ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

30.12.2010 11:09:43
ཁྲུང་ཁྲུང་དཀར་པོའི་བུ།

༢༠༡༠ ཟླ་ ༡༢ ཚེས་ ༢༩ རེས་གཟའ་ལྷག་པ། ༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༣ རེས་གཟའ་ཟླ་བའི་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་བཙན་བྱོལ་བོད་གཞུང་ཕྱི་དྲིལ་འགྲེམས་སྟོན་ཚན་པས་གོ་སྒྲིག་འོག་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྡ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་བོད་ཁྱིམ་ཉིན་མོའི་སློབ་གྲྭའི་ཚོགས་ཁང་དུ།
བོད་ཀྱི་གནད་དོན་སེལ་ཆེད་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐབས་ལམ། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་གཏན་འཁེལ་འདུག རིན་པོ་ཆེ་མཆོག་གིས་གསུང་བཤད་དབྱིན་སྐད་ཐོག་གནང་རྒྱུ་ལགས་ན་དེ་དོན་དགོངས་འཇགས་ཡོང་བའི་གསལ་བསྒྲགས་སུ།།
དྲ་གྲོགས་རྣམས་ལ་ཐུགས་ཕན་སོན་ཆེད་བོད་གཞུང་དྲ་བ་ནས་ཤུས།

  འགྲན་ཟླ་མེད་པའི་བླ་མ་གཅིག
 

30.12.2010 13:28:08

གྲོགས་བཤད་སྒྲུབ་ལགས་ཀྱིས་ཡག་པོ་ཞིག་བཤུས་འདུག དགའ་བསུ་ཡོད།

 
 
30.12.2010 13:37:09

གྲོགས་དཀོན་མཆོག་དར་རྒྱས་ལགས་ཁྱེད་རང་ལྷ་རྟ་ཞོན་ནས་ཕེབས་པ་འདྲ་ དངོས་གནས་མགྱོགས་སེ་བྱུང་། དངོས་གནས་དགའ་བསུ་ཡོད་ མ་ཟད་དེ་དུས་ཁྱེད་རང་ཕེབས་ཐུབ་རྒྱུའི་རེ་བ་ཡོད་

 
 
30.12.2010 17:51:26

གཏམ་བཟང་འདི་འདྲ་ཐོས་བརདགའ་བ་མི་སྐྱེས་སུ་ཞིག་མཆིས།
བསྟན་པ་ཆབ་སྲིད་ཀྱི་དོན་དུ་སྐུ་ཚེ་སྐལ་བརྒྱར་བར་དུ་བརྟན་བར་ཤོག

 
 
30.12.2010 23:54:03

དད་ཅན་ལགས། རིན་པོ་ཆེ་མཆོག་ནི་བོད་པའི་ལོ་རྒྱུས་ནང་ཆོས་སྲིད་གཉིས་ཀས་ཐོག་སྔར་བྱུང་མྱོང་མེད་པའི་མཁས་དབང་ཙམ་མ་ཟད་གནས་ཡུལ་རྒྱ་གར་ཤེས་ལྡན་མི་སྣ་སོགས་དེང་འཛམ་གླིང་ནང་གུས་བརྩི་ཧ་ཅང་ཐོབ་པའི་སློབ་དཔོན་ཆེན་པོ་ཅིག་རེད་། ད་སྐབས་འདིར་གར་དྷ་རམ་སར་རིན་པོ་ཆེ་མཆོག་གི་བཀའ་སློབ་ཡོད་པ་ཡོངས་གྲགས་རེད་འདུག་ཏེ་དུས་ནམ་ཞིག་ཡིན་ཁ་གསལ་གོ་རྒྱུ་མི་འདུག་པས་ངས་གཏམ་བཟང་འདིར་བོད་གཞུང་དྲ་རྒྱ་ནས་བཤུས་པ་ཡིན།

 
 
31.12.2010 03:35:22

མཁས་དབང་ཁོང་སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་ཞུ།

 
 
31.12.2010 05:01:10

དྲ་གྲོགས་ཐུབ་བསྟན་ལགས་འདིར་ཕེབས་ནས་ཐུགས་སྨོན་གནང་བར་བཀའ་དྲན་ཆེ་ཞུ་རྒྱུ་དང་སྐུ་ཉིད་འདྲ་བའི་བོད་མི་བསམ་བློ་བ་རྣམས་ཀྱི་འདོད་དོན་ཡིད་བཞིན་དུ་འགྲུབ་པའི་རེ་བ་དང་རྒྱབ་སྐྱོར་ཡོད་།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -