ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

11.01.2009 13:28:17
ལི་ཁྲི་དམར་པོ།

འབའ་མོའི་སྐྱེས་ཕྲེང་ཞེས་པ་འདི་ཁམས་གཙང་སྨད་པའི་དམངས་ཁྲོད་དུ་ཡོད་པའི་མགུར་གླུ་ཤིག་ཡིན་ལ། ད་ཆ་གྲོགས་མཆོག་ཅིག་གིས་འདི་ཡིག་ཐོག་ཏུ་ཕབ་དགོས་པའི་རེ་བ་བཏོན་ལ། གངས་རིའི་སྤུན་ཟླ་གཞན་དག་ཀྱང་དེར་དགའ་འམ་སྙམ་པས་འདིར་བཀོད་པ་ཡིན་རུང༌། མགུར་གླུ་འདི་ད་ལྟ་ཉམས་ནས་འདི་ཙམ་ལས་ལྷག་མེད་པར་སྣང་བས། གལ་ཏེ་སྤུན་ཟླ་རེས་དེའི་སྐོར་གྱི་ཡིག་ཆ་རེའམ་དེ་གསུངས་ཐུབ་མཁན་རེ་ཡོད་ཚུལ་ཐོས་ན་ཕྲན་ལ་འབྲེལ་བ་རེ་མཛད་རོགས་ཞུ། གཞན་འདིའི་ནང་གི་འོག་ཐིག་ཡོད་ས་དག་ནི་རང་གིས་ཁ་ཚོན་མི་ཆོད་པའི་རིགས་ཡིན་པས་ཀློག་མཁན་རྣམས་ཀྱིས་དེ་ལུགས་ཀྱིས་འདོར་ལེན་མཛད་རོགས་ཞུ།


 

 

འབའ་མོའི་སྐྱེས་ཕྲེང་བཤད་ན།

 

མཆོག་བཟང་མགུར་ར༼ལ༽་ཉོན་དང༌།

དང་པོ་དང་གི་མགོ་མ།

གནས་གཡུ་ལོ་བཀོད་པའི་ཞིང་ནས།

མ་རྗེ་བཙུན་སྒྲོལ་མའི་དྲུང་ན།

མགོན་ཨུ་རྒྱན་པདྨ་འབྱུང་གནས།

རྗེ་པད་དཀར་བེ་རོ་ཚང་གི

ཕ་ཕུ་ནུ་མེ་འབར་བྱུང་དུས།

 

མ་བཟང་པོ་བྱང་ཆུབ་སྒྲོལ་མ།

རྒྱལ་རོང་ཚར་མོ་བྱོན་དུས།

ང་འདས་ལོག་གླིང་བཟའ་ཆོས་སྐྱིད།

གླིང་སེང་ཆེན་ནོར་བུ་བྱོན་དུས།

གཡོག་ཨ་ཆུང་སྐྱིད་ཀི་ནེའུ་ཆུང༌།

ངའི་སྐྱེས་བ་བརྒྱན་༼བརྒྱད༽་མའི་གོང་ཐོག

མ་ཀུན་བཟང་ཆོས་ཀྱི་སྒྲོལ་མ།

ལས་དག་པའི་སྐྱེ་བ་ལྔ་བརྒྱ།

ལས་མ་དག་སྐྱེ་བ་ལྔ་བརྒྱ།

 

དག་མ་དག་སྐྱེ་བ་ཆིག་སྟོང༌།

དེ་ཁྱི་མོ་དམར་མོའི་སྐྱེ་བ།

ངའི་ཁྱེའུ་བཅུ་གཅིག་སྐྱེ་བ།

བྲང་ནུ་མ་ཚ་ནིའི་༼བའི༽་སྡུག་བསྔལ།

ཁ་ཕོ་བ་ལྟོགས་ནིའི་༼པའི་༽སྡུག་བསྔལ།

སྨན་མོ་ལུས་བླངས་ནི་༼བ་༽ཐམས་ཅད། སྒོ་ཁྱི་མོའི་ཚང་སྒོ་མ་འདན།

ལྟོ་རེ་རེ་གཏིས་བ་མ་འཆིག༼ཟས་ཐེངས་རེའི་སྣོན་པ་ཁྱེད་མཁྱེན།

དེ་རྒྱུན་དུ་སེམས་ཀི་ཟུངས་ལ།

ཁྱོས་ཁྱི་འཁྱར་རྡོ་ཤུར་༼རྡུང་༽་མ་བྱེད།

དེ་བྱ་བྱིས་མདའ་ཚག༼གཙག༽་མ་བྱེད། ཚེ་ཕྱི་མར་བར་རྡོའི་འཕྲང་ནས།

ཆོས་དགེ་བར་དེ་མི་༼ལས༽་མི་དགོས།

 

ང་རྭ་བཞི་ལུག་གི་སྐྱེ་བ།

 

ངའི་ལུས་ཡ༼ལ་༽ཆད་པའི་ལུ་གུ།

ནངས་སྔ་མོ་ཡུལ་ནས་བཞག་དེ།

ང་ཡར་སོང་རྫ་མགོར་སོང་ནས།

ངས་རྫ་རྩྭ་སིལ་མ་ཟོས་ཡས༼ནས༽།

ངས་རྫ་ཆུ་དྭངས་མ་འཐུང་ངས༼ནས༽།

ང་མར་ཡོང་ཡུལ་ལ་ཡོང་དུས།

ངའི་ལུ་གུ་རིག་རྒྱུ་མེད་ཀི

 

ངས་སྒོ་ཁས་གྱེན་ལ་བལྟས་དུས།

དོ་བྲག་རི་འདྲ་བོའི་སྟེང་ན།

ངའི་ལུ་གུའི་ཚར་དཀར་བརྒྱངས་ཡོད། དེའི་འདབས་ན་མགོ་ལུས་ཡོད་ཀི།

 

དེའི་ཤ་ཁུ་བཟའ་བས་འཐུང་ཐལ།

དེའི་རྣམ་ཤེས་བར་རྡོར་འཁྱམས་ཐལ།

ངའི་ཡ་ཆུང་སྡུག་གིས་གང་ཐལ།

སྡུག་མུན་པར་དྭངས་རྒྱུ་མེད་ཀི

 

ངའི་མ་ཆུང་མཆི་མས་གང་ཐལ།

ངའི་མཆི་མར་འཛད་རྒྱུ་མེད་ཀི

 

དྲིན་ཕ་མར་སྐྱེས་ནིའི་༼བའི་༽རྣམ་ཐལ། དྲིན་ཕ་མའི་བུ་ཕྲུག་ཆ་གས།

འདི་རྒྱུན་དུ་སེམས་ཀི་ཞོགས་ལ།

ལུག་མ་བཤའ་ཚེ་ཐར་ཐོངས་དང༌།

ཚེ་ཕྱི་མ་བར་རྡོའི་འཕྲང་ནས།

ཆོས་དགེ་བར་དེ་མི་༼ལས་༽་མི་དགོས།

 

ང་མཛོ་མོ་སྔོན་མོའི་སྐྱེ་བ།

 

དབྱར་མགོ་མའི་ཚེ་མགོའི་བཅོ་ལྔར།

ངས་ལྟོའུ་ལི་སྔོ་ཁྱ་ཁྱིད་༼་ཁྲ་ཁྲིད༽་དུས།

དེ་གཡོག་མོ་ལས་ངན་ཞིག་གིས།

ངའི་སྔུན་གི་ལྟོའུ་ལི་ཁྱེར་ཐལ།

 

 

དེ་ཤན་པ་ལག་དམར་ཞིག་གིས།

ངའི་ལྟོའུ་ལིའི་གཟུགས་བཞི་བསྡམས་ཐལ།

༼ལྟོའུ་པགས་པ་རྩྭ་ཡིས་འདན་ནས།

 

༼ངའི་ལུས་ཀྱི་འོ་མ་བཞོས་ཐལ།

༼ངའི་སྐྱོ་སྡུག་མིག་ཆྭ༼ཆུར་༽བསྡུངས་ཏེ།

༼ལུས་དབང་མེད་འོ་སྤྲི་ཤོར་ཐལ།༽

ཐང་དཀར་རྒོད་ཀྱི་སྐྱེ་བ།

 

ཤ་ཟ་འདོད་ཡིད་ལ་སྐྱེས་ནས།

མཐོ་ནམ་མཁའི་བྱ་ལམ་འགྲིམ་དུས།

 

རྒྱ་གྲོང་ཞིག་གི་ཡར་སྣེ་ནས།

རྟ་ཞིག་གི་རོ་ཡི་སྟེང་ལ།

 

ཤུགས་ཆེན་པོའི་མར་ལ་བབས་དུས།

 

སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱོང་ཚུལ།

ཚོང་དཔོན་བསམ་མེད་ཞིག་གིས།

 

ངའི་ལུས་ཡ༼ལ་༽མདའ་ཡིས་བརྒྱབ་བྱུང༌།

ལུས་གཟེར་ཆེན་ཕུར་ཆེན་སྡེབ་སྡེབ།

 

 

གཟེར་ཆུང་ཆུང་ཕུར་ཆུང་སྡེབ་སྡེབ།

གཟེར་མ་བུ་ལུ་གུ་རྩེད་རྩེད།

 

གཟེར་འདི་ལ་བཟོད་ཐབས་དཀའ་འི།

ད་དུང་གཡག་རྒན་ཀ་ལིའི་སྐྱེ་བ།

རྟ་རྒན་རྒྱ་རའི་སྐྱེ་བ།

འབུ་རྒན་ནག་རའི་སྐྱེ་བ། ཁུ་བྱུག་སྔོན་མོའི་སྐྱེས་བ་སོགས་མང་པོ་ཞིག་ཡོད་ཀྱང་ཕྲན་གྱིས་ནི་མི་ཤེས། དེའི་སྐོར་གྱི་ཡིག་ཆ་ནི་ལག་ལ་མ་སོན། དེང་སང་ཤེས་མཁན་ཡང་མེད་ཚོད་འདུག་པས་གནས་སྐབས་རིང་འདི་ཙམ་མི་བགྱི་ཐབས་མེད་དུ་གྱུར་ཏོ།


  
 

15.01.2009 12:50:12

ངའི་མིང་ལ་བདེ་སྐྱིད་ལྷ་མོ་ཟེར་གྱི་ཡོད། ད་ལོ་ང་ལོ་ངོ་ 26་སླེབས་ཀྱི་ཡོད།
འཛིན་གྲྭ་12་ཐོན་ཞིང་མཐོ་སློབ་ལ་འགྲོ་རྒྱུའི་གོ་སྐབས་ཐོབ་མ་སོང་། ད་སྐབས་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་གི་ལས་ཀ་བྱེད་ཀྱི་ཡོད། ངའི་ནང་དུ་ང་ལ་རོགས་ཁྱི་ཕྲུག་ཞིག་ལས་གཞན་གང་ཡང་མེད། ཕ་མ་གཉིས་ཆུང་དུས་ནས་འདས་ཟིན་པ་དང་གཅེན་པོ་ཞིག་ཡོད་པ་ནི་ཨ་རིར་ལ་གནས་སྡོད་བྱེད་བཞིན་ཁོ་མོར་འདི་ཕྱོགས་ལ་སྙིང་ཉེ་བའི་སྤུན་གྲོགས་གཅིག་ཀྱང་མེད། སྤྱི་སྟངས་ཁོ་མོར་བོུ་གཞན་ལ་མེད་པའི་ཁྱད་ཆོས་དམིགས་བསལ་ཞིག་མེད་ཀྱང་། གཟུགས་པྱད་དང་རྣམ་པ་སོགས་གང་ཐད་མི་དམན་པ་འགྲོ་རྒྱུག་འཕེར་ངོས་ཤེས་པ་ཡོད། དམིགས་བསལ་ཁྱད་ཆོས་ནི། རང་ཉིད་ནང་ལས་མཁས་ཞིང་ལྷག་པར་ཞལ་ལག་ཐད་ཡུལ་གྲུ་གང་སའི་ཞལ་ལག་རོ་བཅུད་དང་ལྡན་པ་བཟོ་ཤེས་ཀྱི་ཡོད། ད་བར་ཁོ་མོར་དགའ་ཉེ་བློ་དཀར་མང་དག་ཞིག་བྱུང་ཡང་བློ་འཁེལ་ཆོག་པའི་མི་ཚེ་གཅིག་གི་གཏན་གྲོགས་ཞིག་མ་ཐུག དེ་རིང་དྲྭ་རྒྱ་འདི་བརྒྱུད་ང་ལ་གྲོགས་པོ་བཟོ་འདོད་ཡོད་པ་རྣམས་གཟའ་འཁོར་འདིའི་རེས་གཟའ་སྤེན་པའི་ཉིན་དགུང་ཚོུད་གསུམ་པའི་ཐོག་རྡ་ས་མིག་ལོར་གྷན་ཇི་T.C.V ཇ་ཁང་དུ་ཕེབས་གནང་ཡོང་བ་ཞུ། ཆ་རྐྱེན་རང་ལོ་35་ལས་མ་བརྒལ་བ། སློབ་སྦྱང་དེ་ཙམ་མེད་ཀྱང་མཐོང་འདོད་པོ་དང་ཡན་ལག་སོགས་དབང་པོ་སྐྱོན་ཅན་མ་ཡིན་པ་མ་འོང་མི་ཚེ་ནང་སྐྱིད་སྡུག་གང་ཐུག་ཀྱང་བྱམས་པོ་གནང་མཁན་ཞིག་བྱུང་ན་ཁོ་མོའི་བློ་ཡིད་ཚེམ་ངེས་ཡིན་པ་བཅས།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -