ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

09.04.2011 21:17:55
མྱི་དུག་གྲོལ།

RWith_you_fore ཁ་བྱང་གི་འགྲེལ---- བརྩེད་དུང་ནི་ནམ་ཡང་ལྷད་མེད་ཅིག་དགོས།
ང་ཡིས་ཁྱེད་ལ་གཅེར་པའི་ཟུར་མིག་འཕངས།།
ཁྱེད་ཀྱིས་ང་ལ་སྟག་ཤའི་འཛུམ་ཞིག་སྟོན།།
ངེད་གཉིས་བར་གྱི་ལྷད་མེད་བརྩེ་དུང་དེ།།
ནམ་ཡང་མི་འགྱུར་རྡོ་རྗེ་བྲག་རི་ཡིན།།

ང་ཡིས་ཁྱེད་ལ་སྙིང་གི་དགའ་གྲོགས་འབོད།།
ཁྱེད་ཀྱིས་ང་ལ་སྙིང་གི་ཚིག་ལུ་འབོད།།
ངེད་གཉིས་བར་གྱི་ལྷད་མེད་བརྩེ་དུང་དེ།།
ནམ་ཡང་འགྱུར་མེད་གནམ་ལྕགས་རྡོ་རྗེ་ཡིན།།

ང་ཡིས་ཁྱེད་ལ་སྐེད་པར་དུམ་དུ་བཅིངས།།
ཁྱེད་ཀྱིས་ང་ལ་ཞིམ་པོའི་འོ་ཞིག་སྦྱིན།།
ངེད་གཉིས་བར་གྱི་ལྷད་མེད་བརྩེ་དུང་དེ།།
ནམ་ཡང་འགྱུར་མེད་སེམས་ཀྱི་རང་གཤིས་ཡིན།།

ང་ཡིས་ཁྱེད་ལ་དགའ་བའི་འཕྲིན་ཞིག་བསྐུར།།
ཁྱེད་ཀྱིས་ང་ལ་དུངས་བའི་འཕྲིན་ལན་སླེབས།།
ངེད་གཉིས་བར་གྱི་ལྷད་མེད་བརྩེ་དུང་དེ།།
སླར་ཡང་དྭངས་གཙང་ཤོག་དཀར་ངོར་རུ་གྲུབ།།
༢༠༡༡་་༤་་༢་་ཉིན་རྡ་ས་ནས་བྲིས།།
  བྱེས་འབྱོར་བོད་ཀྱི་རྩོམ་རིག
 

10.04.2011 02:15:42

བུ་མོ་ལགས་ལ་ཆེད་ཞུ། ཁྱེད་རང་གིས་བརྩེ་དུང་མཙོན་པའི་སྙན་རྩོམ་ཞིག་བྲིས་པར་དགའ་བསུ་ཡོད། འོན་ཀྱང་་་་་་ངས་ཀྱིས་་་་་ཞེས་པའི་བྱེད་སྒྲ་གཉིས་ལྡན་གྱི་འབྲི་སྟངས་ཤིག་ངས་ད་བར་མཐོང་མ་མྱོང་བས་ཕལ་ཆེར་མེད་ས་རེད། དེའི་ཚབ་ཏུ་་་་་་ང་ཡིས་་་་ཞེས་བྲིས་ན་ཚིག་སྦྱོར་གང་དུ་ཡང་མི་འགྲིག་པ་མེད་པར་སྣང་།

 
 
10.04.2011 04:35:56

སྨར་ཁམས་པར་ཆེད་ཞུ། ངས་ཀྱང་ཙ་ཡི་སྔོན་ལ་མ་བྲིས་པ་ཞིག་བོད་ཡིག་གི་གཞུང་གང་ནས་ཀྱང་མཐོང་མྱོང་མི་འདུག ཕལ་ཆེར་ཙ་ཡི་ཚབ་ཏུ་ཆ་བྲིས་ན་འོས་མཚམས་སུ་སྣང་། ཁ་ནས་ཤོར་སོང་བར་དགོངས་འགལ་མེད་པར་ཞུ།

 
 
11.04.2011 01:18:29

ཁྲག་ཐིགས་ལགས། ཙ་ཡི་ཚབ་ཏུ་ཆ་བྲིས་ན་གོ་མེད་ཚོར་མེད་དུ་གྱུར་འགྲོ། མཚོན་་་་ཞེས་པ་དེ་བྲིས་ནོར་ཤོར་འདུག།

 
 
10.04.2011 07:07:22

རྣམ་པ་གཉིས་ཀྱིས་བསམ་ཚུལ་ལ་མོས་མཐུན་ཡོད།
ཡིན་དང་ཡིན་གུས་མོས་ནོར་འདུག
ང་ཡིས་རེད་ལགས།
ངས་ཀྱིས་ཟེར་ན་གོ་རྒྱུ་ཡོད་མ་རེད།
དྲན་སྐུལ་གནང་བ་ཐུགས་རྗེ་ཆེ་ཞུ།



 
 
12.04.2011 05:46:56

སྐྱེ་བ་འདི་ཡི་ཚེ་གྲོགས།།
གསལ་ཀྱང་རྙེད་ཡ་མི་འདུག།
ད་ནི་རྙེད་ཀྱང་མི་དགོས་།།
མི་ཚེའི་ལས་དབང་རྫོགས་སོང་།།

ཚེ་ཐུང་ལུས་རྟེན་གཅིག་ལ།།
ཚེ་གྲོགས་གཅིག་གིས་ཆོག་ཀྱང་།
ཚེ་སྔོན་ལས་འཕྲོ་མེད་ནས།།
ཚེ་འདིར་ཁེར་རྐྱང་ལུས་སོང་།།

མི་ལུས་ལན་གཅིག་ཐོབ་ཀྱང་།།
མི་ཡི་གྲལ་དུ་མ་ཚུད།།
མི་ལ་སྐྱབས་འཇུག་ཞུ་བཞིན།།
མི་ཚེ་རྫོགས་ལ་ཉེ་འདུག།

 
 
12.04.2011 08:47:00

ད་རེས་ངོ་མ་ཅན་གྱི་སྐད་ངན་དེ་ཤོར་འདུག

 
 
13.04.2011 06:36:26

སྐད་ངན་མ་རེད་སྙིང་གཏམ་རེད།།
བདན་པའི་སེམས་ཀྱི་སྙིང་གཏམ་རེད།།
སྙིང་གཏམ་ཡོད་ཚད་བཤད་པ་རེད།།
དེ་ལ་མི་དགའ་བྱེད་དགོས་མེད།།

 
 
13.04.2011 06:49:09

རྙེད་ཀྱང་མི་དགོས་མ་རེད།
རྙེད་པའི་ཐུབ་དེ་བྲལ་རེད།།
རྙེད་པའི་ཐུབ་ཞིག་ཡོད་ན།།
དང་པོ་ཁྱོད་ཀྱི་ལེན་ངེས།།

 
 
14.04.2011 05:07:29

རྙེད་ཀྱང་མི་དགོས་མིན་པ།།
ང་རང་རང་གིས་བཤད་ཡོད།།
རྙེད་པའི་ཐབས་ཞིག་མེད་ནས།།
ཁེར་རྐྱང་ལུས་པ་བརྗོད་ཡོད།།


མ་ཤེས་ཤེས་ཁུལ་བྱས་ནས།།
གཞན་ལ་ཅོ་ངན་འདྲི་བ།།
བླུན་པའི་རང་གཤིས་ཡིན་པ།།
ཤེས་ནས་སྙིང་རྗེ་སྐྱེས་སོང་།།



རྙེད་ན་དང་ལེན་མོས་ནས།།།
དང་པོ་བཙལ་ནས་མྱུལ་ཡིན།།
ད་ནི་བཙལ་ནསརྙེད་ཀྱང་།།
དགོས་ཁོ་ང་ལ་མེད་ཚུལ།།
ཡ་ཐོད་གཉེར་མའི་བར་ནས།།
ཁར་པར་ང་ལ་འབྱོར་བྱུང་།།





 
 
15.04.2011 06:06:12

མ་ཤེས་ཤེས་ཁུལ་བྱས་ཡོད།།
རྙེད་ཐབས་མེད་པར་བཤད་ཡོད།།
ང་དང་ཁྱོད་ཀྱི་རང་གཤིས།།
འདི་ལས་ཅི་ཞིག་ཡོད་པ།

ཁྱོད་ནི་དེ་འདྲ་སྐྱོ་དབང་།།
ཚེ་གྲོགས་མེད་ནས་ལུསའདུག།
ལམ་ཟིར་སྤང་པོ་ཡིན་ཡང།
རང་དང་མཉམ་པ་རག་འགྲོ།




 
 
15.04.2011 08:35:31

ཡར་ཐོད་གཉེར་མའི་ཁེངས་ཀྱང་།
སེམས་ཤུགས་ཆག་དགོས་མིན་འདུག
རྡ་སའི་རྒན་གསོ་ཁང་གི
རྒན་འཁོག་རྣམས་ལ་གཟིགས་དང་།

དར་ཡོལ་ཨ་ཌིལ་དགོས་ན།
བུད་མེད་ཚོགས་པར་ཞུས་དང་།
སྐྱོན་མེད་བུ་མོ་ཞིག་ལ།
ཁྱོད་ཀྱི་རེ་བ་མ་བཅངས།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -