ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

20.04.2011 11:10:43
བྱ་ཁྲ་བསོད་ནམས།

སྐེད་ཐོགས་ཀྱི་རལ་གྲི་རྣོན་པོ། །
སྙིང་སྟོབས་ཀྱི་གོ་མཚོན་སྤྱད་དེ། །
རིགས་གཅིག་གི་སྤུན་ཟླར་བསྣུན་པ། །
མདོ་ཁམས་ཀྱི་ཕོ་རྒོད་མ་ཡིན། །

ཁ་གང་གི་རྩ་ཆུའི་དོན་ཕྱིར། །
ཤ་ཁྲག་གི་སྤུན་གཉེན་ལྷན་དུ། །
ལུས་སྲོག་གི་རྩེད་མོ་རྩེ་བ། །
མདོ་ཁམས་ཀྱི་དཔའ་བོ་མ་ཡིན། །
གྲུ་བཞི་ཡི་རྒྱ་ལྕོག་སྟེང་དུ། །
སོ་ཕག་གིས་རྩིག་པ་བརྩེགས་ཏེ། །
ཉིན་མཚན་གྱི་འཁོར་ལོ་བསྐོར་བ། །
མདོ་ཁམས་ཀྱི་དུས་ཚོད་མ་ཡིན། །
མཐོ་དམན་གྱི་སྐད་ཆ་ཚིག་འགས། །
སྙིང་ཁམས་ཀྱི་སྲོག་རླུང་དཀྲུགས་ཏེ། །
སྤུན་ཟླ་ཡི་ལུས་སྲོག་བཅོམ་པ། །
མདོ་ཁམས་ཀྱི་ལ་རྒྱ་མ་ཡིན། །
དུས་རབས་ཀྱི་སྲིང་སྐུད་བརྒྱུས་པའི། །
ཕྲེང་རྡོག་གི་རིན་ལྡན་ཁྱད་ནོར། །
ཕྱིར་འདྲེན་གྱི་ཚོང་རིགས་གཉེར་པ། །
མདོ་ཁམས་ཀྱི་ཚོང་དཔོན་མ་ཡིན། །

  
 

20.04.2011 13:15:10

རེད་དང་མ་རེད། དྲ་གྲོགས་རྣམས་དགོངས་ཚུལ་གང་ཡོད་གསུངས་ཤིག

 
 
20.04.2011 13:42:02

སློབ་ར་དང་སྦྱོང་ར་སྐྱུར་ནས།།
རིང་གྲི་ཐུང་གྲི་ཐོགས་ཏེ།།
ཁྱེད་ཤི་་ང་གསོན་གླེང་མཁན།།
མདོ་ཁམས་ཕོ་རྒོད་མ་ཡིན།།

ཡོན་ཏན་དང་སྦྱོང་བས་ཁེངས་ཏེ།།
བློས་བཏང་དང་ཐབས་ཚུལ་སྒོ་ནས།།
མི་རིགས་དང་ལས་དོན་སྐྱོང་མཁན།།
མདོ་ཁམས་པའི་ཕོ་རྒོད་ངོ་མ།།


 
 
20.04.2011 14:04:27

ཧམ་གཏམ་དང་རྐུན་ཇག་རྒྱུ་ནོར།
རྒྱུན་སྤྱོད་ཀྱི་ཟས་གོས་ལ་བརྟེན་ནས།
མི་ཚེ་ཡི་འཚོ་བ་ལ་རྟེན་མཁན།
མདོ་ཁམས་ཀྱི་ཕོ་རྒོད་མ་ཡིན།

གཡོ་སྒྱུ་དང་དཔྲལ་ལེ་མི་ཤེས།
དྲང་བདེན་དང་ལ་ཞེན་ཆེན་པོས།
མི་རིགས་ཀྱི་གཡུལ་སར་ཕེབས་པ།
མདོ་ཁམས་ཀྱི་ཕོ་རྒོད་ཡིན་འདྲ།

 
 
21.04.2011 00:23:39

གྲོགས་པ་ཚོ། སྐབས་དང་དུས་ལ་ལྟོས་དགོས་པ་འདྲ།

རྒྱ་དམག་པོས་བཙན་འཛུལ་བྱེད་པའི་ཚེ། །
རྒྱབ་འཕྲུལ་གྱི་མེ་མདའ་མེད་ན་ཡང་། །
སྐེད་རལ་གྲི་གནམ་ལ་འཕྱོར་ཐུབ་མཁན། །
བུ་དཔའ་བོ་མདོ་ཁམས་ཕོ་རྒོད་ཡིན། །

མི་ཡུལ་དུ་ཡུལ་གྱར་སླེབས་པའི་ཚེ། །
གསེར་དངུལ་གྱི་དོ་པོ་མེད་ན་ཡང་། །
ལུས་འཁོར་གསུམ་མཚོན་ཆ་ལ་བསྟེན་ནས། །
ཁཽང་གདན་ཞུ་རྣམས་མཁན་ཕོ་རྒོད་ཡིན། །





 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -