ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

24.01.2011 03:41:09
ཁྲུང་ཁྲུང་དཀར་པོའི་བུ།

བཀའ་བློན་ཁྲི་ཟུར་བཀྲས་མཐོང་གི་རྒྱབ་སྐྱོར་བ་ཚོགས་པ་ཞིག་གི་གོ་སྒྲིག་འོག་འོས་བསྡུའི་ཁྱབ་བསྒྲགས་ཡིག་ཆ་དང་བརྙན་འཁོར་ཡོད་པ་ཞིག་ཁ་སང་ཉིན་གུང་དྷ་སར་བོད་ཁྱིམ་ཉི་མོའི་སློབ་གྲའི་ནང་བཙན་བྱོལ་བོད་མིའི་སྐྱིད་སྡུག་དང་ངའི་མི་ཚེཅེས་འཁོད་པའི་གློག་བརྙན་ཞིག་སྟོན་གནང་སོང་
དེར་ཕེབས་པའི་སྐུ་མགྲོན་གཙོ་བོ་སྐུ་ངོས་བྲག་གཡག་བསོད་ནམ་སྟོབས་རྒྱལ་དང་སྤྱི་མཐུས་ཟླ་བ་ཚེ་རིང་སོགས་འབྲེལ་ཡོད་ཁག་ཅིག་གི་གཙོའི་གཞོན་ནུ་བུ་མེད་ཀྱི་སྐུ་ཚབ་དང་སྐྱིད་སྡུག་ཚོགས་པ་གང་མང་ཞིག་གི་ངོ་ཚབ་མགྲོན་འབོད་གནང་འདུག། ང་དང་གྲོགས་པོ་འགས་དོ་སྣང་ཆེ་པོ་བྱེད་དེ་དེར་སོང་བ་ཡིན། རྒྱུ་མཚན་ནི་དེ་རིང་ཁོང་གི་རྒྱབ་སྐྱོར་བ་ཚོའི་ཡོངས་གྲགས་ཀྱི་སྐུ་ངོས་མཆོག་ལ་གཞུང་དངུལ་ཟས་པའི་སྐོར་འདི་ཡིན་འདི་མིན་གཅིག་གསུངས་རྒྱུ་ཡོད་ན་བསམ་པས་ཡིན། འོན་ཀྱང་དེར་བོད་གཞུང་ཆགས་ཚུལ་དང་གཞུང་གི་ལས་འགུལ་ཁག་སྤེལ་ཚུལ་བང་རིམ་འདྲ་པོ་གཅིག་སྟོན་ནས་བཀྲས་མཐོང་ཚང་གི་ཕ་བུ་གཉེན་ཉེར་དང་འབྲེལ་བའི་གཏམ་བཤད་བཀྲས་མཐོང་སྐུ་ཉིད་ནས་གནང་བའི་བརྙན་འཁོར་གཅིག་སྟོན་གནང་སོང་བ་ལས་འབྲེལ་ཡོད་མང་ཚོགས་ལ་དགོས་པའི་ལེགས་ཉེས་ཁ་གསལ་གཅིག་དམིགས་བསལ་གང་ཡང་མི་འདུག།      ཡིན་ཡང་སྐུ་ངོས་མཆོག་ནས་ད་བར་གནང་བའི་ཕྱག་ལས་ཧ་ཅང་མང་པོ་བགྲང་རྒྱུ་འདུག་ལ་རིམ་པས་གྲུབ་འབྲས་ཆེ་བའི་ལོ་རྒྱུས་ཡང་མང་པོ་ཡོད་པ་མཐོང་སོང་། དཔེ་ན་བོད་ནང་རྒྱལ་བའི་སྐུ་ཚབ་ཐེངས་གཉིས་པའི་གྲལ་ཏུ་ཡོད་པ་དང་ཨ་རི་དོན་བཅོད་གནང་མྱོང་བ་སོགས་ཆེས་གལ་འགང་ཆེ་བའི་དུས་ལ་གྲུབ་འབྲས་ཡོད་པའི་ཕྱག་ལས་གནང་མྱོང་མཁན་གཅིག་ཡིན་པ་མཐོང་། མ་གཞི་འདི་ཁོང་མི་གཅིག་གི་འཇོན་པ་དང་བྱས་པ་ཡིན་བསམ་པ་མེད་རུང་དོན་ཐོག་ཁོང་གི་ལོ་རྒྱུས་དང་འབྲེལ་བ་ཡོད་པའི་ཆ་ནས་དམིགས་བསལ་གུས་ལ་བལྟ་སྟངས་མི་འདྲ་བ་གཅིག་སྐྱེ་བ་ནི་ཁོང་མ་འོངས་བཀའ་ཁྲི་ནང་བསླེབ་ཐུབ་མིན་ལ་མ་སྟོས་པར་ཁོང་ལོ་རྒྱུས་ཐོག་ཏུ་བཀུལ་འོས་མི་སྣ་གལ་ཆེན་གཅིག་ལ་ངོས་འཛིན་བྱུང་བ་དེ་རེད་། ཕལ་ཆེར་ཁོང་རང་གི་འབྲེལ་ཡོད་ཚོའི་དམིགས་ཡུལ་ཡང་བཀའ་ཟུར་ཁོང་བཀའ་ཁྲི་ལང་དགོས་པའི་རྒྱུ་མཚན་གཙོ་བོ་མ་ཡིན་པར་ཡོངས་གྲགས་ནག་ཉེས་ཆུང་རུ་འགྲོ་ཆེད་དང་མེད་པ་བཟོ་བའི་དོན་ཏུ་ཡིན་པ་ཟུར་བལྟས་ལེབ་མཐོང་འདྲ་པོ་ཞིག་འདུག། གང་ལྟར་ཁོང་ལ་དངོས་སུ་ཐོན་ནས་རྒྱབ་སྐྱོར་ཡིན་གསུངས་མཁན་ཚོགས་པ་གང་མང་ཞིག་ཡོད་ཀྱང་སྒེར་པ་ཁག་ནས་རྒྱབ་སྐྱོར་འཚོལ་ལུགས་ཡང་དམིགས་བསལ་ཡོད་པ་མཐོང་རྒྱུ་འདུག།     དེ་བཞིན་ཁོང་གི་རྒྱབ་སྐྱོར་བ་ཚོའི་བཤད་སྟངས་ལ་གོ་དོན་ཡང་འདྲ་མིན་ཡོད་པའི་ནང་གཙོ་བོ་སྐུ་ངོས་བཀྲས་མཐོང་ལ་ཉམས་མྱོང་ཡོད་པའི་ཆ་ནས་རྒྱབ་སྐྱོར་བྱེད་པ་ཡིན་ཟེར་བ་གཅིག་དང་ང་ཚོར་བཀའ་དྲན་ཆེ་བའི་རྒྱུ་མཚན་དུ་ཁོང་ལ་རྒྱབ་སྐྱོར་བྱེད་པ་ཡིན་གསུངས་མཁན་གཞས་པ་བཀྲས་ཆུང་སོགས་ཀྱི་སྤྱི་ཚོགས་ནང་ཡང་ཡང་བཤད་གྱི་ཡོད་འདུག།   དམིགས་བསལ་དེ་དང་འབྲེལ་བའི་གོ་སྒྲིག་གནང་སྟངས་སོགས་ལ་འགྲོ་སོང་ཚད་མེད་བཏང་འདུག     དོན་དངོས་ཐོག་ཁོང་གི་རྒྱབ་སྐྱོར་བས་བཤད་པའི་ཉམས་མྱོང་དང་བཀའ་དྲན་ལ་བསམ་ཞིབ་བྱ་ཐབས་མེད་པ་གཅིག་མ་ཡིན་ཡང་བྱ་བ་གང་ཞིག་བྱས་ན་དེར་ཉམས་མྱོང་ཡོད་པ་ཅེས་བརྗོད་རྒྱུ་ཡིན་ནམ།  དེ་མིན་ཁོང་ལ་ཉམས་མྱོང་དམིགས་བསལ་གང་ཞིག་ཡོད་དཔྱད་ན་རེ་འགས་བཤད་ན་ཁ་དཔེ་ལ་རྟ་ཕོ་རྒན་གཞོན་བལྟ་བ་ལ་བླུན་པོ་མཁས་ཀྱང་ཡོན་ཏན་མིན་ཅེས་བཤད་གསོལ་ཡོད་པ་བཞིན་ཁོང་དེ་སྔོན་ཡིན་ན་བོད་པའི་སྤྱི་ཚོགས་ནང་མཐའ་ན་དབྱིན་སྐད་ཙམ་ཤེས་ན་མཁས་དབང་དང་དབུ་འཛིན་ཆགས་པའི་དུས་སྐབས་དེ་ལ་ཤེས་འཇོན་ལྡན་པའི་དབུ་འཛིན་གཅིག་ལ་ངོས་འཛིན་གནང་ཆོག་རུང་། དེང་སྐབས་༧རྒྱལ་བ་དོན་ཀྱི་བདག་པོའི་ཐུགས་རྗེས་བཀའ་དྲན་འོག་འཛམ་གླིང་རྒྱལ་ཁབ་མང་པོའི་ནང་དེང་རབས་དང་མཐུན་པའི་ཤེས་ཡོན་སྦྱང་པའི་གོ་སྐབས་ཐོབ་ཏེ་ཆེད་ལས་པའི་གྲངས་འབོར་མི་ཉུང་བ་ཞིག་ལོ་རེ་བཞིན་ཐོན་དང་ཐོན་བཞིན་ཡོད་པས་འདས་པའི་དུས་སྐབས་སྐྱོ་པོ་དེ་འདྲ་ལ་བསྐྱར་ལོག་རྒྱབ་དགོས་དོན་མེད་པ་དང་ལྷག་དོན་བོད་མི་རིགས་ཀྱི་ལོ་རྒྱུས་ནང་བྱུང་མྱོང་མེད་པ་ཚད་ལྡན་རྒྱལ་སྤྱིའི་མཁས་པ་བློ་སེང་ལྟར་བུ་རང་གི་མཚན་སྙན་འོག་ཨ་སྒོར་ལ་ཆགས་ཞེན་མ་གནང་བར་བོད་མི་རིགས་ཀྱི་རེ་འདོད་ལྟར་བཀའ་ཁྲིའི་ནང་ཕེབས་ན་དགའ་བསུ་ཞུ་རྒྱུ་ལས་ལྷག་མེད་།  དེ་བཞིན་ད་གསེར་ཡོད་ན་ཟངས་གསེར་གྱི་ཚབ་བྱེད་དགོས་མེད་པ་ལྟར་བུ་རེད་། ཅེས་དང་ཡང་རེ་འགས་དེ་བཞིན་ལོ་རྒྱུས་ནང་ཡོངས་གྲགས་ནག་ཉེས་མཐོང་ཐོས་མེད་པར་མི་ལོ་༤༠ལྷག་རིང་བོད་གཞུང་རང་ལ་ཆེས་མཐོའི་དབུ་ཁྲིད་གནང་མཁན་ཉམས་མྱོང་གི་བང་མཛོད་ཅན་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཡོད་པ་རེད་ཅེས་བརྗོད་མཁན་འདུག།
  བོད་མིའི་སྐྱིད་སྡུག་མཉམ་མྱོང་།
 

24.01.2011 06:01:17

བཀའ་དྲིན་ཆེན་པོ་ཡིན་པའི་རྒྱུ་མཙན་གྱིས་བཀའ་ཁྲིར་འོས་འདེམས་བྱ་རྒྱུ་ནི། བཀའ་ཁྲི་འདེམས་མ་ཤེས་པའི་རྟགས་རེད་ལ་མ་གཞི་ནས་ཉམ་མྱོང་ཟེར་བ་ལ་ཡང་ཡག་སྡུག་གཉིས་ཡོད་པ་ཤེས་དགོས། བཟང་ཕྱོགས་ཀྱི་ལས་དོན་སྒྲུབ་པར་ཉམས་མྱོང་ཡོད་ན་ཕན་ཐོག་ཕྲན་ཙམ་ཡོད་རུང། ཚུལ་མིན་གྱི་ལས་དོན་རིགས་ལ་ཡང་ཉམས་མྱོང་ཡོད་པས་ཉེན་ཁ་ཆེན་པོ་ཡོད། དཔེ་ན་འཛམ་གླིང་ཐོག་གཞུང་དངུལ་སྒེར་བདག་བྱེད་མཁན་གྱི་དཔོན་རིགས་མང་ཆེ་བ་ཉམས་མྱོང་ཡོད་པ་རྐྱང་རྐྱང་ཡིན། དཔེ་མཚོན་ཙམ་ཞུས་ལ་ཐེ་ཝྭཎ་སྲིད་འཛིན་ཟུར་པ་ཁྲིན་ཧྲི་ཧྥིན་ལྟ་བུ་ཐེ་ཝྭཎ་ཀྱི་གཞུང་འཛིན་མི་སྣ་ཁྲོད་ཉམས་མྱོང་ཆེ་ཤོས་ཞིག་ཡིན་རུང་དེང་གི་ཆར་སྤྱི་རྒྱུ་སྒེར་བདག་བྱས་པའི་ནག་ཉེས་ཡོད་མཁན་ཞིག་ཆག་ཡོད། དེས་ན་གོང་བཀོད་རྒྱུ་མཚན་གཉིས་པོ་ནི་བཀའ་བློན་འོས་པའི་འོས་ཆོས་སུ་བགྲངས་ཀྱང་ཕན་པ་གང་ཡང་མེད། དེ་ལས་གཞན་འོས་ཆོས་བགྲངས་རྒྱུ་ཡོད་ན་གནས་ཚུལ་གཞན་ཞིག་རེད།

 
 
24.01.2011 06:26:38

ཁོང་ཚོའི་ཚོགས་པ་དེའི་མིང་ལ་ན་གཞོན་མཐུན་ཚོགས་ཅེས་མིང་རྗུན་འོག་ལས་འགུལ་སྤེལ་བཞིན་ཡོད་པ་ཐོས་རྒྱུ་འདུག། དངོས་འབྲལ་གང་ཡིན་གསལ་པོ་ཤེས་ཀྱི་མེད་འོན་ཀྱང་ངས་གོང་ཏུ་བཤད་པ་བཞིན་ཁོང་ཚོ་རྒྱབ་སྐྱོར་བས་ལས་འགུལ་དེ་འདྲ་སྤེལ་དགོས་དོན་ནི་ཉམས་མྱོངས་ཡོད་པའི་འབོད་ཚིག་འོག་བཀའ་དྲན་མཇལ་ཆེད་ཡིན་པ་འདྲ་།

 
 
24.01.2011 22:15:04

ཡ་ཡ་དཔེ་ཡག་པོ་རེད། ག་རེ་ཡིན་ན་མཐོང་དགོས་རྒྱུ་འདུག་མ་གཏོགས་
བློ་སྣ་འཁུམ་ནས་རྒྱང་ཐག་རིང་པོ་མཐོང་གི་མི་འདུག
ག་རེ་ཡིན་མིན་ཚང་མ་སྤྱི་ཚོགས་ཐོག་བཀྲམ་བསྡད་ན་
ནམ་ཞིག་ང་ཚོ་ལ་བརྗོད་གཞི་དང་བསམ་བློ་གཏོང་ཡུལ་མི་འདྲ་བ་རེ་
ཆག་གི་འདུག གྲོགས་བཤད་སྒྲུབ་ལགས་ཐུགས་རྗེ་ཆེ།

 
 
24.01.2011 22:58:34

གྲོགས་དཀོན་མཆོག་ལགས། མ་མཇལ་ཡོན་རིང་། དངོས་གནས་འདི་ནི་མང་ཚོགས་ཀྱི་ཤེས་དགོས་པའི་དོན་གནད་གཅིག་ལས་སྐྱོན་འཛུགས་བྱེད་ཡུལ་དང་དཔུང་སྒྲིག་གནང་སྟངས་མེད་པའི་བསམ་ཚུལ་ཙམ་ཡིན།

 
 
24.01.2011 23:41:25

དོན་མེད་བཀྲས་མཐོང་ལ་དཔྱད་པ་འདི་ག་རེ་བྱས་ཁུལ་ཡིན་། འདས་པའི་ལོ་རྒྱུས་ལ་བལྟས་ན་མི་ཡག་པོ་གཅིག་མཐོང་རྒྱུ་མེད་པ་རེད་པས། བཀའ་ཁྲི་འདེམས་སྟངས་དེ་མདས་པའི་ལོ་རྒྱུས་ལ་བལྟས་ནས་འོས་ཚུལ་བལྟ་དགོས་ན་བཀྲས་མཐོང་དང་བློ་སེང་དབར་མི་མང་གི་མཐོང་བའི་སྐྱོན་མང་བ་བཀྲས་མཐོང་ལ་ཡོད་སྲིད་པ་རེད་ལ་ཡོན་ཏན་ཡང་མང་བ་ཡོད་ངེས་རེད་། འདི་ཁྱེད་ཀྱི་ཕྱོགས་ཞེན་མ་གནང་བ་དྲང་པོའི་ཐོག་གཟིགས་ན་བློ་སེང་དང་ཁོང་གི་རྒྱབ་སྐྱོར་བས་དང་ཐོག་འུར་སྒྲོགས་འདི་འདྲ་གནང་མེད་ན་བཀྲས་མཐོང་གི་དེ་འདྲ་གནང་སྲིད་ཀྱི་མ་རེད་།

 
 
25.01.2011 06:36:38

བཀྲེས་མིང་ཅན་ལགས། ཁྱེད་རང་གི་བཤད་པ་བཞིན་འདས་པའི་ལོ་རྒྱུས་ལ་བལྟས་ནས་མ་འོང་བཀའ་ཁྲི་གདམ་དགོས་པ་རེད་དེ་། མ་འོངས་བཀའ་ཁྲི་དེ་རང་ལ་བཀའ་དྲན་ཆེ་བའི་རྒྱུ་མཚན་དང་དེ་སྔོན་འཇོན་འདུག་ཅེས་རྒྱུ་མཚན་རྟག་སྣང་བཀོད་ན་མི་འགྲིག་པར་ཐེངས་འདིར་འོས་བབ་ཆེ་མིན་གཙོ་བོ་གཟིགས་གལ་ཆེ་བ་རེད་། ངོ་མ་ཐེངས་འདིའི་འོས་བསྡུ་ལ་འུར་སྒྲོགས་སམ་ཟེང་ཆ་ཆེ་པོ་ལང་བ་ནི་བློ་སེང་གི་ཤེས་ཡོན་གྱི་ནུས་པ་དང་བཀའ་ཟུར་བཀྲེས་དབང་འདུས་ཀྱི་གཞུང་དྲང་ལྗེད་ཁོག་ཆེ་བའི་ལོ་རྒྱུས་ཡོད་པས་རེད་། ད་དུང་བཀྲས་མཐོང་ཚང་གི་ཁྱིམ་རྒྱུད་དང་འབྲེལ་བ་མེད་པ་མ་རེད།

 
 
25.01.2011 03:15:14

བོད་མི་རིགས་ཀྱི་དབུ་ཁྲི་སྲིད་འཛིན་ནམ་བཀའ་བློན་ཁྲི་པའི་ཟེར་བའི་གོ་གནས་འདི་སྔོན་དུས་སྐུ་ངལ་ཚད་མེད་སྐྱོན་ནས་གྲུབ་འབྲས་ཡོད་མཁན་ཞིག་ལ་བཀའ་དྲིན་རྗེས་དྲན་གྱི་མཚོན་བྱེད་དུ་གོ་སྐབས་འདི་ནམ་ཡང་འབུལ་གྱི་མེད། གོ་སྐབས་འདི་མ་འོངས་པའི་ཕུག་རེ་དང་རྩ་དོན་འཐབ་རྩོད་བྱེད་མཁན་གྱི་གང་ཟག་ནུས་ལྡན་ཞིག་ལ་འབུལ་དགོས་རྒྱུ་དེ་གལ་ཆེ་སྙམ། གལ་སྲིད་སྔོན་དུས་སྐུལ་ངལ་སྐྱོན་ནས་གྲུབ་འབྲས་དང་རླབས་ཆེན་གྱི་ཕྱག་རྗེས་ཡོད་མཁན་ཞིག་ལ་འབུལ་དགོས་ན། བོད་གཞིས་བྱེས་གཉིས་ཀས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ན་དེ་ནི་ངོ་འཚར་རྨད་དུ་བྱུང་བའི་ཕྱག་རྗེས་ལ་གུས་སྟོད་ཅིག་ཀྱང་འགྱུར་ངེས་ལ་རྒྱལ་བ་དགྱེས་པའི་མཆོད་པ་ཞིག་ཏུ་འགྱུར་སྲིད།

 
 
25.01.2011 05:48:20

གྲོགས་པོ་ཐུབ་བསྟན་ལགས་ནས་དགོངས་ཚུལ་ཧ་ཅང་གསལ་པོ་དང་དོན་ཅན་གཅིག་གསུངས་འདུག། དངོས་གནས་མ་འོང་བོད་པའི་དབུ་ཁྲིད་དེ་སླད་མེད་དང་གཙང་གི་ལོ་རྒྱུས་ལྡན་ལ་ཤེས་འཇོན་ནུས་གསུམ་ལྡན་པ་གཅིག་དགོས་གལ་ཆེ་བ་ལས་ཕ་རྒྱུད་བུ་འཛིན་གནང་མཁན་བྱང་ཀོ་རི་ཡ་ལྟར་བུ་ལ་རྒྱབ་སྐྱོར་གནང་ཐབས་མེད་ངེས་རེད།

 
 
25.01.2011 03:34:41

དྲ་གྲོགས་བསད་སྒྲུབ་ལགས་གནས་ཚུལ་སྒྲུབ་་བྱས་པ་ཐུགས་རྗེ་ཆེ།
བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་ལགས་ཀྱི་རང་གི་འགན་ཁུར་སྒྲུབ་་མ་ཐུབ་ཏེ་འབུམ་སྟང་ཕྲག་གིས་རྩིས་ཁྲ་མེད་མཁན་ཞིག་གིས་་དངོས་སུམ་འཛེམས་མེད་ཀྱི་ཀྲས་མཐོང་ལ་རྒྱབ་སྐྱོར་བྱས་པ་ནི་མགོ་ཆག་གི་སྐེ་ཡོཡོ་བསྐྱོར་་ཟེར་བའི་དང་མཚུངས་།
འཇིག་རྟེན་གྱི་ཁ་དཔེར་ལ་རྐུ་མིའི་རྒྱབ་ལ་ཁྲམ་པ་ལོང་ཟེར་བའི་དཔེར་ཟླ་བ་ཚེ་རིང་གིས་རྒྱབ་བསྐྱོར་བྱེད་པ་ནི་བོད་ཆོལ་གསུམ་པོ་མཉམ་དུ་གནས་མི་ཅུག་པ་རང་རེད།ལ་མི་དེ་ཚོས་ཁ་ནས་སྐྱབས་མགོན་རིན་པོའི་ཆེའི་བཀའ་དགོང་ཁ་ལ་ཁུར་ཏེ་བོད་མི་སྤཡི་ཚོགས་དཀྲུགས་ཤིང་ཁོར་ན་ལས་མི་དེ་ཚོ་ལ་བྱེད་རྒྱུ་གང་ཡང་ཡོད་མ་རེད།
ད་དུང་མུ་འཐུད་འདི་འདྲའི་ངང་དུ་གནས་ཐབས་གྲལ་བ་རེད་ད་ཡིན་ད་ལོ་བཀའ་ཁྲིའི་འོས་འདི་ཡི་ག་རེ་བྱེད་འགྲོ་ཆ་མེད་རེད་འདུག་ད་ཡིན་ན་ཉན་ཁ་ཆེན་པོ་འདུག།

 
 
25.01.2011 06:03:48

གྲོགས་པོ་ཀུན་དགའ་ལགས། བཀའ་བློན་ཁྲི་ཟུར་བསོད་ནམ་སྟོབས་རྒྱལ་གྱི་ནུས་ཤུགས་རྫོགས་བཀྲས་མཐོང་ལ་རྒྱབ་སྐྱོར་དུ་གནང་གི་འདུག། ཧ་ལམ་བཀྲས་མཐོང་བཀའ་ཁྲི་ཐོབ་པ་ཡིན་ན་བོད་རང་བཙན་རག་པའི་བཟོ་ལྟ་འདྲ་པོ་རྒྱུ་མཚན་མང་པོ་བཤད་རྒྱུ་འདུག། ཡིན་ཡང་འདས་པའི་ལོ་རྒྱུས་ཅུང་གོ་ཐོས་ཡོད་ན་དེ་ནི་རྒྱུན་ལྡན་གྱི་གནས་སྟངས་ལས་གསར་པ་དམིགས་བསལ་མ་རེད་པ། ག་དུས་ཡིན་ན་བསོད་ནམས་སྟོབས་རྒྱལ་གྱི་དབུ་ཁྲིད་བཀྲས་མཐོང་ཡིན་དགོས་པ་དེ་ཁོའི་རེ་བ་དང་དམིགས་ཡུལ་གསལ་པོ་མཚོན་པ་རེད་།

 
 
25.01.2011 12:25:57

བཀའ་ཁྲི་ཉམས་མྱོང་ཅན་དགོས་ཟེར་བ་དེར་རྒྱུ་མཚན་ཡང་དག་ཅིག་མ་མཐོང་། ཡིན་གཅིག་ཉམས་མྱོང་ཅན་ཞིག་དགོས་ན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་ཉམས་མྱོང་ཡག་པོ་བསགས་ཡོད་སྟབས་ཁོང་དགོངས་པ་མ་རྫོགས་བར་དུ་བཀའ་ཁྲི་ལ་བཞག་ན་འགྲིག་གི་རེད། གཞུང་གི་ཁྲིམས་ནང་ཉམས་མྱོང་དེ་གལ་ཆེན་པོར་བརྩིས་མི་འདུག གལ་ཏེ་བཀའ་ཁྲི་དེ་ཉམས་མྱོང་ཅན་ཞིག་དགོས་ན་ཁྲིམས་བཟོ་ལྷན་ཚོགས་ཀྱིས་ཁྲིམས་ནང་བཀའ་ཁྲི་ཉམས་མྱོང་ཅན་ཞིག་དགོས་ཟེར་བར་མ་འཁོད་པ་གང་ཡིན་ནམ།

 
 
30.01.2011 01:08:42

དངོས་གནས་བྱེད་ན་ཉམས་མྱོང་སོགས་དགོས་པ་རེད་དེ་གཙོ་བོ་ཚད་ལྡན་དགོས་པ་གལ་ཆེན་རེད་བསམ་ཀྱི་ཡོད་། འོས་མི་དེའི་བོད་མི་ཆིག་སྒྲིག་ཐོག་ལ་ཕན་པ་སོགས་དགེ་མཚན་ཡོད་ན་ཁོང་གསུམ་སུ་ལ་འོས་ཐོབ་ན་མ་འགྲིག་མ་གང་ཡང་མ་མཐོང་།

 
 
25.01.2011 13:20:20

ཉམས་མྱོང་དགོས་ཀྱང་རུང་མི་རབས་གསར་པར་གོ་སྐབས་མ་བྱིན་ན་མ་འོངས་བོད་འདིར་བཀྲེས་སྐོམ་གྱི་བསྐལ་པ་མཐོང་ཡོང་།
དང་ཐོག་ནས་བཀྲས་མཐོང་ལ་ལྷ་ཡིས་ཉམས་མྱོང་སྤྲད་ཡོད་པ་ཡིན་ནམ་་་་ཡང་ན་ཁོ་རང་གིས་ཉམས་མྱོང་བསགས་པ་རེད།
གལ་སྲིད་ཉམས་མྱོང་གསོག་ཆོག་གི་ཡོད་ན་གཞག་དག་གིས་ཉམས་མྱོང་གསོག་མི་ཆོག་པའི་གནད་དོན་གང་རེད།

དངོས་གནས་བྱས་ན་ངས་འདི་བཤད་མི་འདོད་ཀི
གང་ཡིན་ཟེར་ན་ང་བཀྲས་མཐོང་ལྷ་སྒྲོན་ལ་དགའ་པོ་ཞེ་དྲག་ཡོད།

 
 
30.01.2011 01:34:12

གྲོགས་མྱི་རྡོ་ལགས། ཁྱེད་རང་འདྲ་བའི་ཕུགས་བསམ་ཅན་མང་པོའི་སྔོན་འགྲོའི་སྐབས་མི་གྲངས་༢༢༠༠༠ལྷག་ཡོད་པ་རེད་ལ་མ་འོངས་ཡང་བལ་ཡུལ་དང་འབྲུག་ནང་གནས་བཞུགས་བོད་མི་ཡོངས་ཀྱི་སྐལ་གནང་ཐུབ་ན་འོས་གྲངས་དེ་ལས་མང་བ་ཡོང་ཐུབ་པ་དོགས་གནས་མི་དགོས་པ་ཆགས་ཡོད་སྙམ། ཡིན་ཡང་ཁོང་གསུམ་ལ་སྐྱོན་བརྗོད་གནང་ན་འོས་བབ་མེད་པ་མཐོང་གི་འདུག།

 
 
26.01.2011 02:47:14

ལགས་སོ་རྣམ་ཚོ། གླེང་སློང་མང་པོ་ཞིག་འདུག་འོན་ཀྱང་མང་ཆེ་བ་ཚིག་ངན་གྱི་མདའ་མོ་འཕེན་པ་ཙམ་ལས་དོན་དངོས་ཐོག་འཁྱོལ་མཁན་ཉུང་ཤས་རེད་འདུག གང་ལྟར་ཀྱང་ལྟའི་བཀའ་ཁྲི་འོས་མི་གསུམ་པོ་ངོ་མ་ཤེས་འཇོན་གཉིས་ལྡན་ཤ་སྟག་རེད་འདུག ང་ཚོས་ཁོང་རྣམ་པར་དགའ་བསུ་དང་ཡིང་རང་བྱེད་འོས་པ་ལས། དམའ་འབེབ་རྩ་བ་ནས་བྱེད་མི་རུང་གང་ཡིན་ཟེར་ན་དེང་སང་མི་སུ་འདྲ་ཞིག་ཡིན་ཡང་རང་ཉིད་མི་གཞན་དང་འདྲ་བར་དགའ་སྡུག་གི་ཚོར་བ་ཡོད། ཁོ་ཚོ་ལྷ་མིན་ལའདྲེ་ཡང་དེ་བས་ཀྱང་ག་ལ་ཡིན། སུ་གང་ཡང་གེ་སར་གྱིས་སྤྲིན་འཇོག་བྱས་པ་ལྟ་བུ་ལ་མི་དགའ། གལ་ལྟེ་བཤད་རྒྱུ་ཡོད་ན་རྒྱུ་མཚན་རེ་རེ་ནས་ཁུངས་དག་བྱས་ཏེ་བགྲང་ན་ཉན་ན་སྙན་པ་དོན་ཡོད་གོ་ཆོད་པ་སོགས་ཁྱད་ཆོས་དུ་མ་ཡོད། ད་ལན་བཀྲས་མཐོང་མཆོག་བཀའ་ཁྲིར་ཕེབས་རྒྱུ་འདི་སྤྱི་ཡི་ཆ་ནས་བཤད་ན་ཅུང་ཐུགས་བསམ་མ་བཞེས་སྐྱོན་འདུག གང་ལགས་ཞེ་ན་ཁོ་ཁྲི་ཟུར་ཡིན་པ་སྨྲོས་མེད་རེད་དེའི་སྐབས་སུ་དགོང་ཞུས་གནང་སྟེ་ཕྱག་ལས་ཆ་ཚང་བ་ཞིག་གནང་མི་འདུག བདེན་མིན་ལ་མ་སྟོས་པ་དངུལ་མ་ཚང་བའི་ལོ་རྒྱུས་ཀྱང་འདུག དགོང་ལ་ཡང་བགྲེས་པོ་རེད་འདུག དེར་བརྟེན་ད་ལན་གོ་སྐབས་འདི་གསར་སྐྱེར་ཞིག་ལ་ཕུལ་བཞག་ན་མི་རབས་གསར་པའི་གོམ་པ་གསར་པ་ལྟ་བུར་ཆགས་ཀྱི་ཡོད། དེ་བཞིན་རྒྱ་མིས་ངོས་ནས་ཀྱང་ལྟ་ཚུལ་མི་འདྲ་བ་ཡོང་ངེས། མི་རབས་གསར་པ་རྣམསལ་གོ་སྐབས་མ་སྤྲད་ན་དམར་པོས་གཞུང་གི་ལབ་པ་དེ་དངོས་ཡོད་བདེན་ཐོག་ཏུ་འགྲོ་བུ་ལྟ་བུར་ཆགས་ཀྱི་ཡོད།

 
 
26.01.2011 04:20:22

དྲ་གྲོགས་ཚོ། ངོ་མ་ང་ཚོས་མ་འོང་པའི་བཀའ་ཁྲི་དེ་དོས་གནས་ཉམས་མྱོང་ཅན་གཅིག་གཚོ་ཆེ་བ་དགོས་ཀྱི་ཡོད་དམ་་། བཀྲས་མཐོང་ཁོང་ལ་ཉམས་མྱོང་གི་ཆ་ནས་ཁོང་འཚམས་པ་འདུག་བསམ་ན་དེ་ནི་འུ་ཚོས་ནོར་བ་རེད།་ ཉམས་མྱོང་བཙིགས་ཆེར་འཛིན་ན་བཙན་བྱོལ་ནང་ཤེས་ཡོན་ལྡན་པ་ཁོང་ལས་ཉམས་མྱོང་ཆེ་བའི་སྤོ་བོ་དང་རྨ་བོ་མང་དག་ཞིག་ཡོད་པས་དེ་དག་བཀའ་ཁིར་འོས་འཕེན་ན་བསམ་གྱི་མིན་འདུག་གམ། བཀྲས་མཐོང་ཁོང་སྔར་བཀའ་བློན་སྐབས་ད་ལྟ་གླེང་བཞིན་པའི་ཉམས་མྱོང་ཡོོད་ནས་ཕྱིར་མ་ངོམ་པ་ཡིན་ནམ་ཡང་ན་དེ་དུས་བོད་འདི་ལ་ཤ་ཞེན་མེད་ནས་དགོང་པ་ཞུས་པ་རེད་པས། ང་ཚོས་མི་ཁོང་དང་ཁོང་འདྲ་བའི་ཁ་མཁས་གཏིང་ནག་དེ་དག་ལ་དོགས་ཟོན་གནང་ན་མ་གཏོགས་ཡང་སྐྱར་ཁོ་བཀའ་ཁྲིར་སླེབས་ཉེན་འདུག་པས་ཚང་མས་ཐུགས་འགན་བཞེས་དགོས།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -