ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

08.07.2010 23:51:24
གངས་དཀར་སེམས།

དཀོན་མཆོག་གིས་ཀྱང་རྒྱ་ནག་གི་རྐང་རྩེད་སྤོ་ལོར་སེམས་འཚབ་བྱེད་ཀྱི་འདུག རྒྱ་ནག་གི་རྐང་རྩེད་སྤོ་ལོ་རྩེད་མཁན་ཞིག་གིས་དེང་སེང་རྩོམ་ཞིག་བྲིས་ནས། ང་ཚོར་ཕོན་ཆེན་གྱི་ལྟད་མོ་བའི་ཁྲོམ་རྭ་ཡོད་། རྒྱ་ནག་དང་འབྲེལ་མེད་ཀྱི་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་རྩོད་རིང་། གློག་བརྙེན་དང་ཚགས་ཤོག་དྲ་རྒྱའི་ཐོག་གང་སར་འཛམ་གླིང་རྐང་རྩེད་སྤོ་ལོའི་གསར་འགྱུར་བཀོད་ཡོད།


 

དམངས་ཀྱི་འཚོ་བའི་ནང་སྤོ་ལོ་ནི་གང་སར་ཁྱབ་བཞིན་པའི་དགའ་མོས་ཆེ་བའི་རྩེད་རིགས་ཤིག་རེད། གནས་སྟངས་དེ་དག་མཐོང་ནས་རྒྱ་ནག་གི་སྤོ་ལོའི་ལས་དོན་ཐོག་གི་ཆ་ཤས་ཡིན་པའི་ངོས་ནས་ང་ཚོས་དེའི་ཆེད་དུ་ཧུར་བརྩོན་མི་བྱེད་ཀ་མེད་རེད། འོན་ཀྱང་རྒྱ་ནག་གི་རྐང་རྩེད་སྤོ་ལོའི་སྒྲིག་གཞི་འོག་རྒྱ་ནག་འཛམ་གླིང་ཐོག་ཏུ་སླེབས་དགོས་ན་སྤྱི་ཡོངས་ཀྱི་ཆ་ནས་དེ་ནི་དགའ་འོས་པའི་གནས་སྟངས་ཤིག་མིན།རྒྱ་ནག་གི་དྲ་ལམ་ཐོག་དེའི་སྐོར་གྱི་མཚར་གཏམ་ཞིག་ཁྱབ་བཞིན་པ་དེས་མི་རྣམས་ཀྱི་སྐྱོ་སྣང་མཚོན་ཡོད་པ་རེད། ཀོ་རི་ཡན་དང་འཇའ་པན་ནིས། དེ་མིན་རྒྱ་ནག་གི་མི་བཅས་གསུམ་གྱིས་དཀོན་མཆོག་མཇལ་བའི་སྐལ་བཟང་བྱུང་སྐབས།

ཀོ་རི་ཡན་གྱི་མི་དེས་ང་ཚོ་ཀི་རི་ཡན་རྒྱལ་ཁབ་ཀྱིས་ག་དུས་འཛམ་གླིང་རྐང་རྩེད་སྤོ་ལོའི་རྒྱལ་ཁ་ཨང་དང་པོ་རག་ཐུབ་བམ། ཞེས་དྲིས་པར་དཀོན་མཆོག་གིས་ལོ་ལྔ་བཅུ་འགོག་གི་རེད་ཅེས་ལན་སྤྲད། ཀོ་རི་ཡན་གྱི་མི་དེ་སེམས་པ་སྐྱོ་བཞིན་ངུས། ཧུཧུཧུ༌༌༌༌༌༌༌༌༌༌ངའི་ཚེ་འདིར་དེ་དག་མཐོང་ཐུབ་ཀྱི་མ་རེད་ཅེས་བཤད།

འཇའ་པན་ནིས་ཀྱི་མི་དེས་དཀོན་མཆོག་ལ་ང་ཚོ་འཇའ་པན་ནིས་ཀྱིས་ག་དུས་འཛམ་གླིང་རྐང་རྩེད་སྤོ་ལོའི་རྒྱལ་ཁ་ཨང་དང་པོ་ཐོབ་ཀྱི་རེད་དམ། ཞེས་དྲིས་པའི་ལན་དུ། ཕལ་ཆེར་ལོ་བརྒྱ་ཙམ་འགོག་སྲིད།་ཅེས་བཤད། འཇའ་པན་ནིའི་མི་དེའང་ངུ་བཞིན། འུའུའུ༌༌༌༌༌༌༌༌༌༌༌༌ངའི་ཚེ་ཕྱི་མར་ཡང་དེ་དག་མཐོང་ཐུབ་ཀྱི་མ་རེད། ཅེས་ཟེར།

རྒྱ་མི་དེའང་དཀོན་མཆོག་ལ་ང་ཚོའི་རྒྱ་ནག་ག་དུས་འཛམ་གླིང་རྐང་རྩེད་སྤོ་ལོའི་རྒྱལ་ཁ་ཨང་དང་པོ་རག་གི་རེད། ཅེས་དྲིས་པར། བསམ་ཡུལ་ལས་འདས་པ་ཞིག་ལ།་དུས་དེར་དཀོན་མཆོག་ཁོ་རང་ངུ་ཤོར་ཞིང་། འུང་་འུང་་འུང༌༌༌༌༌ངས་དུས་དེར་མཐོང་ཐུབ་ཀྱི་མ་རེད་། ཅེས་བརྗོད་ཡོད་པ་སྐད།

མཆན། ༼ཚའོ་ཁྲང་ཆིང་གི་རྩོམ་ཡིག་ཅིག་གི་མཇུག་དུམ་ཞིག་བསྒྱུར།༽


  གངས་དཀར་སེམས།
 

09.07.2010 05:54:57

དཀོན་མཆོག་ཅེས་པ་དེ་གང་ལ་གོ་རྒྱུ་ཡིན་ནམ། རྩོམ་ཐུང་འདི་ལ་རང་གིས་བལྟ་་མ་ཤེས་པ་ཡིན་ནམ་་ཡང་ན་་ཡིག་ནོར་མི་ཉུང་བ་ཞིག་ཡོད་པ་ཨི་ཡིན་མི་ཤེས་གང་ལྟར་གོ་བ་ལེགས་པོ་ཞིག་ལེན་ཐུབ་མ་བྱུང་།
འོན་ཀྱང་དགའ་བསུ་ཞུ།

 
 
09.07.2010 06:43:37

གངས་ལྷས(རྒྱ་ནག་གི་རྐང་རྩེད་སྤོ་ལོ་རྩེད་མཁན་ཞིག་གིས་དེང་སེང་རྩོམ་ཞིག་བྲིས་ནས།)སྐད་ཆ་འདིས་རྩོམ་འདི་གསལ་བཤད་དང་ངོ་སྤྲོད་བྱས་པ་རེད་དམ། དེ་མིན་གཞན་ཞིག་སྟོན་ཅིང་ཡོད། དངོས་གནས་མགོ་ཚོས་མ་སོང། གལ་སྲིད་ངོ་སྤྲོད་ཡིན་ན་ནི། དེང་སང་རྒྱ་ནག་གི་རྐང་རྩེད་སྤོ་ལོ་རྩེ་མཁན་ཞིག་གིས་རྩོམ་ཡིག་འདི་འདྲ་ཞིག་བྲིས་འདུག༽ཟེར་ན་ཆོག་མོད། དེ་འདྲའི་བརྗོད་ཚུལ་ཞིག་ནི་མི་འདུག
ཕལ་ཆེར། གངས་ལྷས་དེང་སང་མཁའ་འགྲོའི་བརྡ་ཡིག་ཕབ་ཀྱི་ཡོད་ས་རེད། ཁེ་མཚར་བརྡ་ཡིག་ལ་ཚེག་མང་པོ་དེ་འདྲ་འདུག
དེའི་འོག་ནས་མར་(ནས།་ང་ཚོར་ཕོན་ཆེན་གྱི་ལྟད་མོ་བའི་ཁྲོམ་རྭ་ཡོད་།་རྒྱ་ནག་)འདི་ལྟར་བཤད་ཀྱིན་པ་སོགས་ཀྱི་ནང་ཁྱེད་རང་གི་བྲིས་པའམ་བསྒྱུར་བའི་རྩོམ་ཡིག་གང་ཡིན་ཤན་འབྱེད་བྱེད་ཀྱི་ཚིག་ཅིག་གང་ནའང་མི་འདུག
ད་རེས་འཆམ་ར་སྨྱོ་མེད་ལ། འཆམ་རའི་མིག་ཀྱང་གསལ་ཐག་ཆོད་ཡོད། འོན་ཀྱང་རྩོམ་ཡིག་འདི་སུས་བྲིས་པ་དང་། གངས་ལྷས་ཅིག་བསྒྱུར་ཡོད་ལབ་འདུག(ཚའོ་ཁྲང་ཆིང་གི་རྩོམ་ཡིག་ཅིག་གི་མཇུག་དུམ་ཞིག་བསྒྱུར།་)རྩོམ་ཡིག་དེ་གཞི་ནས་འགོད་རྒྱུ་ཡིན་ནམ། ཅི་ཞིག་ཡིན་མིན་གཏན་ནས་ཤེས་རྟོགས་མ་བྱུང་། ཧཧཧཧ

 
 
10.07.2010 01:48:55

འཆམ་ར་འཁྱམ་རྒན་འདི་ཡང་ཉོག་གཏམ་བཤད་མཁན་སླེབས་འདུག
གཟབ་གཟབ་མ་བྱས་ན་ཧ་ཧ་ཧ་ཧ།
རྒྱ་ནག་གི་སྤོ་ལོ་འགྲན་བསྡུར་ནི་ཚེ་ཕྱིར་མ་རྐྱང་རྐྱང་ཡིན་ན་ཡང་། དེང་སང་དཀོན་མཆོག་གི་གཟིགས་ཀྱིན་འདྲ་ཡོད་ན་མ་གཏོགས། ག་རེ་ཡིན་གང་ཤེས།
ཨ་ཅག་གངས་ལྷ་ལགས་ནས། གསལ་བཤད་ཡག་པོ་འདྲ་གནང་འདུག ཡིན་ནའང་ད་ལོ་རྐང་བརྩེད་འགྲན་ཚོགས་མཇུག་རྫོགས་གྲབ་ཡིན། སེམས་འཁྲེལ་མ་བྱེད་དང་།་ཧ་ྷྷ

 
 
10.07.2010 02:10:38

ཨ་ཅེ་གངས་ལྷའསི་རྙོག་གཏམ་དང་ཨ་ཇོ་དཀོན་མཆོག་གི་རྙོག་གཏམ་གཉིས་གཅིག་མཚུངས་སུ་གནས་འདུག་གྰ་གང་བཤད་ཀྱི་ཡོད་མེད་དོན་ལ་བབ་ཐུབ་ཀྱི་མི་འདུག་ད་ཅི་ལ་ཕན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

 
 
12.07.2010 03:26:35

ཐོག་མར་སྒེར་གྱི་ངོ་གདོང་འདིར་ངོམས་ནས་ཅིའང་སྨྲ་བའི་སྤོབས་པ་ཅན་གྱི་ཨ་ཕོ་དྲི་མེད་དང་དཀོན་མཆོག་གཉིས་ཕེབས་པར་དགའ་ཡོད།་དེ་ནས་མགོ་མེད་པའི་སྤུན་ཟླ་དེ་གཉིས་ལའང་འཚམ་འདྲི་བྱེད།
གོང་གསལ་རྩོམ་གྱི་ནང་དོན་སྙིང་པོ་ནི་དཀོན་མཆོག་གིས་ཀྱང་རྒྱ་ནག་རྐང་རྩེད་སྤོ་ལོའི་རྒྱལ་ཁའི་ཉིན་མོ་མཐོང་མི་ཐུབ་བཅས་པའི་དོན་རེད།་

 
 
12.07.2010 03:34:20

ཡཡཡ
ད་གཞི་ནས་དོན་དག་དེ་མགོ་ཚོས་ལ་ཁད་ཅིག་བྱུང་སོང་། ཁམས་བཟང་ཞུ།

 
 
12.07.2010 08:24:19

དངོས་ཉིད་ཡག་པོ་བཤད་འདུག་

 
 
13.07.2010 01:06:08

སེམས་ཅན་གྱི་ལས་སྣང་ནི་བསམ་གྱི་མི་ཁྱབ་པ་ཡིན་པས་ཁྱེད་ཀྱི་མགོ་མེད་པའི་མི་གཉིས་་མཐོང་བ་དེ་ཡང་ཁྱེད་ཀྱི་ལས་སྣང་ཡིན་པ་སྨོས་ཅི་དགོས།འོན་ཀྱང་།ཚོགས་བསགས་སྒྲིབ་སྦྱོང་ལེགས་པོ་རེ་གྱིས་དང་ཁྱེད་ཀྱི་སྤུན་ཟླ་དེའི་ཞལ་གྱི་དཀྱིལ་འཁོར་མངོན་སུམ་དུ་འཇལ་བའི་སྐལ་པ་བཟང་པོ་ཞིག་ཡོད་པར་ཡངསྣང་།

 
 
21.08.2010 23:03:28

ཧཧཧཧཧ་ཡག་པོ་བྲིས་འདུག་གོ།།། བྱས་ན་བོད་པའི་རྐང་བརྩེད་སྤོ་ལོའོ་བསྐོར་ལ་ངོ་སྤྲོད་ཅི་གནང་རོགས་གནང་དང་ ང་རྐང་བརྩེད་སྤོ་ལོ་བརྩེད་རྒྱུར་ཧ་ཅང་གི་དགའ་ དཀོན་མཆོག་གི་བོད་པའི་རྐང་བརྩེད་སྤོ་ལོའི་བསྐོར་ལ་མཁྱེན་ཡོད་པའི་རེ་བ་ཡོད་

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -