ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

11.11.2010 03:13:05
མཐོ་སྒང་གི་མེ་ཏོག

ངས་ཕ་ཡུལ་བྲག་ལྗོངས་ཕྱུགས་མོ་ན།
ཆེས་གདོན་མའི་ཡུལ་གྱི་དམངས་གཞེས་ཤིག
ཤུལ་འཛིན་པའི་བུ་ཚ་ཁྱེད་ཅག་ལ།
ངས་ངོ་སྤྲོད་ཐིང་ཙམ་བྱེད་འདོད་བྱུང་།

བོད་ཁ་བ་ཅན་གྱི་སྲོལ་རྒྱུན་དང་།
ཡབ་མས་པོ་དམ་པའི་ཤུལ་བཞགས་ནི།
བོད་གདོད་མའི་ཞེ་དང་ཞབ་བྲོ་རེད།
འདི་མི་ཉམས་བརྒྱུད་འཛིན་བྱ་བར་རེམ།
མི་རིགས་ཀྱི་ངོ་བོ་ཞེས་པ་དང་།
རིགས་གཞང་གི་སྲོག་རྩ་ཞེས་པ་གཉིས།
ཆེ་གདོད་མའི་སྐད་ཡིག་གཉིས་པོ་རེད།
འདི་མ་ཉམས་བརྒྱུད་འཛིན་བྱ་བར་རེམ།
ཡ་ལོགས་ཀ་དར་ཆོས་ཀྱིས་བརྒྱན།
ལྷ་བླ་མ་ཡོད་ན་ཡང་བརྒྱན་རེད།

དོ་སྟེང་ཁྲ་རིང་བོ་ཡིས་བརྒྱན།
སྟག་ཤར་ལུ་ཡོད་ན་ཡང་བརྒྱན་རེད།

དོ་རྣེ་འབྲི་མར་སེར་བོས་བརྒྱན།
སྨད་བུ་མོ་ཡོད་ན་ཡང་བརྒྱན་རེད།

རྗེ་བླ་མ་ཆོས་བསོད་ཆེ་ས་བོ།
ཧོར་བྲག་འགོ་ཡུལ་གྱི་སྒོན་སྡེ་རེད།

གོང་དཔོན་ལུ་སྐུ་བསོད་ཆེ་ས་བོ།
ས་སྐྱིད་པོ་བྲག་འགོའི་ས་ཆ་རེད།

སྡེ་འཁོར་འབངས་བསོད་ནམ་ལྡན་ས་བོ།
བཀྲ་ཤིས་པའི་བྲག་འགོའི་ཡུལ་སྡེ་རེད།

  བྱེས་འབྱོར་བོད་ཀྱི་རྩོམ་རིག
 

11.11.2010 04:32:20

བཀྲ་སིས་པའི་བྲག་འགོའི་ཡུལ་ལྗོངས་ན།སྨན་བུ་མོའི་གཟུགས་ཅན་དྲ་སྟེང་ཕེབས།ཁྱོད་འདི་སྟེང་ཕེབས་ལ་བཀའ་དྲིན་ཆེ།བོད་རིག་གནས་སྦྱོང་བ་ཐུགས་རྗེ་ཆེ།

 
 
11.11.2010 07:03:53

ས་སྐྱིད་པོའི་བྲག་འགོ་ཡུལ་ལྗོངས་སུ། །
བུ་དཔའ་བོས་དཔའ་གླུ་ལེན་ས་རེད། །
དམན་བུ་མོས་མཛངས་གླུ་ལེན་ས་རེད། །
རྒན་ཕོ་མོས་མ་ཎི་བགྲང་ས་རེད། །
ཆུང་བྱིས་པའི་རྩེད་མོ་རྩེད་ས་རེད། །
དཀར་འོ་མོའི་རྒྱ་མཚོ་འཕྱུར་ས་རེད། །
ངེད་གྲོགས་མོའི་གཏམ་དེ་བདེན་ངེས་རེད། །

 
 
11.11.2010 10:32:18

བྲག་འགོ་རྫོང་གི་འབྲོག་པ་དེ་ཚོ་
འབྲོག་གླུ་ལེན་རྒྱུ་ལ་དགའ་ཞིང་
ཉེ་བའི་ལོ་ཤས་སྔོན་ལ་ང་དང་ཐག་ཉེ་སའི་འབྲོག་ཁུལ་ནས་
འབྲོག་གླུ་ལ་བྱ་དགའ་ཡང་ཐོབ་འདུག

 
 
13.11.2010 09:34:17

ཆེས་གདོད་མའི་བོད་ཀྱི་རིག་གཞུང་དག
ལྷད་མེད་པར་བྲག་འགོའི་ཡུལ་ལ་ཡོད།
བོད་མས་པོས་བཞག་པའི་རིག་གནས་ཏེ།
ཁམས་བྲག་འགོའི་ཡུལ་ནས་ཡེ་མི་སྲིད།

 
 
13.11.2010 12:36:15

དྲ་གྲོགས་རིན་ཆེན་ལགས།

བྲག་འགོའི་ཡུལ་ནས་སྐྱེས་པའི་རིན་ཆེན་ཁྱེད། །
ནོར་ལུག་རྐང་རྗེས་འདེད་པ་ཡོངས་དོར་ནས། །
ཁ་བ་གངས་ལྗོངས་ཐུན་མིན་རིགས་གཞུང་ལ། །
རྩོམ་ཡིག་ལམ་ནས་འཇུག་པ་སྐལ་བ་མཐོ། །

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -