ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

20.08.2010 06:03:27
ཁ་བའི་ཕོ་ཉ།

ང་སྐབས་རེར་ལྡིང་གིན་ལྡིང་གིན་སོང་།   །
འབྲུག་ཕོ་ཐང་གཉའ་བར་བཞོན་གིན་སོང་།   །
ལྷོ་འཛམ་གླིང་བལྟད་མོ་ལྟ་གིན་སོང་།   །
བོད་བཙན་པོའི་མཚན་སྙན་སྒྲོག་གིན་སོང་།   །



ང་སྐབས་རེར་མཆོང་གིན་མཆོང་གིན་སོང་།  །
སེང་དཀར་མོའི་གཡུ་རལ་འཇུས་གིན་སོང་།   །
གངས་དཀར་པོའི་མཐའ་བཞིར་བསྐོར་ནས་སོང་།
བོད་བཙན་པོའི་མཛད་རྗེས་གླེང་གིན་སོང་།   །

ང་སྐབས་རེར་རྒྱུག་གིན་རྒྱུག་གིན་སོང་།  །
སྟག་དམར་ཡག་མགོ་ལྤགས་མཉེད་གིན་སོང་།  །
རྒྱ་ནག་པོ་ཁ་ལོག་སྒྱུར་གིན་སོང་།   །
བཀའ་བསྟན་བཅོས་རང་ཡུལ་འདྲེན་གིན་སོང་།

ང་སྐབས་རེར་ལང་གིན་ལང་གིན་སོང་།  །
འབྲོང་བྲེ་སེར་རྭ་རྩེར་འཇུས་གིན་སོང་།   །
སྤང་དཀར་འབྱམས་མེ་ཏོག་འཐུ་གིན་སོང་།  །
བོད་བཙན་པོའི་དྲིན་ལན་འཇལ་དུ་སོང་།   །

ང་སྐབས་རེར་ཉལ་གིན་ཉལ་གིན་སོང་།  །
རྒྱ་ནག་པོའི་གཉའ་གནོན་བཟེད་གིན་སོང་།   །
མི་ཁྲག་གི་རྒྱ་མཚོ་འཕྱུར་བཞིན་སོང་།   །
ངུ་སྐད་ཀྱིས་རི་ཀླུང་འགེངས་གིན་སོང་།   །

ང་སྐབས་རེར་ངུ་གིན་ངུ་གིན་སོང་།   །
བོད་མགོ་ནག་ལས་དབང་བསམ་གིན་སོང་།  །
རྒྱ་དམར་པོར་སྙིང་རླུང་ལང་གིན་སོང་།   །
མིག་ཆུ་ཡིས་དྲན་ཐོ་འགོད་བཞིན་སོང་།  །


  བོད་མི་རིགས་ཀྱི་ལས་དབང་།
 

20.08.2010 08:59:18

ད་ང་ཚོ་རྩོད་ཀྱིན་རྩོད་ཀྱིན་འགྲོ། །
ཆོས་ཆོལ་ཁའི་ལ་རྒྱ་རྩོད་ཀྱིན་འགྲོ།།
བཀའ་བན་བོན་གྲུབ་མཐམ་རྩོད་ཀྱིན་འགྲོ།
ཡང་གསར་རྙིར་འབྱོར་རྩོད་ཀྱིན་འགྲོ།
ཆབ་སྲིད་ཆོས་ཀྱིས་རྩོདཀྱིན་འགྲོ། 
ཆོས་ལུགས་སྲིད་ཀྱིས་བཟུང་གིན་འགྲོ།
བོད་དོན་ཁ་ལ་ཁྱེར་བཞིན་འགྲོ། །
རང་དོན་ལག་ཏུ་ལེན་གྱིན་འགྲོ།
རྒན་ལགས་རང་གི་དེ་ལ་མངར་སྐྱུར་གཉིས་ཡོད་ཀྱང་ངའི་འདི་སྐྱུར་མོ་སྐྱུར་རྐྱང་ཡིན། རྩེ་མོ་ཡིན། ཧ་ཅང་སྙན་མོ་འདུག

 
 
10.05.2020 02:28:49

སྨྲ་བ་དབང་གི་དབང་ཕྱུག་འཇམ་དཔལ་དབྱངས།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -