ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

21.08.2010 05:21:32
བྲག་འགོ་དཀོན་མཆོག་དར་རྒྱས།


གནམ་ངོ་འདི་ཧ་ཅང་སྡུག་ཡུས་ཆེ་བ་མ་ཟད།།
གནམ་ས་ཀུན་ཏུ་སྨུག་ལུང་གིས་ཁྱབས་ཅིང་།།
ཡིད་མུག་དང་བསུན་སྣང་གིས་ཁེངས་འདུག
ཁ་བ་རྣམས་རང་དབང་མེད་པར་དལ་དལ་ངང་ལྷུང་སྟེ།།
རྒྱུས་མེད་ཀྱི་སྲང་ལམ་དུ་ཞུ་ནས་ཆུ་བཞིན་བཞུར་བྱུང་།།


 

མི་ཚོགས་རྣམས་མགོ་བོ་དུད་ནས་འདུར་རྒྱུག་ལ་རོལ།

ང་ནི། ཁང་མིག་ཆུང་ཆུང་དེར་འཛུས་ཏེ་ཆེས་ལྷང་འཇགས་ཆེ་ནའང་།

ཕྱི་རོལ་ན་སྐད་གསེང་མཐོ་ཞིང་།

ཡར་མར་ཀུན་ཏུ་ཇུས་གཏོགས་ལ་དགའ་བའི་ཁྱི་རྒན་ཞིག་གིས་ཟུག་སྒྲ་རྫོགས་མེད་དུ་ཐོས་པས། སུ་ཚང་གི་སྒོ་འགྲམ་ན་མགྲོན་པོ་གལ་ཆེན་ཞིག་ཐོན་པ་ཡིན་ནམ།

བྲག་དཀོན་ནས།


  བྱེས་འབྱོར་བོད་ཀྱི་རྩོམ་རིག
 

21.08.2010 07:50:27

སྤུན་གྲོགས་དཀོན་དར་ལགས་ཁྱེད་ཀྱིས་མགྲོན་པོ་གལ་ཆེ་དེར་རྒྱ་བོད་གཉིས་ཀྱི་ནང་ནས་རྒྱ་ཡིན་གྱི་མ་རེད་པས།

 
 
21.08.2010 08:04:33

སྤུན་གྲོགས་བཟང་པོ་ཅོ་རི་ཉྀ་མ་སུ་ཟེ་གྱི་ཡོད།
ང་ལ་གྲོགས་པོ་ཡག་ཤོས་ཤིག་རྒྱ།
ཨ་ཨ། ག་རེ་རེད།
རྩ་བ་ནས་ཧ་གོ་མ་ཐས།

 
 
21.08.2010 08:08:58

སུ་ཡིན་ན་གང་ཤེས། ངས་ཟིན་བྲིས་ནང་འདྲ་པར་དེ་ཡར་མཐོ་ས་ཞིག་ལ་བཞག་ཡོད་སྟེ།
ཡང་ལྷ་མ་ཡིན་འདྲ་ཞིག་སླེབས་ནས་མར་འདེད་ཚར་འདུག
འཆམ་ར་བ་འདི་ཇུས་གཏོགས་ཚ་ཚ་ནས།
ང་ཡིད་ཆེས་ཁྱོན་ནས་མི་འདུག་དཱ

 
 
21.08.2010 09:47:46

བྲག་ཕྲུག
ད་ཤ་ཚ།
ང་ཁྱོད་དང་ཁ་ཐག་ཉེ་ནའང་སྐྲག་
ང་ཁྱོད་དང་ཁ་ཐག་རིང་ནའང་ཞེད་
དེ་ནི་ཁྱོད་རང་གི་ལས་སྣང་རང་རེད

ང་ནི་བདེ་ཤིག་ཤིག་
ལག་གཉིས་བྲང་ལ་སྦྱར་ནས་བསྡད་བསྡད་ཡོད་
ཁྱོད་ཀྱི་ཟིན་བྲིས་ལ་ངས་ཇུས་གཏོགས་བྱེད་དོན་མེད་ལ
བྱ་འདོད་ཀྱང་མེད་

ད་དུང་བྱེད་ཉན་ཡང་མེད་ཟེར་རྒྱུ་ཡིན།
ཧཧཧ

བྲག་ཕྲུག་འདི་སྡུག་ནས་སྡུག་ཏུ་འགྲོ་བཞིན
ཡིག་ཚོགས་སྒྲིག་ནས་ལོ་ཤས་ཕྱིན་སོང་ཡང་། དཀོན་མཆོག་གསུམ། མི་འདིས་ཡར་རྒྱས་ལ་ཤུགས་སྣོན་མ་བརྒྱབ་པ། མར་རྒྱས་ལ་ཤུགས་ནུས་སྒྲིམ་ཡོད་ས་རེད

དེ་ནི་ད་རེས་ཀྱི་ཡིག་ཉོག་འདི་ལ་ལན་གཅིག་ལྟོས་ནས།་སྔོན་མའི་དེ་ཚོ་གཅིག་ལྟོས་དང་། དེ་ནས་སོ་སོ་རང་ངོ་འཕྲོད་ཀྱི་རེད

 
 
24.08.2010 02:23:28

ཡ་ཡ་ད།
འཆམ་ར་བ།
ཁྱེད་ཀྱིས་བཤད་ན་ཁྱེད་རང་བདེན། ངས་བསམ་ན་ང་ཡང་བདེན།
བདེན་རྫུན་གྱི་དབྱེ་འབྱེད་དེ་ཨ་ཁུའི་མ་གཏོགས་མི་ཤེས།
ཁག་པ་རེད།
ཡི་གེ་ཉཽག་རབ་འདྲ་བཤད་འདུག
འདི་ལ་རྒྱུ་མཚན་སྐར་མ་གཅིག་ཡོད་མ་རེད།
ཤམ་བྷ་ལའི་དྲྭ་ངོས་སུ་སྐད་ཆ་རེ་བཤད་པ་ཚང་མ།
ཁྱེད་ཀྱིས་དགོངས་ཚུལ་དང་།
ཁྱེད་ཀྱི་རྗེས་འབྲེང་བ་ཡིན་དགོས་དོན་རྩ་བ་ནས་མེད།
མི་གཞི་ནས་ཁོར་ཡུག་སྣ་འཛོམ་དང་རྒྱ་ཆེན་པོ་དེ་འདྲ
འགྲིམ་མ་མྱོང་ན།
ཤེས་རབས་ཀྱི་བློ་སྒོ་ཅུང་ཟད་ཕྱེ་ཙམ་གྱིས།
མི་གཞན་ལ་རང་ཉིད་མཐོན་མཐོང་དབྱིངས་སུ།
ཡོད་འདོག་འདོག་བཤད་ན་མ་བཤད་ན།
གང་ཤེས་ཧ་ཧ་ཧ།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -