ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

11.01.2009 14:31:26
མཐོ་སྒང་ཁྲག་རྗེས།

ཡུལ་འཛམ་གླིང་མཐོ་སྒང་གངས་རིའི་འདབས། ཕ་སྤྲེལ་རྒན་གཅིག་གི་རྒྱུད་རྩ་རུ། ཁམས་ཨ་མདོ་དབུས་གཙང་སྟོད་པ་སོགས། གསོན་འདི་གང་སྐྱིད་སྡུག་ལས་དབང་གཅིག ཡུལ་སྟོད་སྨད་དབྱེ་བ་མི་ཕྱེ་བར། སེམས་བརྩེ་བས་གཅིག་ཕན་གཅིག་རོགས་མཛོད། ཆོས་གྲུབ་མཐའི་ཕྱོགས་རིས་རྩོད་པ་སྤོངས། བོད་མཐུན་སྒྲིལ་བྱས་ནས་མདུན་དུ་འགྲོ། ང་ཚོ་ཚང་མ་བོད་རིགས་སྤུན་ཟླ་རེད།


ཁྲི་མཐོན་པོའི་སྟེང་གི་བླ་མ་དང༌། ཐོབ་གོ་ས་ཆེ་བའི་དཔོན་ཆེན་ཚོ། རང་སྐྱིད་འདོད་ཁྲི་ལ་མ་རྔམ་པར། འབངས་བདེ་སྐྱིད་བསྐྲུན་དང་ཀུན་གྱིས་བཀུར། ལོ་ཆུང་ཆུང་ཕ་མའི་གཅེས་ཕྲུག་ཚོ། བློ་རིག་པ་གསལ་དུས་ཤེས་བྱ་སྦྱོངས། དྲིན་ཕ་མས་རེ་ལྟོས་བཅོལ་ས་དེ། བུ་ཁྱེད་ཚོ་ཡིན་ནོ་སྙིང་ལ་ཟུངས། ང་ཚོ་ཚང་མ་བོད་རིགས་སྤུན་རེད། ང་ཚོ་ཚང་མ་བོད་རིགས་སྤུན་རེད།


  
 

12.01.2009 02:58:11

ཁྱེད་རང་གིས་དགོངས་ཚུལ་ལ་མོས་མཐུན་ཡོད།

 
 
12.01.2009 14:06:10

དབྱར་གསུམ་ཆུ་འཛིན་སྟུག་པོ་ལང་ལོང་དུ་ལྡིང་བ།
དཔྱིད་གསུམ་གསེར་ཆེན་མེ་ཏོག་ལྷུག་ལྷུག་ཏུ་འགོད་པ།
སྟོན་གསུམ་རི་ལ་བསྙེགས་པའི་ཉ་གང་གི་ཟླ་བ།
ལྔ་གསུམ་བཅོ་ལྔའི་ལུས་ལ་བདེ་ཉམས་ཤིག་འདུག་ཨང་།

སང་སང་རི་ན་ལྡིང་བ་རྐང་གླིང་གི་འགྱུར་ཁུགས།
ལྷང་ལྷང་ནགས་ན་འཁོར་བ་འཇོལ་མོ་ཡི་སྐད་སྙན།
སང་སང་གྲོང་ན་ལྡིང་པའི་པི་ཝང་གི་དབྱངས་རྟ།
དྲུག་གསུམ་བཅོ་བརྒྱད་ངག་ལ་བདེ་ཉམས་ཤིག་འདུག་ཨང་།

སྩལ་དྲུག་ལུས་ལ་རྫོགས་པ་དམར་ཡག་གི་སྟག་མོ།
ས་གསུམ་ཟིལ་གྱི་གནོན་པ་སེང་གེ་ཡི་ང་རོ།
གཉིས་འཐུང་གླང་པོར་འགྲན་པའི་དོ་ཟླ་ལ་ངོམས་པ།
བདུན་གསུམ་ཉེར་གཅིག་ལོ་ལ་དཔའ་ཉམས་ཤིག་འདུག་ཨང་།

པད་མའི་འདབ་རྒྱ་གྲོལ་བ་གཡང་དཀར་གྱི་ཕྲེང་བ།
སྦྲང་མའི་ཟློས་གར་འཁྲབ་པ་རྒྱ་མཚོ་ཡི་རྦ་རླབས།
ཁ་ཡ་ཟླ་ཡི་ལབ་གླེང་ཨ་གར་གྱི་དྲི་ཞིམ།
བརྒྱད་གསུམ་ཉེར་བཞིའི་ལོ་ལ་བརྗིད་ཉམས་ཤིག་འདུག་ཨང་།

སྙན་རྩོམ་ངག་གི་འགྱུར་ཁུགས་ཆུ་བོ་ཡི་བཞུར་སྒྲ།
བརྡ་དག་སྡེབ་སྦྱོར་ཡངས་པ་སྨུག་སྤྲིན་གྱི་རང་གཤིས།
སྣ་ཚོགས་ཡིག་རིགས་མཁྱེན་པ་རྒྱ་མཚོ་ཡི་ནོར་བུ།
དགུ་གསུམ་ཉེར་བདུན་ལུས་ལ་མཁས་ཉམས་ཤིག་འདུག་ཨང་།

 
 
17.10.2009 07:41:39

དྲ་གྲོགས་མཐོ་སྒང་ཁྲག་རྗེས་ལགས། ཁྱོད་ཀྱིས་སྙན་པོ་དང་ཡག་པོ་བྲིས་འདུག འོན་ཀྱང་ཆད་ལྷག་ཁ་ཤས་འདུག་པས་ཐུགས་སྣང་གནང་གལ་ཆེ་ཞུ། །

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -