ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

14.03.2011 00:06:17
ཁྲུང་ཁྲུང་དཀར་པོའི་བུ།

སྤྱིར་མིག་ལྡན་ཀུན་ལ་ཡོད་ཆོག་པའི་ལྟ་གྲུབ་རེེ་དང་མཐོང་སྣང་གང་ཞིག་གི་འོག་རང་ཉིད་ལ་ཚད་མ་འཛིན་པའི་ལུང་རིགས་རེེ་བགྲང་ཆོག་ཀྱང་རྒྱབ་མདུན་མངོན་གསལ་མེད་བའི་གཏམ་བཤད་ལ་ཆབ་སྲིད་རིག་པའི་གཞུང་ལུགས་ཐད་ནས་བྲོ་བ་དམིགས་བསལ་གང་ཡོད་མ་ཤེས།
འོན་ཀྱང་སུ་ཞིག་གི་ངོ་སྲུང་མི་དགོས་ལ་མཐའ་ན་སུ་ཞིག་གི་ལག་ནས་ཁེ་ཕན་རག་ཐབས་མི་བྱེད་མཁན་རང་དབང་ཆ་ཚང་ཡོད་པའི་ཨ་རོ་ཁམས་པ་ཞིག་གི་ངོས་ནས་བཤད་ན་དམིགས་བསལ་བོད་རིགས་སྤྱི་ཚོགས་ནང་ཆེ་མཐོང་ཡོད་པའི་མེས་པོས་བཞག་པའི་གཅེས་ནོར་དཔའ་འཛངས་སྙིང་སྟོབས་ལྡན་པ་ལ་ཡ་རབས་བཟང་སྤྱོད་ལྡན་པ་ཞིག་དགོས་པ་མ་ཚད་དྲངས་བདེན་ལྷག་བསམ་གི་ཕྱུག་པ་ཞིག་དགོས་གལ་ཆེ་བ་མཐོང་། དམིགས་བསལ་རྫ་དྲག་གི་དུས་སྐབས་འདིར་༧གོང་ས་མཆོག་གི་དུས་ནས་དུས་སུ་རིགས་གཅིག་རྐང་འཛིན་གྱི་ཁྱེད་ལས་པ་ཐོན་དགོས་ཀྱི་འདུག་ཅེས་བཀའ་སློབ་ལམ་སྟོན་ཡང་ཡང་ཕེབས་པ་བཞིན་བཙལ་བྱོལ་བོད་གཞུང་གཙུག་ནས་ལོ་༥༢འཁོར་བའི་འཚམས་འདིར་དམིགས་དཔེ་འོས་པའི་རིགས་གཅིག་རྐང་འཛིན་གྱི་ཆེད་ལས་པ་ཤེས་ཡོན་ཅན་བློ་སེང་ནི་བོད་རིགས་སུ་གཏོགས་པའི་ཁྲོད་རྒྱལ་སྤྱིའི་ནང་སྙན་གྲགས་ཆེས་ཆེ་བའི་མཐོ་སློབ་ནས་མཁས་དབང་དང་པོ་ཐོན་པའི་རིགས་བདག་ཆེ་མོ་བ་ཞིག་ཡིན་པའི་དངོས་ཡོད་ལོ་རྒྱུས་ལྟར་ཡིན་རུང་ང་ཚོས་ཁོང་སངས་རྒྱས་བྱམས་སེམས་བཞིན་སྐྱོན་མེད་ཁོ་ན་འདོད་དགོས་མ་མཐོང་ཡང་གཞན་གྱི་ལེན་ཟློས་དང་རང་གི་ལྟ་གྲུབ་གང་ཞིག་ཡིན་རུང་ཉིན་འཆར་འདི་གར་དྲ་ཐོགས་ཏུ་ཁོང་ལ་དངོས་ཡོད་དང་མི་འཚམས་པའི་སྐྱོན་འཛུགས་མང་དག་ཅིག་བྱེད་མཁན་བྱུང་སོང་། རྩ་བས་དེ་སྔོན་མཁས་དབང་ཟམ་གདོང་བཀའ་ཁྲི་འོས་ལང་པའི་སྐབས་ཡིན་ན་ཡང་ཁོང་ལ་གྲ་པ་ཡིན་ན་བཀའ་ཁྲི་ལང་ཐབས་ཡཡོད་མ་རེད་ཅེས་སྐྱོན་འཛུགས་བྱེད་མྱོང་བ་རེད་། དེ་བཞིན་བོད་རྙིང་པའི་ལོ་རྒྱུས་ནང་མཁས་དབང་དགེ་ཆོས་ལ་དོན་མེད་ཉེས་འཛུགས་འོག་སྐུ་བཀྲོངས་པ་དང་ཉེར་བའི་འཆར་བོད་བཙལ་བྱོལ་ནང་ཚད་ལྡན་མཁས་དབང་དང་དཔའ་འཛོམས་གཉིས་ལྡན་གྱི་མི་བུ་དག་ལ་ཕྲད་བཞིན་པ་དཔེ་ན་དཔལ་རྒྱལ་བ་ཀརྨ་པ་མཆོག་ལ་བསྙོན་འཛུཊ་བཞིན་མི་ཡོངས་བ་དྲངས་བཞུགས་གནང་རྒྱུ་གལ་ཆེན་ཡིན་པ་ལས་ཁྱི་སྤྱང་ལག་འབྲེལ་གྱི་རིགས་འདི་ལྟར་དེ་སྔོན་འཇམ་ནོར་གྱི་༧གོང་ས་མཆོག་ལ་དབྱིན་སྐད་མི་ཤེས་པའི་བསྙོན་འཛུགས་བྱེད་པའི་རྒྱུད་རིམ་དང་འདྲ་བར་མཁས་དབང་བློ་སེང་ལ་བོད་ཡིག་མི་ཤེས་པའི་སྐྱོན་འཛུགས་འདི་དང་༧རྒྱལ་བ་དོན་ཀྱི་བདག་པོའི་བཀའ་དགོངས་བཞིན་རྒྱ་བོད་མི་རིགས་ཀྱི་གནད་དོན་འདི་དམིགས་བསལ་རྒྱ་ནག་གི་མཁས་པ་དེ་དག་དང་མཉམ་ཏུ་བགྲོ་གླེང་བྱེད་པ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་འབུར་དུ་ཐོན་པའི་བྱེད་རྗེས་བཞག་པ་མ་ཚད་རང་བཞུང་གི་ལམ་སྟོན་འོག་རྒྱ་ནག་རང་ཏུ་ཕེབས་པ་འདི་ཡང་སྐྱོན་བརྗོད་བྱེད་རིན་ཆོག་པ་ཞིག་མ་མཐོང་། གལ་ཏེ་ཡོད་ན་བོད་གཞུང་བཀའ་ཤག་དང་སྐུ་སྒེར་ཡིག་ཚང་སོགས་ཀྱི་མཐའ་ན་ཁོང་ལ་རྒྱབ་སྐྱོར་བྱེད་པ་དེ་ཡང་ནོར་བ་རེད་། དེས་ན་གཙོ་བོ་བོད་གཞུང་གི་སྲིད་ཇུས་ལམ་དབུས་མ་དེ་ཡང་ནོར་བ་རེད་།
  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
 

14.03.2011 01:57:10

སྤུན་གྲོགས་བཤད་སྒྲུབ་ལགས་ཀྱིས་གསུངས་པར་རྒྱབ་སྐྱོར་ཡོད། བོད་པ་མང་ཆེ་བ་ང་དང་འདྲ་བ་བླུན་པོ་ཡིན་ཙམ་མཁས་པའི་ཡོན་ཏན་མཐོང་མི་ཐུབ་པའི་སྐྱོན་ཆ་ཞིག་སྔར་མོ་ནས་ཡོད་སྡད་པ་རེད།

 
 
14.03.2011 02:54:39

གྲོགས་སྨར་ཁམས་འབྲུག་རྒྱལ་ལགས། སྐད་ཆ་འདིར་རྒྱབ་སྐྱོར་་གནང་བ་བཀའ་དྲན་ཆེ། ངས་རང་གི་འདོད་བབ་ཙམ་མ་ཡིན་པ་བོད་རིགས་ཡོངས་དང་དམིགས་བསལ་ཁམས་པ་ཡོངས་ནས་ཁམས་པའི་ཆེ་མཐོང་ལ་རྒྱུན་འཛིན་དགོས་པའི་བསམ་འཆར་ཞུ་བཞིན་ཡོད་། ཁེ་ཕན་དང་དབང་གྲགས་ལ་མ་སྟོས་པ་རང་དབང་ཆ་ཚང་ཡོད་པའི་མི་ཞིག་གནང་དགོས་ཀྱི་འདུག་ཅེས་བཤད་ཀྱི་ཡོད་།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -