ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

20.04.2011 11:20:20
བྱ་ཁྲ་བསོད་ནམས།

གངས་ཅན་ཆོལ་གསུམ་སྤུན་ཟླ། ། གདུང་དྲུག་རིགས་ལས་མཆེད་པ། །
སྤུན་ཟླའི་འདུན་ཤེས་མངའ་ན། ། མི་རིགས་དཔའ་རྒོད་ཁྱེད་ཡིན། །
གངས་ལྗོངས་བདེན་པའི་ལོ་རྒྱུས། ། འཆི་བའི་སྲོག་ལ་ཐུག་ཀྱང༌། །
སྨྲ་བའི་བློ་སྟོབས་ལྡན་ན། ། མི་རིགས་དཔའ་རྒོད་ཁྱེད་ཡིན། །

གངས་ལྗོངས་མི་རིགས་བླ་སྲོག ། ཆོས་དང་རིག་གཞུང་བཟང་པོ། །
མི་ཉམས་རྒྱུན་འཛིན་ཐུབ་ན། ། མི་རིགས་དཔའ་རྒོད་ཁྱེད་ཡིན། །
གངས་ཅན་སྣོད་བཅུད་ཁྱད་ནོར། །  གཏོར་སྐྱོན་དགྲ་ཇག་ཁ་ལས། །
ཉེན་སྲུང་གཅེས་སྐྱོང་བྱས་ན། ། མི་རིགས་དཔའ་རྒོད་ཁྱེད་ཡིན། །
གདུང་དྲུག་རིགས་རྒྱུད་ངག་ལས། ། བྱུང་བའི་སྐད་དང་ཡི་གེ། །
རྒྱུན་སྤྱོད་གཅེས་འཛིན་གནང་ན། ། མི་རིགས་དཔའ་རྒོད་ཁྱེད་ཡིན། །
  
 

20.04.2011 15:39:32

བྱ་ངན་གོ་བོའི་ཚང་ནས་ཁྱི་ཕྲུག་སྐྱེས་པའི་ལོ་རྒྱུས་གོ་མྱོང་ཡང་། གདོང་དམར་བོད་

 
 
21.04.2011 14:24:36

སེར་སྨད་བློ་དགའི་ཞལ་ལས་གཏམ་བཟང་ཐོས་པའི་དུས་དང་བྱ་ངན་གོ་བོའི་ཚང་ལས་ཁྱི་ཕྲུག་སྐྱེ་བའི་གཅིག་ལ་འཇོག་ན། ཇི་འདྲ་འདུག དྲ་གྲོགས་ཚོ།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -