ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

31.03.2011 14:23:39
ཁྲུང་ཁྲུང་དཀར་པོའི་བུ།

༡མཁས་དབང་བློ་བཟང་སེང་གེ་དང་བོད། དངོས་འབྲེལ་རྒྱལ་སྤྱིའི་ནང་བོད་དང་བོད་རིགས་སུ་གཏོགས་པའི་ཁྲོད་ཐོག་མ་ཡིན་པའི་རིགས་གཅིག་རྐང་འཛིན་གྱི་ཆེད་ལས་པ་སློབ་དཔོན་ཆེན་པོ་མཁས་དབང་བློ་བཟང་སེང་གེ་མཆོག་ནི་སྙན་གྲགས་ཆེ་བའི་མཐོ་སློབ་ནང་ཚད་ལྡན་མཁས་དབང་གི་ཆེ་མཐོང་ཡོད་པའི

བོད་མི་གཅིག་པོ་དེ་ཡིན་པས་བོད་མི་ལ་རྒྱ་ལྡན་པ་རྣམས་ཀྱི་ཁོང་གི་གནས་བབ་མཐོང་ནས་ཀྱང་རང་ཉིད་བོད་པ་ཡིན་པའི་སྤོགས་པ་སྐྱེ་བཞིན་འདུག་ཅེས་གསུངས་པ་བཞིན་དངོས་གནས་བོད་མི་རིགས་འདིར་༧རྒྱལ་བ་དོན་གྱི་བདག་པོའི་བཀའ་དྲན་ལ་བརྟན་ནས་ད་ལྟའི་དུས་འདིར་མནའ་རབས་ཀྱི་ཤེས་བྱ་དང་དེང་རབས་ཀྱི་ཤེས་བྱ་གཉིས་ལ་རྒྱལ་སྤྱིའི་ཆེ་མཐོང་ཡོད་པའི་མཁས་དབང་མི་ཉུང་བ་ཞིག་ཐོན་དང་ཐོན་བཞིན་ཡོད་ལ་དམིགས་བསལ་དེང་རབས་ཀྱི་ཤེས་བྱ་ཤེས་པའི་མཁས་དབང་ཁོང་ཕེབས་པ་ནས་བོད་ཀྱི་ལོ་རྒྱུས་ནང་གཤོག་པ་གཉིས་ལྡན་འཛོམས་པའི་སྐལ་བཟང་ཉིན་མོ་ཏེ་ཆེས་ཡར་ཐོན་གྱི་དུས་སྐབས་གསར་པ་ཞིག་སྒོ་ཕྱེ་བའི་ཉིན་མོ་རེད་། ལྷག་དོན་མཁས་དབང་ཁོང་བཙན་བྱོལ་བོད་པའི་བཀའ་ཁྲི་ལང་བའི་མཆོད་སེམས་ནི་ཚད་ལས་བརྒལ་བའི་བློས་བཏང་ཆེ་པོ་ཞིག་དང་༧རྒྱལ་བ་དོན་གྱི་བདག་པོར་བཀའ་དྲན་རྗེས་དྲན་གྱི་མཆོད་པ་འབུལ་བའི་གོ་སྐབས་དང་འཛིན་ཆེ་པོ་ཞིག་རེད་།    དེ་མིན་ཁོང་གི་སྐུ་ཡོན་གྱི་ཆ་ནས་དཔེ་མཚོན་ཙམ་ཞུས་ན་ཁོང་དེ་གར་བཞུགས་རིང་ཉིན་གཅིག་བླ་ཡོན་རྩིས་ན་རྡ་རམ་སར་ལོ་གཅིག་གི་བླ་ཕོག་ལས་ཆེ་བའི་གནས་སྟངས་དེ་དང་དེ་འདྲའི་གནམ་ས་ལྟར་བུའི་གནས་སྟངས་འོག་རང་མི་རིགས་ཀྱི་དོན་དུ་བློས་བཏང་ཆེ་པོ་བྱེད་ཏེ་ཁྱིམ་ཚང་ཆེ་པོ་དག་གི་དབང་བརྒྱུར་བཟུང་བ་སོགས་ཀྱི་མཚོན་དངོས་འབྲེལ་ན་མ་སོན་པའི་བོད་མི་རིགས་ཀྱི་དམངས་གཙོའི་ལས་དབང་ལ་༧རྒྱལ་བ་དོན་ཀྱི་བདག་པོའི་བཀའ་དགོངས་བཞིན་ཚད་ལྡན་ལམ་ལུགས་ཞིག་ཏུ་འགྱུར་བའི་རེ་བ་བཅངས་ཏེ་དོན་ཚན་གསུམ་གྱི་འབོད་སྒྲའི་འོག་འདས་པའི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་སྔར་མེད་གསར་གཏོད་གྱི་ལེའུ་ཐོག་མ་འབྱེད་དེ་བཀའ་ཁྲི་འོས་ལང་པ་ན་ཀུན་གྱི་མཁྱིན་གསལ་བཞིན་བསམ་མེད་འགས་ཁོང་ལ་ལོང་བས་བལྟས་ཀྱང་མཐོང་ཐུབ་པའི་ཉེས་འཛུགས་རིམ་པ་བྱས་པ་མ་ཟད་ད་དུང་གནས་ཚུལ་འགའ་བོད་གཞུང་བཀའ་བཤག་གི་གསལ་བཤད་གནང་ཡང་བོང་གུའི་རྣ་བར་གསེར་རླུགས་པ་དང་ཆ་ཆགས་སོང་བས་ཚད་ལྡན་བོད་རིགས་མི་མང་གི་མིག་ནང་ཡལ་ཐབས་བྲལ་བར་ཁོང་ལ་བསྙོན་འཛུགས་གནང་བའི་ལས་འགུལ་འདྲ་མིན་སྤེལ་མཁན་རྣམས་ནི་དེང་སྐབས་རྒྱ་གཞུང་དངོས་ཐོན་ནས་དེ་སྔོན་༧གོང་ས་མཆོག་ལ་ཏ་ལིའི་ཅེས་འབོད་པའི་ཚབ་དུ་ད་ཐེངས་དགྲ་བོ་གཉིས་པ་ཞིག་ངོས་འཛིན་ཏེ་བློ་སེང་ཅེས་ཁོང་ལ་དྲག་སྤྱོད་པའི་ཉེས་འཛུགས་གནང་བའི་རྒྱུན་རིམ་དང་དམིགས་ཡུལ་འདྲ་བའམ་དེ་མཚུངས་སུ་གཏོགས་པའི་གློ་བརྙན་ཞིག་མཐོང་སོང་། རྩ་བས་ཁོང་ལ་རྒྱབ་སྐྱོར་གནང་མཁན་ཆོལ་ཁ་གསུམ་པོ་དབྱེར་མེད་ཐོག་དྲངས་བདེན་གྱི་མི་སྣ་དང་མི་རིགས་ཀྱི་ལ་རྒྱ་ཅན་འདྲ་མཚུངས་སུ་ཡོད་པ་དངོས་སུ་མཐོང་ཐོས་བྱུང་ལ་གནས་ཚུལ་འདི་མི་རིང་པ་ཡོངས་གྲགས་ཆགས་ངེས་རེད་། འདི་ནི་བོད་པ་ཚང་གི་ལེའུ་གསར་པ་ཞིག་ཏེ་ཆིལ་སྒྲིག་དང་གསར་གཏོད་རང་འགོ་རང་ཐོན་གསུམ་གྱི་སྡོམ་ཚིག་འོག་བོད་མི་སྐྱིད་སྡུག་མཉམ་མྱོང་བྱེད་པར་དུས་རབས་དང་མཐུན་པའི་འགྱུར་མཚམས་ཞིག་ཡིན་སྲིད། 

མཁས་དབང་བློ་བཟང་སེང་གེ་དང་རྒྱལ་སྤྱི། དེ་ཡང་རྒྱལ་སྤྱིའི་ནང་མཚོན་ན་གནད་ཡོད་མི་སྣ་མང་པོའི་ཁོང་ལ་དོ་སྣང་སྤྲད་པ་མ་ཚད་སྙན་གྲགས་ཅན་གྱི་ཚགས་ཤོག་དང་དུས་དེབ་དྲ་ཚིགས་སོགས་སུ་ཁོང་དང་འབྲེལ་བའི་གནས་ཚུལ་གྲངས་ལས་འདས་པ་འཁོད་ཡོད་གཤམ་གསལ་རྣམས་ནི་འབུམ་རམས་པ་བློ་བཟང་སེང་གེའི་སྐོར་ལ་རྒྱལ་སྤྱིའི་ནང་སྙན་གྲགས་འབར་བའི་གསར་ཤོག་ཁག་གིས་སྤེལ་བའི་དུམ་ཚན་འགའ་ཞིག་ཡིན། ༡། རྒྱ་གར་གྱི་The Telegraph ཞེས་པའི་ནང་དུ་འདི་ལྟར་འཁོད་ཡོད། Johnson too said that whoever was elected, the new prime minister would operate in the Dalai Lama’s shadow. But he noted that the frontrunner, Lobsang Sangay, a Tibetan legal scholar currently at Harvard, enjoyed wide popularity among young Tibetans. ‘If Lobsang Sangay comes out on top,’ Johnson said, ‘he well could become a formidable global spokesman for Tibetans, at least those in exile.’བོད་སྐད་དུ། ཇོན་སོན་གྱིས་ཀྱང་བཀའ་བློན་ཁྲི་བར་སུ་ཕེབས་པ་ཡིན་ན་༧གོང་ས་མཆོག་གི་སྐུ་ཡི་གྲིབ་བསིལ་འོག་ནས་ལས་དོན་སྒྲུབ་རྒྱུ་ཡིན། ད་དུང་ཁོང་གིས་བཤད་རྒྱུར་། ཧར་ཝཌ་གཙུག་ལག་སློབ་ཆེན་དུ་ད་ལྟ་ཁྲིམས་ལུགས་མཁས་པ་བློ་བཟང་སེང་གེ་མཆོག་གཞོན་སྐྱེས་ཀྱི་ནང་དུ་སྙན་གྲགས་ཆེན་པོ་ཡོད། “གལ་སྲིད་བློ་བཟང་སེང་གེ་ལགས་བདམས་ཐོན་བྱུང་ན”་ཇོན་སོན་གྱིས་བསྟན་དོན་“ཁོང་ནི་འཛམ་གླིང་ཐོག་དང་། དམའ་མཐར་ཡང་བཙན་བྱོལ་ནང་དུ་བོད་ཀྱི་མགྲིན་ཚབ་པ་ནུས་ལྡན་ཞིག་ཏུ་འགྱུར་རྒྱུ་རེད།”༢། དབྱིན་ཇིའི་Guardianཞེས་པའི་ནང་འདི་ལྟར་འཁོད་ཡོད། The front-running candidate is currently Harvard law professor Lobsang Sangay, 42. He will be known as the Kalon Tripa. བོད་སྐད་དུཿ འོས་མི་འོས་ཤོག་མང་ཤོས་ཐོབ་མཁན་ནི་རང་ལོ་༤༢་ཅན་གྱི་ཧར་ཝཌ་གཙུག་ལག་སློབ་གྲར་ཁྲིམས་ཀྱི་སློབ་དཔོན་བློ་བཟང་སེང་གེ་རེད། ཁོང་ལ་བཀའ་བློན་ཁྲི་པ་ཞེས་སུ་འབོད་ཀྱི་རེད། ༣། ཁེ་ན་ཌའི་Globe and Mail ཞེས་པའི་ནང་དུ་འདི་ལྟར་འཁོད་ཡོད། The leading candidate to be the next prime-minister-in-exile is a Harvard-educated legal scholar who is seen as cosmopolitan and articulate; he has a huge following among Tibetan youth. བོད་སྐད་དུཿ འོས་གྲངས་མང་པོ་ཐོབ་པའི་འོས་མི་སྐབས་རྗེས་མའི་བཙན་བྱོལ་ནང་གི་བཀའ་བློན་ཁྲི་བར་འགྱུར་རྒྱུ་དེ་ནི་ཧར་ཝཌ་ནས་ཁྲིམས་ཀྱི་སློབ་སྦྱོང་ཐོབ་མཁན་ཁ་ལྕག་བདེ་ཞིང་ཡོན་ཏན་ཀུན་འདུས་ཀྱི་འོས་མི་དེ་རེད། ཁོང་ལ་གཞོན་སྐྱེས་ཀྱི་ནང་དུ་རྒྱབ་སྐྱོར་ཚད་མེད་ཡོད། ༤། དྲ་རྒྱའི་ཐོག་གི་AOL News ཞེས་པའི་ནང་དུ་འདི་ལྟར་འཁོད་ཡོད། Among the leading candidates to be prime minister is Lobsang Sangay, a Tibetan legal scholar currently at Harvard, who is especially popular among young Tibetans, Saunders said. བོད་སྐད་དུཿ འོས་ཤོག་མང་པོ་ཐོབ་པའི་འོས་མི་རྣམས་ཀྱི་ནང་ནས་བཀའ་ཁྲི་ལ་འགྱུར་བ་རྒྱུ་ཡིན་པ་ནི་ཧར་ཝཌ་ནང་དུ་ཁྲིམས་ཀྱི་མཁས་པ་བློ་བཟང་སེང་གེ་དམིགས་བསལ་གྱིས་གཞོན་སྐྱེས་ཀྱི་ནང་དུ་སྙན་གྲགས་ཆེན་པོ་ཡོད་པ་དེ་རེད་ཅེས་སོའུན་དེརས་ཡིས་Saundersབཤད། ༥། ཨ་རིའི་UPIཞེས་པའི་ནང་དུ་འདི་ལྟར་འཁོད་ཡོད། Lobsang Sangay, a Tibetan legal scholar and an expert on international human-rights law, currently at Harvard University, is the front-runner for prime minister, with ‘wide popularity among young Tibetans,’ the Times said. བོད་སྐད་དུཿ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལ་ཆེད་མཁས་པ་ཧར་ཝཌ་གཙུག་ལག་མཐོ་སློབ་ཏུ་ཁྲིམས་ལུགས་མཁས་པའི་བོད་མི་བློ་བཟང་སེང་གེ་ནི་བོད་མི་གཞོན་སྐྱེས་ཀྱི་ནང་དུ་གྲགས་པ་ཆེན་པོ་ཡོད་པའི་བཀའ་ཁྲིའི་འོས་མི་ལ་འོས་གྲངས་མང་ཤོས་ཐོབ་མཁན་དེ་ཡིན་ཞེས་the Times ཡིས་སྤེལ་འདུག ༦། ཨ་རིའི་Washington Post ཡི་ནང་དུ་འདི་ལྟར་འཁོད་ཡོད། The March 20 election also is significant because it features three lay candidates for prime minister, marking the first time that a lay person, rather than a monk, will assume the role. Lobsang Sangay, a Harvard fellow who is among the candidates, said the post-Dalai Lama era will be challenging. But, he added, ‘democratic institutions and government will help sustain the Tibetan movement.’ བོད་སྐད་དུཿ ཕྱི་ཟླ་༣་ཚེས་༢༠་ཉིན་གྱི་འོས་བསྡུ་དེ་ནི་ཁྱད་པར་བ་ཞིག་ཡིན་དོན་ནི་ཐེངས་དང་པོར་བཀའ་བློན་ཁྲི་བའི་འོས་མི་དགེ་འདུན་པ་མ་ཡིན་པར་སྐྱ་བོ་གསུམ་གྱིས་བཀའ་བློན་ཁྲི་བ་ལ་འགྲན་རྩོད་བྱེད་ཀྱི་ཡོད་པ་དེ་རེད། ཧར་ཝཌ་ནས་ཡིན་པའི་འོས་མི་བློ་བཟང་སེང་གེས་༧ཏཱ་ལའེ་བླ་མའི་དུས་རབས་ཀྱི་འཕྲོ་ཡི་དུས་རབས་དེ་ནི་དཀའ་ཁག་ཅན་གྱི་དུས་རབས་ཤིག་ཡིན་པར་བཤད། ཡིན་ན་ཡང་ཁོང་གིས་ “དམངས་གཙོའི་སྒྲིག་སྲོལ་དང་གཞུང་གིས་བོད་ཀྱི་ལས་འགུལ་དེ་མུ་མཐུད་ནས་མདུན་སྐྱོད་བྱེད་པར་རོགས་བྱེད་ཐུབ།”ཅེས་ཟེར། ༧། The Times of India ཡི་ནང་དུ་འདི་ལྟར་འཁོད་ཡོད། After Dalai Lama, who would be the most important Tibetan? TNN,Mar 11, 2011, 02.23am IST NEW DELHI: The Dalai Lama’s stepping down is likely to trigger an electoral contest for the prime minister’s post between three front-runners, all based abroad. They are Lobsang Sangay, a senior fellow at Harvard Law School, Tenzing Namgyal Tethong, an academic at Stanford University, and Tashi Wangdi, a Brussels-based civil servant. The election is scheduled for March 20. བོད་སྐད་དུཿ ཏཱ་ལའི་བླ་མའི་རྗེས་སུ་གལ་ཆེ་ཤོས་ཀྱི་བོད་མི་དེ་སུ་རེད། TNN,Mar 11, 2011, 02.23am IST ལ་གནས་ཚུལ་སྤེལ་དོན། ལྡི་ལི། ཏཱ་ལའི་བླ་མས་དགོངས་པ་ཞུས་པའི་གནང་སྟངས་ཀྱིས་ཕྱི་རྒྱལ་ལ་གནས་པའི་བཀའ་ཁྲིའི་འོས་མི་གསུམ་གྱི་ནང་དུ་འགྲན་རྩོད་ཇེ་ངར་དུ་གཏོང་སྲིད་པ་རེད། འོས་མི་དེ་དག་ནི་ཧར་ཝཌ་གཙུག་ལག་སློབ་གྭའི་ནང་དུ་ཉམ་ཞིབ་པ་རྒན་པ་བློ་བཟང་སེང་གེ་དང་། སཊེན་ཕོརཌ་གཙུག་ལག་མཐོ་སློབ་ཏུ་མཁས་པ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། བྷིརསལ་ནང་དུ་གནས་བཅས་པའི་སྤྱི་ཚོགས་ཞབས་ཞུ་བ་བཀའ་ཤིས་དབང་འདུས་བཅས་རེད། འོས་བསྡུ་ནི་ཕྱི་ཟླ་༣་ཚེས་༢༠་ཉིན་བྱེད་རྒྱུ་རེད།

མཁས་དབང་བློ་བཟང་སེང་གེ་དང་རྒྱ་ནག། དུས་མཚུངས་རྒྱ་ནག་གཞུང་གི་ཀྱང་ཁོང་གི་སྐོར་གླེང་བཞིན་ཡོད་ ཁ་སང་ཕྱི་ཚེས་ ༢༢ ཉིན་རྒྱ་ནག་གཞུང་འབྲེལ་གསར་གནས་མི་དམངས་ཉིན་རེའི་ཚགས་པར་སྟེང་། ༼ དྲག་སྤྱོད་མི་སྣས་བཙན་བྱོལ་བོད་གཞུང་གི་སྣེ་འཁྲིད་པར་གྲ་སྒྲིག་བྱེད་བཞིན་ཡོད་དམ༽ཞེས་པའི་རྩོམ་ཞིག་སྤེལ་ཏེ་བཀའ་ཁྲིའི་འོས་མི་བློ་བཟང་སེང་གེ་ལགས་སུ་ཉེས་འཛུགས་དང་ཁ་རྡུང་བཏང་འདུག རྩོམ་ཡིག་དེའི་ནང་བློ་བཟང་སེང་གེ་ལགས་ནི་དེ་སྔ་གཞོན་ལྷན་གྱི་རྒྱུན་ལས་ཡིན་ལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་དྲག་སྤྱོད་རྩ་འཛུགས་ཤིག་ཡིན་སྐོར་བརྗོད་ཡོད་པ་དང་། དེ་བཞིན། བོད་ཀྱི་མི་རབས་གསར་པས་བཙན་བྱོལ་བོད་གཞུང་གི་དབང་ཤུགས་བཟུང་ཚེ། མ་འོང་པར་དྲག་སྤྱོད་ཀྱི་རྣམ་པའི་ཐོག་ནས་བོད་རང་བཙན་རྩོད་སྲིད་པར་མ་ཟད། བོད་ནང་དུ་མུ་མཐུད་ངན་བྱུས་དང་འཁོན་འཛིན་གྱི་ས་བོན་གཏོར་སྲིད་པའི་སྐོར་བརྗོད་ཡོད་པ་རེད། གོང་གསལ་རྒྱ་ནག་གི་གཏམ་བརྗོད་དེའི་ཐད། བློ་བཟང་སེང་གེ་ལགས་ཀྱིས་གསར་ལམ་ཁག་ཏུ་བརྗོད་རྒྱུར། རྒྱ་ནག་དམར་གཞུང་གིས་བཤད་སྟངས་འདི་ལས། ཁོ་ཚོ་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ཡང་དག་པའི་དམངས་གཙོའི་ལམ་ལུགས་ལ་འཇིགས་སྣང་སྐྱེ་བཞིན་ཡོད་པ་གསལ་བོར་མཚོན་ཡོད། ཅེས་ལན་འདེབས་གནང་འདུགཅེས་བོད་ཀྱི་དུས་བབ་དྲ་ཚིགས་ནང་འཁོད་ཡོད་

མཁས་དབང་བློ་བཟང་སེང་གེ་རྒྱ་གར།


  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
 

31.03.2011 20:59:23

རེད་རེད་སྤུན་གྲོགས། ཁྱེད་ཀྱིས་བཤད་པ་བདེན། ཌོག་ཊོར་བློ་བཟང་སེང་གེས་དམངས་གཙོ་ཚད་དང་ལྡན་པའི་ལུགས་ཀྱི་འོས་སྡུའི་ལམ་ཁ་གསལ་པོ་ཕྱེས་སོང་བ་མ་ཟད་ཁོང་དང་ཁོང་གི་འགྲན་བརྩོད་པ་གཉིས་བཅས་ལམ་ཁ་དེར་ཤར་རེ་སྤྱོད་སོང་།
ཐེངས་འདིའི་འོས་སྡུའི་རྒྱལ་ཁ་སུ་ལ་ཐོབ་པ་ད་ལྟར་མི་ཤེས་ཀྱང་། བློ་བཟང་སེང་གེས་་དམངས་གཙོ་ཅན་གྱི་ལུགས་སྲོལ་རྣལ་མ་དེ་བོད་པའི་སྤྱི་ཚོགས་སུ་དྲངས་པ་དེ་ནི་ལོ་རྒྱུས་སུ་འཁོད་འོས་པ་ཞིག་རེད་སྙམ།།

བཀའ་ཁྲིའི་འོས་སུ་ལ་ཐོབ་ན་དེ་ནི་མང་པོས་བཀུར་བའི་རྒྱལ་པོ་འམ་མང་མོས་ཀྱིས་བསྐོས་པའི་དཔོན་ཡིན་པས་ཚང་མས་གུས་བཀུར་བྱེད་དགོས་པ་ནི་དམངས་གཙོ་པ་ཚོའི་ལུགས་སྲོལ་ཡིན། དཔོན་ཁྱི་རྔ་ཡིན་ཡང་མགོ་ཐོག་ཞོགས་ཟེར་བའི་གཏམ་དཔེ་ཞིག་ཡོད་ཀྱང་དཔོན་ཁྱི་རྔ་འདྲ་བ་ཞིག་ཡིན་ན་མགོ་ཐོག་ལ་འཇོག་མི་དགོས་པའང་མང་གཙོའི་ཐོབ་ཐང་ཡིན། འོན་ཀྱང་མང་མོས་ཀྱིས་འོས་ཐོབ་པའི་མི་དེ་ལ་སྤྱི་ཡོངས་ཀྱི་འགོ་ཁྲིད་ལ་ངོས་འཛིན་བྱེད་དགོས་ལས་གང་ཟག་དེ་ལ་འོས་བླུགས་མཁན་ཚོས་གོང་དུ་བཀུར་དགོས་པ་དང་། མ་བླུགས་མཁན་ཚོས་ང་ཁོ་ལ་ངོས་ལེན་མེད། ང་ཚོ་ཁོའི་འོག་ལ་མི་འདུག་ཟེར་བ་སོགས་ནི་དམངས་གཙོའི་ལུགས་དང་མི་མཐུན་པ་རེད་འདོད། ཡིན་ཡང་བཙན་བྱོལ་སྤྱི་ཚོགས་ནང་དེ་ལྟར་བཤད་མཁན་མང་པོ་གོ་མྱོང་ཀྱང་ད་ལྟའི་དུས་འདིར་ཡིག་རྨོང་སེལ་བའི་མི་རབས་ཡིན་པས་དེ་ལྟར་མི་ཡོང་བའི་རེ་བ་ཤིན་ཏུ་ཆེའོ།། །།

 
 
31.03.2011 23:17:58

སྤུན་བཀྲ་རྣམ་ཁྱེད་ཕེབས་ནས་དགོངས་ཚུལ་ལྷོད་པོ་གནང་བར་དགའ་བསུ་དང་འཚམས་འདྲི་ཡོད་། ངས་དུས་ཡོན་ཐུང་ངུ་ཞིག་གི་ནང་རང་གི་འཆར་སྣང་གཙོ་བོ་འཛིན་པའི་ཐོག་འབྲེལ་ཡོད་ལོ་རྒྱུས་མི་ཉུང་བ་ཞིག་ཕྱོགས་སྒྲིག་བྱེད་ཁུལ་གྱི་འགོ་བརྗོད་དུ་(བོད་མིའི་བཀའ་ཁྲི་འཚོལ་བའི་རྒྱུད་རིམ་ནོར་མེད་ན)ཅེས་པའི་ཚིག་ཚོགས་འདིའི་ནང་དོན་ངོ་མར་སོ་སོའི་གདམ་ཁ་བྱེད་སྟངས་ནོར་མེད་ན་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་རེད་ཅེས་བརྗོད་གྱི་ཡོད་། དེ་བཞིན་ཁྱེད་རང་གི་གསུངས་པར་རྒྱབ་སྐྱོར་ཡོད་། ཚད་ལྡན་མང་གཙོའི་ལམ་ལུགས་འོག་འགྲོ་ན་རང་གི་འོས་ཕན་པའི་མི་དེ་དབུ་ཁྲིད་ཆགས་རུང་མ་ཆགས་རུང་མང་ཚོགས་ཀྱི་གདམ་པའི་མི་དེ་རང་གི་དབུ་ཁྲིད་དུ་མཁས་ལེན་དགོས་པ་གལ་ཆེན་རེད་།།

 
 
01.04.2011 05:59:41

བཤད་སྒྲུབ་ལགས།། བློ་སེང་ལ་རྒྱལ་སྤྱིའི་དོ་སྣང་བྱེད་པ་དེ་ཁོང་མཁས་དབང་ཡིན་པའི་རྒྱུ་མཚན་ཙམ་མ་རེད་། དེང་སྐབས་༧རྒྱལ་བ་རིན་པོ་ཆེ་བགྲེས་ཡོལ་དུ་ཕེབས་པའི་གནས་ཚུལ་དང་འབྲེལ་ནས་ཡིན་སྲིད།

 
 
02.04.2011 14:47:33

ཁ་བའི་འདབ་མ་ལགས། ངས་༧རྒྱལ་བ་རིན་པོ་ཆེ་ལ་མ་སྟོས་པའི་སྐད་ཆ་ཞིག་བཤད་མེད་། ད་རུང་བློ་སེང་རྒྱལ་སྤྱིའི་སྟེང་མཁས་དབང་གི་ཆེ་མཐོང་ཡོད་པ་འདི་༧རྒྱལ་བའི་བཀའ་དྲན་རེད་ཅེས་ཞུས་ཡོད་། དེ་དངོས་ཡོད་གནས་ཚུལ་རེད། ཡིན་ཡང་དེ་རིང་བཀའ་ཁྲི་འོས་མིར་ལང་མཁན་གསུམ་པོའི་ནང་རྒྱལ་སྤྱིའི་གསར་འགོད་པ་དང་གཞིས་བཞུགས་བོད་མིའི་དམིགས་བསལ་ཁོང་ལ་དོ་སྣང་སྤྲད་དགོས་པའི་རྒྱུ་མཚན་འདི་ལ་ངས་འགྲེལ་བརྗོད་བྱེད་གྱི་ཡོད་། དེ་མིན་ཁྱེད་རང་གི་བཤད་པ་བཞིན་རེད་།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -