདག་པོ་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་མི་མང་ལ་གནང་ཞིང་།  གཞུང་ས་དགའ་ལྡན་ཕོ་བྲང་ཆེན་མོ་ཕྱིར་བསྡུ་གནང་བའི་དུས་རིམ་གྱི་འཕོ་འགྱུར་ཧ་ཅང་གནད་འགག་ཅན་ཞིག་དང་།
བོད་མི་རིགས་ལ་མཚོན་ན་སྐྱབས་མེད་མགོན་མེད་བྱིས་པ་ཐང་སྟོང་དུ་ལྷུང་པ་ལྟ་བུའི་མྱོང་ཚོར་ཟབ་མོ་འོང་བའི་དུས་ཚོད་གཉན་ཕྲང་ཅན་འདིར་རང་ཅག་གངས་ཅན་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོགས་པའི་ལྷ་སྐལ་འཕགས་མཆོག་ཕྱག་ན་པདྨོ་མཆོག་གིས་རང་ཅག་གངས་ཅན་བོད་མིའི་བདེ་སྡུག་ཇི་ལྟར་ཕྱག་དུ་བསྣམས་པ་དང་། ལྷག་པར་དུ་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་གངས་ཅན་པ་རྣམས་ལ་དྲིན་གྱིས་ཇི་ལྟར་བསྐྱངས་ཡོད་མེད་ཤེས་ཤིང་བཀའ་དྲིན་རྗེས་དྲན་དང་མི་རབས་ཕྱི་མ་རྣམས་ལ་རྩིས་སྤྲོད་དགོས་པ་ནི།  ང་ཚོའི་མི་ཐིག་གི་ལས་འགན་ལ་སོང་།  གངས་ལྗོངས་གེ་སར་ཚང་གིས་བརྗོད་བྱར།༼ གངས་རིའི་མགོན་པོ་དང་གངས་ཅན་པ།༽ཞེས་པའི་འགྲན་རྩོམ་འདི་གོ་སྒྲིག་བྱེད་བཞིན་ཡོད།   འདིར་ལོ་ཚད་སོགས་ལ་ཚད་བཀག་གང་ཡང་མེད་པ་མ་ཟད་གཤམ་གསལ་ལྟར་གསོལ་རས་ཀྱང་མི་ཆུང་བ་འབུལ་རྩིས་ཡོད་ན།  རྒྱ་ཆེའི་སྨྱུག་ཐོགས་པ་གང་མང་འཛུལ་ཞུགས་ཡོང་བའི་འབོད་སྐུལ་ཞུ།

ཐུགས་སྣང་དགོས་པ།

༡༽  རྩོམ་ཡིག་གི་ལུས་ཇི་ལྟར་རུང་ཡང་།  ཚེག་བར་ཉུང་མཐའ་ཉིས་སྟོང་ལྔ་བརྒྱ་དང་མང་མཐའ་བཞི་སྟོང་ཡིན།

༢༽ རྩོམ་ཡིག་དཔྱད་འདེམས་དང་བརྒྱ་ཆ་སྤྲོད་ཕྱོགས་ནི།  རང་རིགས་བཙན་བྱོལ་ནང་ཚད་འཛིན་ཡོད་པའི་རྩོམ་པ་གང་མང་ལ་ཕུལ་ནས་དེ་དག་གིས་རྩོམ་ཡིག་རྩེ་ཕུད་བཅུ་ལ་གནང་བའི་ཨང་རིམ་ལ་བརྒྱ་ཆ་ལྔ་བཅུ་དང།   རྩོམ་ཡིག་རྩེ་ཕུད་བཅུ་པོ་དེ་དག་དྲ་རྒྱའི་ཐོག་ཏུ་ཟླ་གཅིག་རིང་བཀོད་ཅིང་།  བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོ་ཡོད་དོ་ཅོག་གིས་འོས་ཤོག་ལ་བརྒྱ་ཆ་ལྔ་བཅུ་ཚད་འཛིན་བྱས་ཏེ་མཐའ་མའི་ཐག་གཅོད་གཏན་འབེབས་བྱ་རྒྱུ་ཡིན།   བརྒྱ་ཆ་སྤྲོད་མཁན་སུ་ཡིན་དང།  དྲ་རྒྱ་གང་དུ་འོས་ཇི་ལྟར་ལྡུག་དུས་ཐོག་ཏུ་གསལ་སྒྲོག་བྱ་རྒྱུ་ཡིན།

༣༽ རྩོམ་ཡིག་སྐུར་བའི་མཐའ་མའི་དུས་ཚོད་དང་བསྐུར་སའི་བརྒྱུད་ལམ།  རྩོམ་ཡིག་བསྐུར་སའི་བརྒྱུད་ལམ་ནི་གློག་ཡིག་ཁོ་ན་ཡིན་པས།  རྩོམ་པ་པོ་ཚང་མས་རྩོམ་ཡིག་གཤམ་གསལ་གློག་ཡིག་ཁ་བྱང་ཐོག་གཏོང་རོགས།  རྩོམ་ཡིག་དང་ལྷན་དུ་འབྲེལ་བ་བྱེད་སའི་སྡོད་གནས་ཁ་བྱང་དང་ཁ་པར་ཨང་གྲངས་སོགས་གསལ་པོ་དང་རང་ཉིད་ཀྱི་ཕྱེད་དཔར་རེ་ཡང་བསྐུར་རོགས།   རྩོམ་ཡིག་སྐུར་བའི་མཐའ་མའི་དུས་ཚོད་ནི་འདི་ལོའི་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་ཕྱི་ཟླ་༧་པའི་ཚེས་༦་ལ་ཡིན།

༤༽    དཔེ་དེབ་འགྲེམས་སྤེལ་དང་ཨང་རིམ་གསལ་སྒྲོག་གི་དུས་ཚོད།    འགྲན་རྩོམ་ནང་གི་རྩོམ་ཡིག་རྩེ་ཕུད་ཉི་ཤུ་འདེམས་སྒྲུག་གིས་དེབ་གཟུགས་སུ་དཔར་བཏབ་ནས་འདི་ལོའི་ལོ་མཇུག་དང་འཆར་ལོའི་ལོ་འགོར་༧གོང་ས་མཆོག་གི་རྡོ་གདན་དུས་དབང་སྐབས་འགྲེམས་སྤེལ་བྱ་རྒྱུ་དང་།   ཨང་རིམ་གྱི་བྱ་དགའ་ཡང་དེའི་སྐབས་སྤྲོད་ཀྱི་ཡིན།

གངས་ལྗོངས་གེ་སར་ཚང་བྲིས་རྩོམ་འགྲན་བསྡུར་གྱི་བྱ་དགའ།

ཨང་རིམ་དང་པོ་ནས་གསུམ་པ་བར་ཨང་རིམ་གྱི་བྱ་དགའ།

ཨང་དང་པོར་ཧིན་སྒོར་ཁྲི་གསུམ་། ༼ ༣༠༠༠༠༽

ཨང་གཉིས་པར་ཧིན་སྒོར་ཁྲི་གཉིས།  ༼༢༠༠༠༠༽

ཨང་གསུམ་པར་ཧིན་སྒོར་ཁྲི་གཅིག  ༼༡༠༠༠༠༽

ཨང་བཞི་པ་ནས་བཅུ་པ་བར་ལེགས་བསྟོད་ཀྱི་བྱ་དགའ་།  མི་རེ་ལ་ཧིན་སྐོར་ཆིག་སྟོང་ལྔ་བརྒྱ་བཅས་འབུལ་རྒྱུ་དང་རྩོམ་ཡིག་རྩེ་ཕུད་བཅུའི་རྩོམ་པ་པོར་ཕྱག་འཁྱེར་རེ་ཡང་འབུལ་རྒྱུ་ཡིན།
འབྲེལ་བ་བྱེད་ས།

ཨ་རིར།   Kalsang GGT  1860 Shalburne                     རྒྱ་གར་ནང།    Sonam Tsering  Sermey  Tsawakhamtsen

RD. S.  Burlington VT   05403  USA                               House no:37  P.O   Byllakupe   distt  Mysore

phone no: 0018028637110                                                    (kS)  India   Phone  no: 9945034410

E- Mail:  kalsagggt9@yahoo.com                                         E- Mail:  kalsagggt9@yahoo.com

གངས་ལྗོངས་གེ་སར་ཚང་བྲིས་རྩོམ་འགྲན་བསྡུར་གོ་སྒྲིག་པས།


  
 

22.04.2011 02:30:18

བོད་མིའི་སྤྱི་ཚོགས་ནང་རྩམ་ཡིག་གི་རྒྱུན་འདི་རྩོམ་ཡོན་དང་། རྩོམ་པོར་མཐོང་བཀུར་གྱིས་སྐྱོང་དགོས་པའི་ཐད་ནས་བསམ་ན། འཚོ་བའི་ཟས་ལ་མི་བརྟེན་སུའང་མེད་པའི་གནས་ལུགས་ཀྱིས་དེད་ཡོང་དུས། འདིར་དགའ་བསུ་དང་། བྱ་བ་དོན་སྨིན་ཡོང་བའི་རེ་བ་ཆེ་ཞུ། མི་དཀྱུས་མ་ཞིག་ལ་བསམ་ནའང་། ང་ཚོའི་སྤྱི་ཚོགས་ནང་ལ་འདི་འདྲའི་ལས་འགུལ་ཆེ་ཕྲ་སྣ་མང་ཞིག་ཡོད་ན། བོད་ཡིག་ལ་འཐམ་ནས་རང་ཉིད་ལ་ཅི་ཞིག་འཐོམ་བཞིན་པའི་ཧམ་སེམས་ཀྱིས་དེར་དོ་དབྱིངས་དང་། སྦྱོང་བརྩོན་གྱིས་ང་ཚོའི་སྐད་ཡིག་འདི་རྒྱུན་འཛིན་ལའང་རང་བཞིན་གྱིས་འཕྱ་གྲུ་མཉམ་འདེད་ཅིག་ཡོང་གིན་ཡོད་པ་ནི་སྨོས་མེད་རེད་དྲན།

 
 
22.04.2011 03:07:59

འཆམ་ར་ལགས། དེང་སང་དུས་སྙིགས་མ་རང་གིས་མ་བྱེད་ལ་གཞན་ལ་ཡང་བྱེད་མི་འཇུག་པར་སྐྱོན་མེད་སྐྱོན་འཛུགས་བྱེད་པའི་དུས་འདིར། ཁྱེད་ཀྱི་རྒྱབ་སྐྱོར་འདི་རྩ་ཆེར་བརྩི་གིན་ཡོད། ཐུགས་རྗེ་ཆེ་གནང།་

 
 
22.04.2011 03:52:27

མཛེས་མ་འགྲན་བསྡུར་ལ་སྒོར་འབུམ་སྤྲོད་པ་ལས་རྩོམ་ཡིག་འགྲན་བསྡུར་ལ་འགྲོ་གྲོན་བཏང་ཐུབ་ན་ཡག་ཤོས་རེད།

 
 
22.04.2011 05:13:27

དྲ་གྲོགས་རྣམས། འདི་ནི་སྤྱིར་༧གོང་ས་མཆོག་གིས་ཆབ་སྲིད་ཐུགས་འགན་མི་མང་ལ་གནང་ཞིང། གཞུང་ས་དགའ་ལྡན་ཕོ་བྲང་ཕྱིར་བསྡུ་གནང་བའི་དུས་ཚོད་ལོ་རྒྱུས་ཀྱི་དྲན་ཐོར་འགོད་པ་དང། གཞན་ཡང་སྨྱུག་པ་རྣམ་པར་སྟེགས་བུ་ཞིག་བསྐྲྱུན་ཡོད་ན། རྣམ་པ་གང་མང་འཕེབས་པའི་རེ་བ་བྱེད་བཞིན་འདུག

 
 
22.04.2011 05:32:06

དྲ་གྲོགས་བྱ་ཁྲ་བསོད་ནམས་ལགས།གཞུང་དགའ་ལྡན་ཕོ་བྲང་ནི་སྐྱབས་མགོན་ཏཱ་ལའི་བླ་མའི་བླ་བྲང་གི་མཚན་ཡིན་ཞིང།མ་འོངས་རྒྱལ་བ་རིན་པོ་ཆེའི་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་ཡང་བོད་རིགས་མི་མང་གི་རེ་འདུན་ལ་ལྟ་དགོས་རེད།ཅེས་དོན་གྱི་བདག་པོས་ཉེ་དུས་ཞལ་དྲོན་མོ་ནས་གསུངས་ཡོད།
འདིར་ཆོས་སྲིད་ཟུང་འབྲེལ་གྱི་ཆབ་སྲིད་ལམ་ལུགས་སྒོ་བརྒྱབ་པ་རེད་ཟེར་ན་ནོར་འཛོལ་ཡོང་མི་སྲིད་སྙམ་མོ།


 
 
22.04.2011 11:42:50

གངས་ལྷ་མོ་ལགས སེམས་བཟང་གི་དགོངས་ཚུལ་གནང་བར་ཐུགས་རྗེ་ཆཻ་ཞུ་རྒྱུ་ཡིན། ཁྱེད་ཉིད་ཀྱིས་གསུངས་པ་ལྟར་མགོ་འཁྲུལ་ཉེས་འདུག གཞུང་ས་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ལམ་ལུགས་ཕྱིར་བསྡུས་གནང་བ་ཞེས་བཅོས་ཀྱི་ཡིན།

 
 
23.04.2011 13:18:44

རྣམ་པ་ཚོས་བོད་ཡིག་གི་ཆེ་མཐོང་ཆེད་དུ་ཕྱག་ལས་འདི་འདྲ་ཞིག་གནང་བའང་བསྔགས་བརྗོད་ཀྱི་ཡུལ་དུ་ཆེ་སྟེ། བོད་ཀྱི་སྐད་ཡིག་གཉིས་ལ་སྲུང་སྐྱོབ་བྱེད་པ་ནི། མི་རིགས་འདིའི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པ་ཁོ་ན་རེད།
ཡང་་་་་་་་་་་་་་་་་་་་་་་་་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཕྱིར་བསྡུ་གནང་ཨེ་ཡོད་སྙམ། དེ་བས་གཞུང་ས་དགའ་ལྡན་ཕོ་བྲང་ངམ་༸རྒྱལ་དབང་དོན་གྱི་བདག་པོ་སྐུ་ཕྲེང་རིམ་བྱོན་གྱིས་སྲིད་ཕྱོགས་ཀྱི་མཛད་འགན་བཞེས་པའི་རྒྱུན་ནམ་སྲོལ་དེ་བསྡུས་གནང་བ་རེད། སྙམ།

 
 
23.04.2011 21:09:46

རྩོམ་གྱི་འགྲན་བསྡུར་སྤེལ་བ་ལ་བསྔགས་བརྗོད་ལོསསྐབས་དང་འཁེལ་བས་བརྗོད་གཞི་གངས་རིའི་མགོན་པོ་དང་
གངས་ཅན་པར་བསྔགས་བརྗོད་ཡོད་དང་ཡོད་་་་་་་་་གཟིགས་དང་གྲོགས་པོ་་་་བརྗོད་གཞི་དེའི་ཐོག་ཚད་མེད་པའི་ལོ་རྒྱུས་མང་ནའང་༧མགོན་པོས་གཙོ་བོར་བོད་མི་མང་གི་ངོས་ནས
ཆབ་སྲིད་ཀྱི་འགན་དབང་སུར་སྤྲད་མ་སྤྲད་ཀྱི་རང་དབང་དེ་ང་ཚོ་བོད་མི་དམངས་ལ་གནང་བ་རེད།

 
 
23.04.2011 22:51:27

བསམ་པ་ལགས། རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ། ཁྱེད་ཀྱང་དེའི་ནང་དུ་འཛུལ་ཞུགས་ཡོང་བའི་རེ་བ་ཞུ་བཞིན་ཡོད།

 
 
24.04.2011 02:29:49

ཁོ་བོ་ལ་སྦྱངས་པའི་ཡོན་ཏན་དང་ལྷན་སྐྱེས་ཤེས་རབ་གང་ཡང་མེད་ཀྱང་།བྱ་བ་འདི་ལ་ཆེ་མཐོང་དང་ཡི་རངས་མཚོན་སླད་དུ་རྩོམ་འགྲན་སྟེགས་བུ་དེར་འཁྱུག་ཙམ་གོག་འགྲོས་བྱ་ཡོང་གི་ཡིན་ལ། ཁྱེད་བཀོད་སྒྲིག་པ་ཡོངས་ལ་ལེགས་སོ་དང་ཁ་དྲོ་ཞུ།

 
 
24.04.2011 07:05:52


ཤེས་རིག་སྒྱུ་རྩལ་ཟབ་མོ་ང་ལ་མེད་ཀྱང་།།
རིགས་ཞེན་གཙང་མ་ཞིག་གིས་སེམས་ཁམས་བཟི་བས།།
མ་འོངས་རྒྱབ་ལྗངས་གཙང་མའི་བྱ་བཞག་འདི་རུ།།
དགའ་སྤྲོ་འཛུམ་གྱི་བར་ནས་གར་སྟབས་ངོམ་དགོས།།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -