ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

14.01.2009 06:13:42
གཡུ་འབྲུག་སྔོན་མོ།

འཛམ་གླིང་སྟེང་སྨྱུག་འཛིན་པ་ཆེས་མང་བར་བརྗོད་ཀྱང་མི་ཆོག་པ་མེད་པའི་ང་ཚོ་སྒང་བ་བོད་ལ་མཚོན་ན་སྨྱུག་འཛིན་པ་དར་ཁྱབ་ཆེན་པོ་ཡོད་ལ། དེ་བཞིན་སྨྱུ་གུ་དང་འབྲེལ་བའི་ལས་གནས་གང་མང་ཞིག་དར་ཡོད། མདོ་སྨད་ཕྱོགས་ལ་མཚོན་ན་ཞིང་འབྲོག་གི་རྒད་པོ་ཚོས་འུར་ཆ་དང་སོ་ར་མི་འཛིན་པར་སྒྲ་སྙན་འཛིན་ལ། དགོན་པའི་གྲྭ་བ་དང་སློབ་གྲྭ་ཚོས་སློབ་དེབ་མི་འཛིན་པར་ཤོག་སྟོང་དང་སྨྱུ་གུ་འཛིན་པའི་དུས་འདིར་ང་ཚོའི་སྨྱུག་ཐོགས་པ་ཚོ་ལ་བསམ་གཞིག་བྱེད་དགོས། དེ་བཞིན་སྨྱུག་འཛིན་པ་ཚོ་ཚད་ངེས་ཅན་ལ་སླེབས་ཐུབ་པ་བྱེད་དགོས་ཀྱི་འདུག


 

གཞི་རྩའི་བོད་ནང་དང་བཙན་བྱོལ་ཁྲོད་ཀྱི་སྨྱུག་ཐོགས་པ་གཉིས་ཀྱི་བོད་ཡིག་གི་ཤེས་ཚད་སོ་སོ་ཡིན་ལ་དེ་བཞིན་གཞི་རྩའི་བསམ་བློའི་ཁ་ཕྱོགས་ཀྱང་སོ་སོ་རེད། ངས་འདིར་སྨྱུག་ཐོགས་པར་རློམ་པ་ཁ་ཤས་ལ་ཚིག་འགའ་བཤད་འདོད་བྱུང༌། མ་གཞི་སྨྱུ་གུ་འཛིན་ཤེས་པ་ཙམ་གྱིས་སྨྱུག་ཐོགས་པར་ངོས་འཛིན་བྱེད་ཀྱི་མེད། ལྷག་པར་ཁྱེད་ཀྱི་མི་རིགས་གང་ཞིག་གི་གཞི་རྩའི་རིག་གཞུང་ལ་དོ་སྣང་དང་འགན་ཁུར་དགོས་ལ་ལྷག་བསམ་ཟོལ་མེད་ཀྱི་ངང་རང་ཉིད་ཀྱིས་གང་བཤད་པ་ལ་རང་གིས་འགན་ཁུར་དགོས། སུམ་རྟགས་སྙན་གསུམ་ཤེས་ཙམ་གྱིས་ཁྱོད་ལ་སྤྱི་ཚོགས་ལ་རྗེས་མངའ་ཡོད་པར་མི་རློམ། འདི་ཁྱེད་ཀྱི་གཞི་རྩའི་མི་གཞི་ལ་རག་ལས་ཡོད་ལ་དེ་བཞིན་སྤྱི་ཚོགས་ཀྱིས་ཁྱེད་ལ་བསྐྲུན་པའི་མཉམ་མྱོང་དང༌། ཁྱེད་ཀྱིས་སྤྱི་ཚོགས་ལ་བཞག་པའི་བག་ཆགས་དང་ལྷག་བསམ་མཚོན་ནུས། ཁྱེད་ཀྱིས་སྨྱུ་གུ་ལག་ལ་བཟུང་བའི་ཉིན་མོ་ནས་ཁྱེད་ལ་ཁ་ཕྱོགས་ཞིག་དང་ཕུགས་མདུན་ཞིག་ངེས་པར་ཡོད་དགོས། ལྷག་དོན་རང་ཉིད་དྲང་བདེན་ལ་ཕྱོགས་དགོས། མི་རིགས་འདིའི་རིག་གཞུང་སྲུང་སྐྱོབས་ཆེད་སྨྱུག་ཐོགས་པ་ཡིན་པའི་འགན་ཡོད། ཆེ་ས་ནས་ཚེ་སྲོག་དཔང་པོར་བཞག་ནས་དྲང་བདེན་སྐྱོང་བསམ་དགོས། སྡུག་ས་ནས་སྨྱུ་གུ་འདི་མཚན་སྙན་དང་རང་ཉིད་ཀྱི་ཁེ་ཕན་གཅིག་པོར་མི་བསྐྱོད་བསམ་པའི་དམ་བཅའ་ཞིག་དགོས་ཀྱི་ཡོད། འདི་སྨྱུག་ཐོགས་པ་ཞིག་ལ་ཐོན་དགོས་པའི་ཐོག་མའི་དམ་བཅའ་ཡིན། དེང་སྐབས་སྨྱུག་ཐོགས་པར་རློམ་པ་གང་མང་ཞིག་གིས་རང་ཉིད་ཀྱི་ཁ་ཕྱོགས་མེད་ལ། སྔོན་གྱི་མཁས་དབང་ཚོར་སྡུག་དམོད་བྱེད་ཐུབ་པ་དང་སྐྱོན་བརྗོད་བྱེད་ཐུབ་པ་རང་ཉིད་ཀྱི་གཟི་བརྗིད་དུ་མངོན་པ་ནི་བོད་ཀྱི་གཏམ་དཔེར། སླང་ང་ནང་ལ་ཟོས་ཁ་བཅད་སྟེང་ལ་གཉང་ཞེས་པ་དང་གཞན་མ་མཆིས། ལྷག་དོན་འདས་ཟིན་པའི་གང་ཟག་ཞིག་ལ་ཁྱོད་ཀྱིས་སྡུག་དམོད་ཇི་ལྟར་བྱས་ཀྱང་ཁོས་ཁྱོད་ལ་ལན་མི་སློག་པ་ཁྱོད་ལ་གདེང་ཚོད་ཡོད་པ་ཅི་ཡིན་མི་ཤེས་མོད། ཁྱོད་ཀྱི་སྡུག་དམོད་དེ་དོན་སྙིང་ཞིག་ནམ་ཡང་མེད། འདི་ལྟར་ཁྱེད་ཀྱིས་མཁས་ཉམས་སྟོན་འདོད་ནི་ཤིན་ཏུ་ཡ་མཚན་ཞིག་ལས་མ་མཆིས། ད་དུང་བཙན་བྱོལ་ཁྲོད་ཁ་ནས་གད་འདོད་བཤད་ལ་གང་འདོད་གཞན་རྩོམ་རྐུ་བའི་གདོངས་ཝགས་མཐུག་པོ་ཚོ། མི་ཚེ་ནི་ཅི་འདྲའི་བྱབ་ཆུང་ཞིག་རེད་ལ། སྤྱི་ཚོགས་ནི་ཇི་འདྲའི་ཆུང་ཆུང་ཞིག་རེད། ཁྱེད་ལ་གཞན་གྱི་བརྗོད་བྱ་དང་གཅིག་མཚུངས་ལས་གཞན་མེད་པ་བོད་ཡིག་ཀ་རྐང་སུམ་བཅུ་གྲངས་ཉུང་བས་ཡིན་ནམ། ཡང་ན་སྤྱི་ཚོགས་ཀྱི་བརྗོད་བྱ་རྫོགས་ཟིན་པ་ཡིན། ཇི་འདྲའི་ཡ་མཚན་ཞིག ད་དུང་ཅུང་སྤྱང་གྲུང་ཅན་དག་གི་གཞན་རྩོམ་དེ་ལས་ཟླ་ཚེས་སྔོན་ལ་རྒྱབ་ཡོང༌། འདི་དག་གང་མང་ཞིག་བཙན་བྱོལ་ཁྲོད་འདི་ལྟར་མི་ཚེ་སྐྱེལ་གྱི་ཡོད། བོད་པ་ཚོ་འདི་ནི་ང་ཚོར་དགོས་པའི་བསམ་བློ་ཡིན་རྒྱུ་མ་རེད་ལ་ང་ཚོར་དགོས་པའི་རྩོམ་པ་པོ་ཡང་མིན། དེས་ན་སྨྱུ་གུ་འཛིན་མཁན་དག་གིས་རང་ཉིད་ལ་བསམ་བློ་གཏོང་དགོས། ད་ལྟའི་སྐབས་ང་ཚོས་འགན་གང་ཡིན་ཤེས་ནས་རང་རིགས་ཀྱི་རང་དབང་ལ་བསམ་གཞིག་དང་འགན་ཁུར་དགོས་ལ་ཞོར་དུ་འདི་ལྟ་བུའི་གདོང་པགས་མཐུག་པོ་ཚོ་སྤྱི་ཚོགས་ཁྲོད་ཐེར་འདོན་བྱེད་དགོས་ཀྱི་འདུག

ན་གཞོན་དཔུང་སྡེ་ལ་རྩོམ་འདི་བསྐུར་བ་ཡིན། ཡིན་ཡང་ཁ་ཤེས་ཀྱི་བསམ་ཚུལ་འདྲ་བོ་རེ་བཤད་ཀྱི་འདུག་དེའི་ཕྱིར་ལན་བདེའི་ཆེད་འདིར་བཀོད་པ་ཡིན།


  བྱེས་འབྱོར་བོད་ཀྱི་རྩོམ་རིག
 

15.01.2009 12:45:00

ངའི་མིང་ལ་བདེ་སྐྱིད་ལྷ་མོ་ཟེར་གྱི་ཡོད། ད་ལོ་ང་ལོ་ངོ་ 26་སླེབས་ཀྱི་ཡོད།
འཛིན་གྲྭ་12་ཐོན་ཞིང་མཐོ་སློབ་ལ་འགྲོ་རྒྱུའི་གོ་སྐབས་ཐོབ་མ་སོང་། ད་སྐབས་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་གི་ལས་ཀ་བྱེད་ཀྱི་ཡོད། ངའི་ནང་དུ་ང་ལ་རོགས་ཁྱི་ཕྲུག་ཞིག་ལས་གཞན་གང་ཡང་མེད། ཕ་མ་གཉིས་ཆུང་དུས་ནས་འདས་ཟིན་པ་དང་གཅེན་པོ་ཞིག་ཡོད་པ་ནི་ཨ་རིར་ལ་གནས་སྡོད་བྱེད་བཞིན་ཁོ་མོར་འདི་ཕྱོགས་ལ་སྙིང་ཉེ་བའི་སྤུན་གྲོགས་གཅིག་ཀྱང་མེད། སྤྱི་སྟངས་ཁོ་མོར་བོུ་གཞན་ལ་མེད་པའི་ཁྱད་ཆོས་དམིགས་བསལ་ཞིག་མེད་ཀྱང་། གཟུགས་པྱད་དང་རྣམ་པ་སོགས་གང་ཐད་མི་དམན་པ་འགྲོ་རྒྱུག་འཕེར་ངོས་ཤེས་པ་ཡོད། དམིགས་བསལ་ཁྱད་ཆོས་ནི། རང་ཉིད་ནང་ལས་མཁས་ཞིང་ལྷག་པར་ཞལ་ལག་ཐད་ཡུལ་གྲུ་གང་སའི་ཞལ་ལག་རོ་བཅུད་དང་ལྡན་པ་བཟོ་ཤེས་ཀྱི་ཡོད། ད་བར་ཁོ་མོར་དགའ་ཉེ་བློ་དཀར་མང་དག་ཞིག་བྱུང་ཡང་བློ་འཁེལ་ཆོག་པའི་མི་ཚེ་གཅིག་གི་གཏན་གྲོགས་ཞིག་མ་ཐུག དེ་རིང་དྲྭ་རྒྱ་འདི་བརྒྱུད་ང་ལ་གྲོགས་པོ་བཟོ་འདོད་ཡོད་པ་རྣམས་གཟའ་འཁོར་འདིའི་རེས་གཟའ་སྤེན་པའི་ཉིན་དགུང་ཚོུད་གསུམ་པའི་ཐོག་རྡ་ས་མིག་ལོར་གྷན་ཇི་T.C.V ཇ་ཁང་དུ་ཕེབས་གནང་ཡོང་བ་ཞུ། ཆ་རྐྱེན་རང་ལོ་35་ལས་མ་བརྒལ་བ། སློབ་སྦྱང་དེ་ཙམ་མེད་ཀྱང་མཐོང་འདོད་པོ་དང་ཡན་ལག་སོགས་དབང་པོ་སྐྱོན་ཅན་མ་ཡིན་པ་མ་འོང་མི་ཚེ་ནང་སྐྱིད་སྡུག་གང་ཐུག་ཀྱང་བྱམས་པོ་གནང་མཁན་ཞིག་བྱུང་ན་ཁོ་མོའི་བློ་ཡིད་ཚེམ་ངེས་ཡིན་པ་བཅས།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -