ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

15.02.2011 12:49:37
ཁྲུང་ཁྲུང་དཀར་པོའི་བུ།

སྐུ་ཚེ་གང་པོ་བོད་ཀྱི་ཆོས་དང་རིག་གཞུང་ཐོག་བློས་བཏང་གནང་བའི་ལོ་རྒྱུས་དངོས་ལྡན་དཔའ་བོ་ཡིན་ལ་བྱམས་བརྩེ་དང་དྲང་བདེན་གྱི་ཕྱུག་པའི་སྐྱེ་ཆེན་དམ་པ་སྐུའི་གཅེན་པོ་སྟག་མཚེར་རིན་པོ་ཆེའི་སྲས་འཇིགས་མེད་ནོར་བུ་མཆོག་ཁར་སང་གཟའ་ཟླ་བའི་ཕྱི་དྲོར་བོད་དོན་ཆེད་གོམ་བགྲོད་གནང་བཞིན་པའི་ལམ་བར་སྐུ་གཤེགས་པའི་གནས་ཚུལ་ཐོན་འདུག།


ཡིད་སྐྱོའི་གནས་ཚུལ་འདི་འབྲེལ་ཡོད་ཁག་གི་བཤད་ཚུལ་བྱེད་ན་རྐྱེན་ངན་དེ་ནི་ཁོང་ཧྥི་ལོ་རེ་ཌའི་བྱང་ཤར་ས་ཁུལ་གྱི་གཞུང་ལམ་སྟེང་དུ་གོམ་བགྲོད་གནང་བཞིན་པའི་སྐབས་སུ་འཁོར་ལོའི་བརྡབས་སྐྱོན་བྱུང་བར་མྱུར་སྐྱོབ་སྨན་འཁོར་སླེབས་ཀྱང་སྐྱོབ་མ་ཐུབ་པའི་གནས་ཚུལ་འཁོད་འདུག།  དེ་ཡང་༧་རྒྱལ་བ་དོན་གྱི་བདག་པོའི་སྤུན་རྒན་ཤོས་སྐུ་གཤེགས་སྟག་མཚེར་རིན་པོ་ཆེའི་སྲས་སྐུའི་ཚ་བོ་འཇིགས་མེད་ནོར་བུ་མཆོག་ནི་དགུང་ལོ་༤༥ལ་སོན་ཅིང་སྐུ་ཚེ་གང་པོ་གོ་གནས་དང་རྒྱུ་ནོར་ལ་མི་རྔམ་པ་བསྟན་འགྲོའི་དོན་ཁོ་ན་བསམ་པའི་སྐྱེ་ཆེན་རང་གི་ཡབ་དམ་པའི་རྣམ་ཐར་བཟང་པོ་རྒྱུན་འཛིན་གནང་ཏེ་ལོ་སྔོན་མའི་སྤྱི་ཟླ་༡༢པའི་ནང་ཐའེ་ཝན་་དུ་ཀི་ལོ་མི་ཊུར་༤༨༠་ཙམ་ལ་གོམ་བགྲོད་གནང་ཡོད་པ་དང་། ཐེངས་འདིར་ཟླ་༢པའི་ཚེས་༡༤་ནས་མགོ་བཙུགས་ཏེ་ཧྥི་ལོ་རི་ཌའི་མཚོ་འགྲམ་གྲོང་ཁྱེར་ཁག་བརྒྱུད་ནས་ཀི་ལོ་མི་ཊུར་༤༨༠ཙམ་ལ་གོམ་བགྲོད་གནང་བའི་འཆར་གཞི་ཡོད་འདུག།

 

སྐུ་ཚེ་གང་པོ་རང་བཙན་དོན་དུ་ཁ་ཡོད་དོན་ཐོག་རྩོད་པ་གནང་།།

ང་ཕོད་བཞིན་དུ་རང་གཅེས་མ་གནང་ལྷད་མེད་ལ་རྒྱའི་འོད་སྟོང་འབར་།།

ཁ་བ་རིགས་པའི་ཚེ་སྲོད་སྐྱབས་མཁས་ཡབ་ཆེན་དམ་པའི་ཐུགས་དགོངས་བཞིན།།

གདོང་དམར་ཚང་གི་ཐུགས་སྲས་འཇིག་མེད་ཁྱེད་ལ་མྱ་ངན་གུས་བཏུད་ཞུ།།

ཅེས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཚེ་སྲོད་ཕོན་ཆེན་ཤོར་མྱོང་བའི་རང་བཙན་ལྟ་གྲུབ་འདི་ལོ་རྒྱུས་རང་བཞིན་ལྡན་པའི་མི་རིགས་ཀྱི་འཐབ་རྩོད་དུ་འདོད་ནས་སྐུའི་གཅེན་པོ་སྟག་མཚེར་རིན་པོ་ཆེ་ཡབ་སྲས་གཉིས་ཀྱི་ཐུགས་དགོངས་ལ་སེམས་གཏིང་ནས་རྒྱབ་སྐྱོར་མཚོན་ཕྱིར་བར་སེང་ཞིག་ལ་མདོ་ཁམས་པ་བཤད་སྒྲུབ་ནས

 



  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
 

15.02.2011 14:15:52

སྤུན་གྲོགས་བཤད་སྒྲུབ་ལགས་་་་་་ཡིད་སྐྱོ་བའི་གནས་ཚུལ་འདིར་མི་འདོད་བཞིན་དུ་གོ་དགོས་བྱུང་བ་རེད། ཁྱེད་ཀྱིས་འཁོར་ལོའི་བརྡབས་སྐྱོན་བྱུང་ནས་ཞེས་པ་དེ་འཁོར་ལོ་ཟེར་ན་ག་རེ་ལབ་ཀྱི་ཡོད་དམ། རླུངས་འཁོར་ཟེར་གྱི་ཡོད་པས་། གསལ་པོ་འདྲ་གསུང་ཀྱི་ཡོད་པས།

 
 
15.02.2011 15:03:04

སྤུན་ཅོ་རི་ལགས།་ ཁྱེད་ལ་ཐུགས་ཁག་ཅི་ཡོད་ ཡིད་སྐྱོ་བའི་གནས་ཚུལ་འདི་ངས་ཀྱང་གོ་འདོད་མེད་། ཡིན་ཡང་འཁོར་བའི་ཆོས་ཉིད་ལ་དེ་འདྲ་རིམ་པ་མང་པོའི་རྒྱུད་མཐའ་སོ་སོ་ཡང་སྡོད་ས་མེད་པ་ལམ་དེར་འགྲོ་དགོས་ལེ་རེད་ཁོ་རེ་། འཁོར་ལོ་ཟེར་ན་རླུངས་འཁོར་མ་རེད་འགྲིམ་འགྲུལ་རླངས་འཁོར་གི་བརྡབས་སྑྱོན་བྱུང་བའི་གནས་ཚུལ་རེད་།

 
 
15.02.2011 15:55:21

སྐྱེ་བའི་མཐའ་མ་འཆི

 
 
15.02.2011 23:08:11

གྲོགས་བཀྲ་ཤེས་ལགས་ཕེབས་ནས་སྡོམ་ཚིག་གནང་བ་བཀའ་དྲན་ཆེ།

 
 
16.02.2011 08:12:16

ཕ་རྒྱ་སྟག་འདྲ་བ་ཞིག་ལ་བུ་སྟག་ཕྲུག་འདྲ་བ་ཞིག་འཁྲུངས་པ་དེའི་འཛོམ་དྲུག་ས་ལ་ལྷུང་བ་འདི་བོད་རང་བཙན་འཐབ་རྩོད་པ་ཚོའི་ཆེད་དུ་ཧ་ཅང་གྱོང་ཆེན་པོ་རེད། སྲས་འཇིགས་མེད་མཆོག་ཁོང་ནི་རང་བཙན་འཐབ་རྩོད་པ་ཚོས་མིག་དཔེ་ལྟ་ས་ཞིག་དང་སྤོབས་པ་སྐྱེས་སའི་མི་བུ་ཚད་དང་ལྡན་ཞིག་ཡིན།

ཁོང་བསད་ཚར་བ་རེད། ཤི་སྟངས་ཡང་གང་ཡིན་གསལ་པོ་ཞིག་ཤེས་ཀྱི་མེད་པ་རེད། མི་གཞན་གྱིས་དམིགས་སུ་བཀལ་ནས་བསད་ཡིན་སྟེ་དེ་མིན་པའི་རྐྱེན་ངན་པ་ཡོང་སྲིད་པའི་ཐོག་ནས་བསད་པ་ཡིན་གསར་ལམ་ཁག་ཏུ་ཁ་གསལ་མི་འདུག

ཨ་རི་གཞུང་གིས་སྲས་འཇིགས་མེད་ཁོང་ཤི་རྐྱེན་གང་བྱུང་ཡོད་མེད་དང་དམིགས་སུ་བཀལ་ནས་བསད་པར་ཡིན་མིན་ཞིབ་འཇུག་ཡག་པོ་གནང་ནས་བོད་མི་དམངས་སུ་གསལ་བཤད་མ་གནང་ན་བོད་རྒྱ་ཆེན་མི་དམངས་དོགས་པའི་གནས་སུ་ལྷུང་ངེས་རེད།

འཇིག་རྟེན་གྱི་གཏམ་དཔེར། ཤི་ན་རོ་བདག་དང་གསོན་ན་སྐྱབས་གནས་ཤིག་ཡོད་པ་ནི་བཙན་བྱོལ་བོད་གཞུང་དང་བོད་རྒྱ་ཆེ་མི་དམངས་རེད། བཙན་བྱོལ་བོད་གཞུང་གིས་ངོས་ནས་རང་མི་ཤི་བ་འདིར་རོ་བདག་ཡག་པོ་ཞིག་རྒྱབ་རོགས་བྱེད་པའི་རེ་བ་ཡོད།

དྲ་རྒྱ་ཁག་དང་གསར་ལམ་ཁག་ཏུ་བོད་རང་བཙན་པ་ཚོ་གསོད་ཀྱི་ཡིན་དང་རྡུང་གི་ཟེར་ནས་ཁྱབ་བསྒྲགས་ལན་མང་བྱས་པ་རེད། ཁྱབ་བསྒྲགས་བྱས་པ་གཞི་བཟུང་གིས་བཙན་བྱོལ་སྤྱི་ཚོགས་ནང་དུ་ལག་ལེན་བསྟར་གྱི་ཡོད་པ་མ་རེད་དམ།

ད་་་ང་རང་ཚོ་སེམས་ཤུགས་མར་ཆག་གི་ཡིན་སྟེ་ཡར་ལང་གི་ཡིན་ནམ།

 
 
16.02.2011 14:17:14

གནས་ཚུལ་འདི་ཁ་གསལ་རང་ཆགས་མི་འདུག་ཀྱང་དེ་རིང་ཨ་རིའི་རླུང་འཕྲིན་ཁང་གི་རླངས་འཁོར་བརྡབས་སྐྱོན་འོག་ཡིན་པ་བཤད་སོང་ཡིན་ཡང་ཁྱེད་རང་གི་གསུངས་པ་བཞིན་དངོས་གནས་བོད་རིགས་ནགཞོན་ཕུགས་བསམ་ཅན་དག་ལ་རྒྱ་ནག་གི་ཕྱོགས་ནས་རྒྱབ་མདུན་མ་འདྲ་བའི་ལས་འགུལ་སྤེལ་མི་སྲིད་པ་མ་རེད་།

 
 
16.02.2011 10:36:33

བྱང་ཕྱོགས་ཤམ་པ་ལ་རུ་སྐྱེས་བར་ཤོགས

 
 
17.02.2011 02:40:01

དལ་བའི་རྟེན་བཟང་བརྒྱུད་དེ་སྐུ་བཞིའི་བཙན་ས་ཟིན་པར་སྨོན།

 
 
19.02.2011 00:46:45

དྲ་གྲོགས་བཤད་སྒྲུབ་ལགས།
ཁྱེད་ཀྱི་གསུང་པ་ལྟར་སྐུའི་གཅེན་པོའི་སྲས་འཇིག་མེད་ནོར་བུ་བོད་དོན་ཐོག་འདས་གྲོངས་སུ་ཕྱིན་པ་ནི་བོད་མི་རིགས་ཀྱི་ངོས་ནས་བཤད་ན་གྱོང་གུད་ཆེ་ཤོས་དེ་རེད།
ང་ཚོ་ཚང་མ་ཡིད་སྐྱོ་དགོས་ཡ་ཞིག་རེད་ལ་སམས་སྡུག་དགོས་པའི་གནས་སུ་ཡང་གྱུར་ཡོད།
དེ་དང་དེ་འདྲ་བའི་གནས་ཚུལ་མང་དག་ཞིག་ཡོང་རྒྱུའི་ངེས་པ་སེམས་ཏེ་མི་རིགས་ཀྱི་ཆེད་དུ་ལས་ཀྱི་སྣེ་མོ་ཙམ་ཡང་འབད་དགོ་པ་ནི་ང་ཚོ་ཙང་མིའི་ལས་འགན་་ལ་སོང་།
བག་ཡོད

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -