ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

11.01.2009 13:12:27
ལི་ཁྲི་དམར་པོ།

དེང་རབས་ཚན་རིག་ལག་རྩལ་གྱི་རླབས་ཕྲེང་དབྱིག་འཛིན་སྒེག་མོའི་མཐོངས་སུ་སྐྱོམ་པའི་ལོ་ཟླ་རིང་མོ་འདིའི་ནང་དུ། ཕྱི་གླིང་བའི་རྒྱལ་ཁབ་དང་ཡུལ་གྲུ་ཀུན་ནབོད་རིག་པཞེས་མཚན་སྙན་གྱི་བ་དན་མཐོ་རུ་བསྒྲེངས་པ་དེར་ཞིབ་འཇུག་དང་སློབ་སྦྱོང་བྱེད་མཁན་ཡང་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་བྱུང་དང་འབྱུང་མུས་སུ་ཡོད་ཀྱང༌། བོད་མི་རིགས་ནང་ཁུལ་གྱི་འགོ་ཁྲིདི་པ་དང་སློབ་གསོ་བ་སློབ་གྲྭ་བ་སྐོར་ཞིག་གིས་བོད་ཀྱི་སྐད་ཡིག་གཉིས་ཆར་རུལ་དྲི་དང་རྙིང་དྲི་ད་དུང་མཁོ་མེད་ནུས་མེད་ཞིག་ཏུ་བརྩིས་ནས།


བོད་རིག་པའི་ཡུལ་སྲོལ་དང་གོམས་གཤིས་དཔལ་འབྱོར་སོགས་སྣ་གང་ཐད་ཞིག་ནས་སྣུམ་ཟད་ཀྱི་མར་མེ་བཞིན་དུ་དབྲི་གང་ཐུབ་བྱེད།དེ་བས་བོད་མི་རིགས་ལ་ཤ་ཞེན་དང་བརྩེ་སེམས་ཡོད་པ་ཞིག་ཡིན་ན། ད་ལྟའི་སྤྱི་ཚོགས་འདིའི་འཕོ་འགྱུར་དང་ཕྱི་གླིང་བའི་ཁྱད་ཆོས་ལ་བརྩི་མཐོང་བྱེད་པའི་གཞོན་རབས་པ་ཚོའི་བསམ་བློའི་འདུ་ཤེས་ཙམ་ལ་གཞིགས་ནའང༌། ལ་རྒྱ་དེ་ཁ་བཤད་ཙམ་དང་སྔོན་ཐོན་ཟེར་བ་དེ་ཁུ་ཚུར་ཁོ་ནས་ཁྱབ་པ་ཞིག་ཏུ་བརྩི་སྲིད་མོད། འོན་ཀྱང་དེ་ལྟ་བའི་གནམ་ས་གོ་ལྡོག་པའི་ཡ་མ་བརླའི་བསམ་བློ་དེས་ང་ཚོ་ལ་ཕན་གནོད་གཉིས་ལས་གནོད་པ་སྐྱེལ་བ་མང༌། ཕྲན་ནི་གཞུང་མང་དཀྲོལ་བའི་སློབ་སྟོན་པ་ཞིག་མིན་ལ་དམ་ཆོས་འཁྲི་ཤིང་སློག་པའི་ཀླད་ཞོ་ཕྲ་བའི་དུས་རབས་ཀྱི་འཇོར་ཐོག་མཁན་པོ་ཞིག་ཀྱང་མིན། དེའི་ཕྱིར་མི་རིགས་ཤིག་གི་མདུན་ལམ་ལ་རྟག་ཏུ་སེམས་ཁྲལ་རབ་དང་རིམ་པ་ཡིག་ཐོག་ནས་སྤེལ་བའི་གསར་སྐྱེས་སྨྱུག་རྩེན་པ་ཞིག་ཡིན་ཞེས་བརྗོད་ཆོག གཞན་ཡང་མི་མང་པོ་ཞིག་གིས་བོད་རང་གི་སྐད་ཡིག་རིག་གནས།ཡུལ་སྲོལ་གོམས་གཤིས།སྤྱི་ཚོགས་འཚོ་བ་བཅས་ལ་རྗེས་ལུས་དང་རྨོངས་དད་ཀྱི་འདུ་ཤེས་བཟུང་ནས་གད་སྙིགས་ལྟར་དོར་བྱ་དང༌། མི་རིགས་གཞན་པའི་སྲོལ་རྒྱུན་ཡོད་ཚད་བླང་བྱ་རེད་སྙམ་པའི་གཟུང་འཛིན་གྱི་རྣམ་རྟོག་རུལ་མ་འདིས། སེམས་ཀྱི་རི་ལ་སྐྱོ་ཤས་ཀྱི་ན་བུན་སྨུག་པོའི་ལྡ་ལྡི་ཞིག་མི་འབྲི་ཀ་མེད་བྱུང༌། དེ་ལྟར་སྤྱི་ཚོགས་འདིའི་འཕེལ་རིམ་ཁྲོད་དགའ་སྐྱོ་འདྲེས་མའི་ཤུགས་རིང་ཞིག་ནར་གྱིས་སོན་པ་དང་ཆབས་ཅིགཇི་སྐད་དུསྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱི། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན །ཞེས་གསུངས་པ་བཞིན་བོད་རང་གི་སྐད་ཡིག་གཉིས་སྤྱི་ཚོགས་ཁྲོད་ཀྱི་སྲོལ་རྒྱུན་ལག་བསྟར་དུ་ཕྱིན་མིན་སྐོར་གྱི་སྒོ་ནས་གླེང་བསླང་བ་ལ་གསུམ།

 

. སྐད་ཡིག་གཉིས་ཀྱི་དགེ་མཚན་བརྗོད་པ། སློབ་གྲྭ་ཆེ་འབྲིང་ཁག་ནས་མཐར་ཕྱིན་པའི་བོད་ཀྱི་སློབ་མ་ཚོས་བོད་རང་གི་སྐད་ཡིག་ལ་དམའ་འབེབ་ཇི་ལྟར་བཏང་བ་དང་དེ་ལྟར་མི་རིགས་པའི་སྐོར་བཤད་པ། ༣སྤྱི་ཚོགས་སུ་བོད་ཡིག་ཉིད་བཀོལ་སྤྱོད་མི་ཐུབ་པའི་བཀག་རྡོ་དེ་གཞོམ་དགོས་པར་བསྟན་པ། དེ་ལས་དང་བོ་སྐད་ཡིག་གཉིས་ཀྱི་དགེ་མཚན་བརྗོད་ན། སྐྱེས་བུ་གང་རུང་ཞིག་སྲོག་དང་ལྡན་ན་གཡོ་འགུལ་བྱེད་ནུས་པ་དང་དེ་ལས་ལྡོག་ན་གཡོ་འགུལ་སོགས་བྱེད་མི་ཐུབ་པ་བཞིན་མི་རིགས་ཤིག་ཕུགས་བསམ་བརྟན་འཇགས་དང་སྤྱི་ཚོགས་གོང་འཕེལ་དུ་གཏོང་དགོས་ན། ཐོག་མར་མི་རིགས་དེའི་སྐད་ཡིག་གཉིས་ཉམས་པ་སོར་ཆུད་གནས་པ་གོང་འཕེལ་བྱས་པ་བརྒྱུད་ཆོས་སྲིད་ཀྱི་ལག་བསྟར་རྒྱུན་འཁྱོངས་མཐར་ཆགས་སུ་ཕྱིན་འགྲོ་རྒྱུ་དེ་རེད། དེ་ལས་ལྡོག་སྟེ་མི་རིགས་དེའི་སྐད་ཡིག་གཉིས་འཐོར་ཞིག་ཏུ་སོང་ན་མི་རིགས་དེའང་རྩ་མེད་དུ་འགྲོ་སྲིད་པ་གདོན་མི་ཟའོ། །དེའི་ཚུལ་སི་ཏ་ལེན་གྱིས།མི་རིགས་ཤིག་ལོ་རྒྱུས་ཐོག་ཡུན་རིང་གནས་དགོས་ན། དེའི་སྐད་ཡིག་བཀོལ་སྤྱོད་དང་གོང་འཕེལ་གཏོང་དགོས། གལ་ཏེ་དེ་ལས་ལྡོག་ནས་མི་རིགས་ཤིག་རྩ་མེད་དུ་གཏོང་དགོས་ན། སྔོན་ལ་མི་རིགས་དེའི་སྐད་ཡིག་མེད་པར་བཟོས་ན་མི་རིགས་དེ་རང་ཤུགས་ཀྱིས་མེད་པར་འགྱུར་འགྲོ་ཞེས་བསྟན་པ་བཞིན་མངོན་སུམ་ཚད་གྲུབ་ཀྱིས་བདེན་དབང་བྱས་ཡོད་པ་རེད། དེའི་ཕྱིར་ཐོན་མི་མཆོག་གིས་མི་རིགས་རང་གི་སྐད་གདངས་ལ་གཞིགས ( གཞན་དུ་ཡི་གེ་གཟུགས་ལ་ངོས་འཛིན་མཁན་ཡང་ཡོད)ནས་བོད་ཡིག་གསར་དུ་བཏོད་པའི་མུ་བརྒྱུད་པའི་སྤྱི་ཚོགས་འདིའི་འཕེལ་རིམ་ཁྲོད་བོད་ཡིག་གིས་མ་འདངས་པ་མེད་ལ་ཐ་སྙད་ཀྱིས་ཕོངས་ཕྱིར་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་མ་ཐུབ་པའི་གནད་ཀ་འདི་ལ་ཐུག་ཡོད་སྙམ།སྤྱིར་བོད་ཡིག་ནི་རླེབས་ཆེ་ལ་འཐུས་སྒོ་ཚང་བ་ཞིག་ཡིན་པ་ལས་གཞན་པའི་རྒྱའི་ཡིག་རིགས་ལྟ་བུ་ལ་མཚོན་ན་ཡི་གེ་དང་ཐ་སྙད་གཉིས་ཀས་མི་འདང་བས་དངོས་པོ་གསར་ཞིག་བྱུང་བ་དང་བསྟུན་དེ་དང་དེའི་གཟུགས་དབྱིབས་ལ་བརྟེན་ནས་ཡི་གེ་དང་ཐ་སྙད་གསར་བ་རེ་ཡང་བཟོ་དགོས་པར་སྣང༌།དེའི་ཕྱིར་བོད་ཡིག་གིས་མཚོན་པའི་བརྡ་སྤྲོད་རིག་གཞུང་གི་ཁྱད་ནོར་འདི་ཉིད་ལག་ལེན་དང་སྦྱོང་བརྡལ་དུ་མ་སོང་ན་གཉན་དྲག་ཆེ་བའི་ནག་བྲིས་གསར་བ་ཞིག་མཛོད་དུ་གླེབས་ནས་ཨུ་ཚུགས་ཀྱིས་ལྕགས་ཟྭ་བཏབ་པ་དང་མཚུངས་པའི་དགེ་མཚན་གྱི་རིག་རྩལ་དེ་ཉིད་ཕྱིར་མངོན་ཐུབ་ཀྱི་མ་རེད།ད་དུང་བོད་ཡིག་གིས་བཀོལ་སྤྱོད་བཏང་བའི་རྒྱའི་གདངས་དེ་ཉིད་རང་སོར་ཡོད་པཀྲུང་དབྱངལྟ་བུའི་མིང་ཚིག་རྣམས་བཅོས་བསྒྱུར་ལེགས་པོའི་ངང་ནས། སྒྲ་གཟུགས་གཉིས་ཀྱང་བོད་ཡིག་གི་ཚུལ་ལུགས་དང་མཐུན་པའི་སྒོ་ནས་ཐ་སྙད་འོས་འཚམས་རེ་བཟོ་ཐུབ་ན། བོད་ཡིག་འདི་ཉིད་འཛམ་གླིང་སྤྱིའི་ཚན་རིག་གི་ཞིང་ཁམས་སུ་འགྲིམས་ནས་འཕེལ་རྒྱས་དང་སྟོབས་ཤུགས་ཀྱི་དགེ་མཚན་བཟང་བོ་ཞིག་དར་སྤེལ་དང་མགྱོགས་མྱུར་ངངབོད་རིག་པཞེས་ཀུན་གྱིས་མཐོང་ཆེན་དང་བརྩི་བཀུར་བརྩི་འཇོག་བྱེད་ངེས་པ་འདི་ཡང་དེ་དང་དེའི་ཕན་ནུས་རེད་སྙམ།

. སློབ་གྲྭ་ཆེ་འབྲིང་ཁག་ནས་མཐར་ཕྱིན་པའི་བོད་ཀྱི་སློབ་མ་ཚོས་བོད་རང་གི་སྐད་ཡིག་ལ་དམའ་འབེབས་ཇི་ལྟར་བཏང་བ་དང་དེ་ལྟར་མི་རིགས་པའི་སྐོར་གླེང་བ། ཐོག་མར་གོང་ཞུས་ལྟར་དངོས་ཡོད་འཚོ་བའི་འཕེལ་རྒྱས་ཁྲོད་བོད་ཡིག་གི་ཁྱབ་ཁོངས་དང་ཐུན་མིན་གྱི་རིན་ཐང་དེ་ཙམ་ལས་མ་བྱུང་བས་བོད་ཕལ་ཆེ་བས་བོད་ཡིག་འདི་ཉིད་མཁོ་མེད་ནུས་མེད་ཀྱི་འཆལ་གཏམ་རྫོབ་པོ་ཞིག་ག་ས་གང་ན་སྒྲོག་ཀྱིན་འདུག དུས་རབས་ཀྱི་ཁོམ་ལོང་སྣ་ཚོགས་རང་གིས་རང་ལ་སྦྱིན་པའི་མི་ཚེ་དེ་གནག་ཕྱུགས་ཀྱི་ལྩི་འདམ་ལས་གཟན་པའི་གཞི་རིམ་མང་ཚོགས་ཀྱིསལོ་མང་བོར་ཡུལ་མི་དང་སློབ་མ་གཉིས་ཀས་དཀའ་སྡུག་ཡོད་ཚད་རྒྱབ་ཏུ་བསྐྱུར་ནས་སློབ་མཐར་ཕྱིན་ནའང་སྤྱི་ཚོགས་ལ་ཞབས་འདེགས་བསྒྲུབ་པ་ཕར་ཞོག་ཐ་ན་རང་གི་རྟུག་པ་ཙམ་དོར་ས་མི་རྙེད་པས་དང་ཐོག་ཉིད་ནས་རྒྱ་ཡིག་རྒྱ་སྐད་ལ་མ་སྦྱངས་ན་ཕན་ཐོག་ངེས་ཤིག་མི་འདུགཟེར་བ་ལྟར་རྒྱ་ཡིག་རྒྱ་སྐད་ལ་ནང་བྱན་ཆུབ་པ་ཡོན་ཏན་གྱི་སྐྱེད་ཀ་ཡིན་ཡང་རྟུག་པ་ཙམ་འདོར་ས་མ་རྙེད་པས་བོད་ཡིག་ཉིད་མེད་པར་སྒྲུབ་ག་ལ་རུང༌། དེ་དང་ལོག་འགལ་གྱི་ལྟ་བ་འདི་གས་གཞོན་ནུ་སྐོར་ཞིག་གི་ཡིད་ཀྱི་ཞིང་སར་རྔོས་མའི་སོན་རྩ་ཞིག་གི་རེ་བ་བཟུང་དང་འཛིན་བཞིན་པ་ནི་ང་ཚོ་ལ་མིག་མཐོང་ལག་ཟིན་གྱི་ཚོད་དུ་གདའ། དེ་ལྟའི་བསམ་བློ་གོང་འོག་གི་འགྱུར་ལྡོག་ཁྲོད་ཁོང་ཚོས་ཀྱང་སྐད་ཆ་མཚར་ཆེ་བ་རེ་བཤད་ཀྱིན་ཡོད་དེ། དཔེར་ན་ཏེན་སི་ལ་བལྟས། ཏེན་དཔའ་ལ་ཉན་སོགས་ར་མགོ་ལུག་སྦྱར་གྱི་སྐད་ཆ་འདི་དག་བདེན་རློམ་གྱི་གདེངས་ཚད་བཟུང་ནས་ཁོ་ཚོའི་བྱིས་པ་ཚོར་ཆུ་སྣ་གར་ཁྲིད་ཀྱི་སློབ་སྟོན་ཞུ་བཞིན་ཡོད།

འདི་ཐམསགཅད་བོད་ཀྱི་སྐད་ཡིག་གཉིས་བཀོལ་སྤྱོད་དང་ཁྱབ་བརྡལ་དུ་མ་སོང་བས་ལན་ནམ་ཁོ་ཚོའི་སྐད་ཆ་ཕུང་སུམ་པ་དེའི་ཕྱག་རྗེས་ཡིན། ངོ་མ་བཤད་ན་ཁྱེད་ཀྱིས་ལྟོ་གོས་ཙམ་ཡང་འཚོལ་རྙེད་མ་བྱུང་བས་བོད་ཡིག་ཉིད་ཡིབ་རུལ་དུ་བཏང་ག་ལ་རུང༌། རོང་འབྲོག་མང་ཚོགས་ཀྱི་ཁྲོད་ན་རྒྱའི་སྐད་ཡིག་གཉིས་གཅིག་ཀྱང་ཤོད་མི་ཐུབ་པ་ཡོད་པ་དེ་ཚོ་ལྟོ་གོས་ཙམ་ཡང་མི་འཚོལ་བར་མགོ་བོ་རུམ་དུ་བཅུག་ནས་ཉལ་དགོས་པར་ཐལ་ལོ། དེའི་ཕྱིར་གཞི་རིམ་གྱི་སློབ་གྲྭ་དང་གྲོང་ཁྱེར་ཁ་ཤས་ན་ཡུལ་སྲོལ་དང་གོམས་གཤིས་ལ་བལྟས་ན་བོད་ལྟར་སྣང་གི་ངེས་ཤེས་བསྐྱེད་ལ་ཁོ་ཚོས་བཤད་ཚད་རྒྱ་སྐད་དེ་ཁོ་ན་གཙིགས་འཛིན་བྱེད་ཅིང་དེ་ཡང་མཛེས་ཆོས་ཤིག་ཏུ་བརྩི་གིན་ཡོད། སླད་མེད་བོད་ཀྱི་སྲོལ་རྒྱུན་དེ་མཐོང་ཆེན་དང་བརྩི་འཇོག་བྱེད་པའི་ས་ཁུལ་ནི་དབུས་གཙང་དང་ཁམས་ཕྱོགས་ཀྱི་ས་ཆ་མ་གཏོགས་བོད་ཀྱི་སྐད་ཡིག་ལ་དུངས་པ་ཚོས་སྐད་ཆ་ཕུང་སུམ་པ་ཞིག་གིས་མ་དག་རྒྱུན་འབྱམས་ཀྱི་ཁ་ཕྱོགས་དེ་ཉིད་རྒྱུན་འཁྱོངས་དང༌། སྐད་ཡིག་ལ་དག་ཆ་ཡོད་པ་ཚོས་གཞན་གྱི་བྱེད་ཕྱོགས་ལ་འགྲམ་ཆུ་ལྡིང་བཞིན་མི་རིགས་རང་ཉིད་ཀྱི་སྐད་དང་ཡི་གེ་ཆོས་ལུགས་ཡུལ་སྲོལ་གོམས་གཤིས་དཔལ་འབྱོར་འཕེལ་རྒྱས་སོགས་ལ་སྣ་གང་ཐད་ནས་རྡོག་བརྫི་བྱེད་གང་ཐུབབྱེད།

སྤྱི་ཚོགས་སུ་བོད་ཡིག་ཉིད་བཀོལ་སྤྱོད་མི་ཐུབ་པའི་དཀག་རྡོ་དེ་གཞོམ་དགོས་པར་བསྟན་པ་ལ། བོད་ཡིག་འདི་ཉིད་དགོན་པ་དང་སློབ་ཆུང་རེ་འགའ། གསར་འགྱུར་སོགས་ཉུང་ཤས་ཤིག་ལ་དར་རྒྱས་དང་བཀོལ་སྦྱོད་བྱེད་པར་མངོན། དེ་ལསགཞན་འཛམ་གླིང་ཧྲིལ་བོའི་ཐོག་བོད་ཡིག་ཉིད་འཕེལ་རྒྱས་སུ་ཕྱིན་མེད་པ་དང་དེ་མི་ཕྱིན་པའི་གནོད་སྐྱོན་དེ་དག་ཐེར་དང་གཙང་སེལ་བྱེད་དགོས། གཙོ་བོ་གནད་ཆེ་བའི་རང་བཞིན་འདི་གང་ལ་ཐུག་ཡོད་སྙམ་ན། རིམ་བཞིན་འགྱུར་ལྡོག་གི་རྣམ་འགྱུར་མངོན་པའི་མི་རིགས་རང་ཉིད་ཀྱི་བསམ་བློ་དེ་དུས་རབས་ངེས་ཅན་ཞིག་དང་འགྲོགས་འདྲིས་དམ་ཟབ་ཏུ་མ་ཕྱིན་པས་ལན་སྙམ། གལ་ཏེ་ཐབས་བརྒྱ་ཇུས་སྟོང་གིས་འདི་ཉིད་བཅོས་བསྒྱུར་དང་ཁ་ཕྱོགས་མེད་པ་ཞིག་ཡིན་ན་བོད་ཡིག་འདི་ཉིད་གལ་ཆེའི་རང་བཞིན་ལྡན་པའི་སྤྱི་ཚོགས་སུ་ཁྱབ་བརྡལ་དུའང་མི་འགྲོ་ལ་རྗེས་ལུས་ཀྱི་རང་རྟགས་ཤིག་ཀྱང་མངོན་ཡོད་སྙམ། དེའི་ཕྱིར་བོད་ཡིག་འདི་ཉིད་དར་རྒྱས་སུ་གཏོང་དགོས་ན་ཐོག་མར་རང་སྐད་དེ་རྒྱུན་འཛིན་དང༌། རང་གི་ལྟ་བ་དེ་བོད་ཀྱི་སྲོལ་རྒྱུན་ཞིག་ཏུ་བསྒྱུར་ན།རྡོ་གནམ་ལ་ཕྱར་ན་གསེར་ལྷང་ལ་འབུདཅེས་པའི་དཔེ་ལྟར་བོད་རིག་པའི་ཞིབ་འཇུག་ཐད་ཀྱི་དགེ་མཚན་མངོན་གསལ་དང་སྐད་ཡིག་དཔལ་འབྱོར་སོགས་འཕེལ་རྒྱས་སུ་ཕྱིན་ནས་བོད་མཐོ་སྒང་གི་ཡུལ་གྲུ་འདི་སྔོན་ཐོན་མི་རིགས་དག་གི་གྲལ་དུ་བགྲོད་ཐུབ་པར་ང་ལ་ཡིད་ཆེས་ཟབ། བདག་སྐད་ཡིག་སྣ་མང་འདྲེན་པའི་བདེན་དཔང་བྱེད་པ་ལ་རྔོ་མི་ཐོག་ནའང༌། ཡིན་ལུགས་བདེན་གསལ་གྱི་རྒྱང་ཤེལ་བཟུང་ནས་བོད་ཀྱི་འཕེལ་རྒྱས་དང་གནས་བབ་ལ་གཞིགས་པའི་བསམ་བློ་བ་ཞིག་གིས་གཉིད་མི་ཁུགས་པའི་གནའ་གཏམ་དེ་ཡིག་ཐོག་ནས་སྒྲོན་པ་ཉིད།། ༢༠༠༣ལོའི<<ཤར་དུང་རི>>སྤྱིའི་དེབ་གྲངས༡༦ལས་བདམས།


  
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -