ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

17.01.2009 12:09:59
གཡུ་འབྲུག་སྔོན་མོ།

ཝང་ལི་ཞུང༌། ཉེ་ཆར་གནསའཕྲིན་དྲ་བའི་ཐོག་བོད་མི་ཁ་ཤས་ཀྱིས་གོང་ས་མཆོག་གི་སྐུ་ཚབ་ཀྱིས་པེ་ཅིན་དང་ལྷན་དུ་གྲོས་མོལ་ལ་ནུས་པ་མ་ཐོན་པ་དེར་སྐྱོན་བརྗོད་བྱེད་བཞིན་པ་མཐོང་ལ༌།ཚིག་བཤད་སྟངས་དེ་དག་སྔོན་མ་གོ་མ་མྱོང་པར་དྲག་པོའི་ཁ་རྡུང་བཏང་འདུག དཔེར་ན་༧གོང་ས་ཏྭ་ལའི་བླ་མའི་སྐུ་ཚབ་ཀྱིས་ཁེ་ཕན་ཁོ་ནའི་ཆེད་ནུབ་ཕྱོགས་ཀྱི་སྲིད་དོན་པ་ནང་བཞིནའཁྲབ་བཞིན་ཡོད་ཚུལ་དང༌།


ཁོང་ཚོས་རྒྱ་ནག་གི་གཟབ་རྒྱས་སྣེ་ལེན་དང་ལེན་གྱིས་ག་ས་གར་གཟིགས་སྐོར་དང་ཡུལ་སྐོར་སྤྲོ་འཆམ་བྱས་རྗེས་རྒྱ་ནག་ཕྱོགས་ཀྱིས་རྣམའགྱུར་ཡག་པོ་བསྟན་པ་སོགས་བརྗོད་བཞིན་ཡོད་ཟེར་ནས༌། གོང་ས་མཆོག་གིས་སྐུ་ཚབ་འདེམས་པ་ནོར་བ་དང༌། ཁོང་གྲོས་མོལ་གནང་པར་མངག་པར་དོན་སྙིང་གང་ཡང་མེད་པར་ནམ་ཡངའབྲས་བུ་ཐོབ་མི་སྲིད་པའི་སྐོར་བརྗོད་ཡོད༌།

ངས་དང་པོ་འགོ་འཛུགས་དུས་ནས་གྲོས་མོལ་ལའབྲས་བུ་ཐོན་མི་ཐུབ་པར་བསམ་བཞིན་ཡོད་ནའང༌། གྲོས་མོལ་ལ་ནུས་པ་མེད་པར་བསམ་གྱི་མེད༌། སྐུ་ཚབ་ཀྱིས་རྒྱ་ནག་གི་སྣེ་ལེན་དང་ལེན་བྱས་པར་སྐྱོན་བརྗོད་བྱས་པ་དེ་ནི་ཐལ་དྲགས་གྱི་སྐྱོནའདོགས་བྱས་པ་ཞིག་རེད༌། གྲོས་མོལ་བྱེད་འདོད་ཡོད་ན་འགྲུལ་བའི་བདག་པོའི་བཀོད་སྒྲིག་ལྟར་སྒྲུབ་པ་ནི་གཞི་རྩའི་གུས་ལུགས་ཤིག་རེད༌། མཐར་ཐུག་གྲོས་མོལ་ལའབྲས་བུ་མ་ཐོབ་པ་དེའི་རྒྱུ་རྐྱེན་གོང་ས་ཏྭ་ལའི་བླ་མས་སྐུ་ཚབའདེམས་པ་འགྲིག་མིན་གྱི་གནད་དོན་ལ་ཐུག་མེད༌།མི་སུ་འདྲ་ཞིག་མངག་ཀྱང་འབྲས་བུ་ཐོབ་ཀྱི་མ་རེད༌།

དེས་ན་ངས་བཤད་པའི་གྲོས་མོལ་གྱི་ནུས་པ་དེ་གང་ནས་ཐོན་ནམ་ཞེ་ན༌།གཅིག་ནི་ངའི་བསམ་པར་གོང་ས་ཏྭ་ལའི་བླ་མའི་ཐད་ནས་བཤད་ན་གྲོས་མོལ་གྱི་དམིགས་བྱ་དེ་པེ་ཅིན་སྲིད་གཞུང་ཁོ་ན་མ་ཡིན་པར༌། རྒྱ་ནག་གི་མ་འོངས་བ་དང་རྒྱ་ནག་པ་ཡོངས་ཀྱི་ཐོག་རྒྱ་བསྐྱེད་དགོས༌ལ།ལོ་རྒྱུས་ནི་འཕེལ་རྒྱུས་འགྲོ་བ་ཞིག་དང་སྲིད་གཞུང་ཡང་ནམ་ཡང་འགྱུར་བ་མེད་པ་ཞིག་མ་ཡིན་པར༌། སྲིད་གཞུང་འདི་བས་དུས་རྟག་ཏུ་རྒྱ་ནག་ལ་དབང་བསྒྱུར་བྱེད་ཐུབ་ཀྱི་མ་རེད༌། ད་ལྟ་གྲོས་མོལ་ལ་འབྲས་བུ་མ་ཐོབ་ཀྱང་མ་འོངས་པར་ཡང་འབྲས་བུ་མི་ཐོབ་པའི་ངེས་པ་མེད༌།་དེ་བས་ད་ལྟ་གྲོས་མོལ་གནང་བ་འདིའི་ནང་མ་འོངས་པའི་གྲ་སྒྲིག་འདུས་ཡོད༌། མིག་རྒྱང་རིང་པོའི་ཆ་ནས་བཤད་ན་རྒྱ་ནག་གིས་དབུ་མའི་ལམ་ཤེས་རྟོགས་དང་བོད་ཀྱི་དོན་དངོས་རང་སྐྱོང་ངེས་ལེན་བྱས་པ་ཡིན་ན༌། ད་གཟོད་བོད་ཀྱི་གནད་དོན་རྩ་བ་ནས་ཐག་གཅོད་བྱེད་ཐུབ་པ་དང༌། དབུ་མའི་ལམ་གྱི་སྙིང་དོན་དང་བོད་ཕྱོགས་ཀྱི་ལྷག་བསམ་རྣམ་དག་ནི་དངོས་གནས་འདི་འདྲའི་གྲོས་མོལ་བརྒྱུད་ནས་རྒྱ་ནག་མི་མང་དངའཇོན་ལྡན་མི་སྣར་བརྒྱུད་སྤྲོད་བྱེད་དགོས༌།

ཕྱོགས་གཞན་ཞིག་ནས་གྲོས་མོལ་གྱི་ནུས་པ་ནི་ལོ་མང་པོར་གྲོས་མོལ་བྱས་ཏེ་འབྲས་བུ་མ་ཐོན་པས་རྐྱེན་གྱིས་མི་རྣམས་ད་གཟོད་མཐའ་མཇུག་གི་རྟོགས་སད་བྱུང་ནས༌། བོད་ཀྱི་གནད་དོན་ནི་དབང་ཆ་གཅིག་སྡུད་གཞུང་གི་རྒྱ་ནག་དང་མཉམ་དུ་ཐག་གཅོད་བྱེད་ཐབས་མེད་པ་ཤེས་ཀྱི་རེད༌། ཁ་དཔེར་བོད་རེ་བས་ཕོངས་ཟེར་བ་མ་ཡིན་ནམ༌། དངོས་ཡོད་དང་མི་མཐུན་པའི་རེ་བ་མེད་པར་བཟོས་ན། བོད་མི་ཚོ་འཐོར་ཉེན་ལས་ཐར་བའི་ནུས་པ་ཡོད༌། དེས་ན་ནུས་པ་དེ་ཆེན་པོ་མ་ཡིན་ནམ༌། གྲོས་མོལ་གྱི་བརྒྱུད་རིམ་ནམ་ཡང་འགྲོ་དགོས་ཀྱི་རེད༌། ཉམས་ཆུང་གི་ཕྱོགས་ནས་གལ་ཏེ་ཞི་མཐུན་གྱི་གྲོས་མོལ་ཐབས་ལམ་སྣ་ཚོགས་ལ་ཚོད་ལྟ་བྱས་ནས༌། བློས་གཏོང་དང་དཀའ་ཚེགས་སྣ་ཚོགས་དང་ལེན་མ་བྱས་ན༌། ནམ་ཞིག་དེང་ཐོག་གི་ཞི་མོལ་གོ་སྐབས་མ་ཟིན་པར་བློའགྱོད་བྱེད་པའི་དུས་ཀྱང་ཡོད་སྲིད་ངེས༌། མི་མང་པོ་ཞིག་གིས་༧གོང་ས་ཏྭ་ལའི་བླ་མ་མཆོག་དེ་སྔོན་༧ཀུན་གཟིགས་པན་ཆེན་རིན་པོ་ཆེའི་མྱ་ངན་མཛད་སྒོར་གདནའདྲེན་ཞུས་པར་མ་ཕེབས་པ་དེ་ནི་བོད་ཀྱི་གནད་དོན་ཐག་གཅོད་ཀྱི་གོ་སྐབས་ཤོར་བར་ལེ་བདའ་བྱེད་པ་མ་ཡིན་ནམ༌། ཡིན་ཡང་ལོ་ངོ་དྲུག་རིང་གི་གྲོས་མོལ་ལས་བོད་མི་ཚོར་དོན་དངོས་སུ་གོ་སྐབས་གང་ཡང་མེད་པ་ཤེས་རྟོགས་བྱེད་དུ་བཅུག

དེ་བས་བོད་མི་ཚོས་སེམས་ཐག་བཅད་དེ་སྟོང་བསམ་དོར་ནསའཐབ་རྩོད་ཀྱི་གྲ་སྒྲིག་དུས་སུ༌། གཞི་འཛིན་ས་ནི་སྟོང་བསམ་རྩ་བ་ནས་མེད་པར་བཟོས་པ་དེ་རེད༌། སྐབས་འདིར་སྒྲུབ་དགོས་པ་ནི་སྔོན་མའི་གྲོས་མོལ་གནང་མཁན་ཚོར་ལེ་བདའ་བྱེད་པ་མ་ཡིན་པར་ཁོང་ཚོར་ཐུགས་རྗེ་ཆེ་ཞུ་དགོས༌། གང་ལ་ཞེ་ན༌། ཁོང་ཚོས་འགན་ཁུར་སྒྲུབ་ཆེད་བརྙས་བཅོས་བཟོད་བསྲན་དང་ཐེངས་མང་ཕམ་ཡང་ཡིད་མི་ཆད་པར་བརྟེན༌། ད་གཟོད་བོད་མི་ཚོས་མཐའ་མཇུག་སྟོང་བསམ་དོར་ནས་རྡོག་རྩ་གཅིག་སྒྲིལ་གྱིས་འཐབ་རྩོད་བྱས་པ་རེད༌།


  
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -