ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

26.06.2010 01:35:45
མིག

ཁྱེད་ཉིད་བདག་གིས་འབྲི་བཞིན་པའི་སྙན་ངག་ཐར་ཐོར་དེ་ཡིན་ན།
བདག་གི་སྙིང་ཁ་ན་འོ་ཞོ་བཞིན་དྭངས་གཙང་གིས་འཁྱིལ་འདུག་ལ།
འོ་ཞོ་ཡི་ཁ་ནས་འཕུར་ལྡིང་གིས་བར་སྣང་ནས་བལྟས་འདུག
དེ་ནི།    བར་ཐག་མི་འདྲ་བའི་ས་ཚིགས་དེ་ནས།
བདག་གིས་ཕར་ལ་བལྟས་པའི་ཁྱེད་ཀྱི་སྣང་བརྙན་ནོ།


འདམ་མ་ཕྱོགས་བཅུར་བཀྲོལ་བའིསྤྲིན་དཀར་ཀྱི་ཚོམ་དེ།
ཁྱེད་ཀྱི་མིག་ཟུང་ན་འཁོར་བའི་བདག་དེ་ཡིན་ན།
སྤྲིན་དཀར་ཀྱི་ཆ་ཤས་རེ་རེ་མཛེས་སྡུག་གིས་སྤུད་དེ།
ཡང་བསྐྱལ།   གཡུ་སྦྲང་ལྟ་བུའི་ཁྱེད་ཀྱི་མིག་ཟུང་དུ་འཁོར་ན།
དེ་དུས་སྤྲིན་དཀར་ཀྱི་འདམ་མ་རེ་རེ།
བདག་གི་ཆ་ཤས་རེར་གྱུར་ཐུབ་བམ།

སྤྲིན་དཀར་ལང་ལོང་རྒྱུ་བའི་མཁའ་དབྱིངས་དེ་ན།
བྱ་རྒོད་ལྟར་ལྡིང་བའི་བར་སྣང་གི་འཕུར་གྲུ་དེ་ཚོ་བདག་ཡིན་ན།
རི་བོ་ནས་རི་བོ་བརྒལ་ཏེ་ཁྱེད་ལ།
བལྟས་མི་ཚར་བའི་འཇིག་རྟེན་གྱི་ལྟད་མོ་མཐའ་དག
ཡུན་གཅིག་གིས་ལག་མཐིང་ན་བྲིས་པའི་རི་མོ་བཞིན་བསྟན་འདོད་མོད
འོན་ཏེ།    དེ་ནི་ཅི་འདྲའི་རྨི་ལམ་ན་འཁོར་བའི།
ཡིད་བརྙན་གྱི་གཟུགས་རིས་དྭངས་མ་ཞིག་གོ

ཁྱེད་ཀྱི་གསེར་དངུལ་གཡུ་གསུམ་གྱིས་བརྒྱན་པའི་དབུ་རྒྱན་དེ་དང་།
འཛུབ་གོང་ན་འོད་ལམ་ལེམ་འཚེར་བའི་མུ་ཏིག་དེ་གཉིས།
བདག་གིས་འབྲི་མི་ཚར་བའི་བརྩེ་དུང་གི་དན་རྟགས་ཡིན་ན།
བདག་ནི་ཅི་འདྲའི་རྨི་ལམ་གྱི་དག་ཞིང་ནས་འཕུར་བའི།
གཡུ་སྦྲང་ཆུང་ཆུང་ཞིག་གམ།
ཁྱེད་ཀྱི་མདུན་ནས་ཡང་ཡང་བལྟས་པའི་བརྩེ་དུང་གི་སློད་མོ་བ་ཞིག་གོ


  གངས་དཀར་སེམས། | མིག་ཆུ
 

26.06.2010 04:32:48

མིག་ལགས་ ཁྱེད་ཀྱི་སྙན་ངག་གི་འགོ་བསླང་སྟངས་རེད་
དེ་བཞིན་བརྗོད་གཞི་འདྲེན་སྟངས་ཕྱོགས་ནས་ཡག་པོར་ཚོར་བྱུང།
ཡིན་ནའང་བཅད་མཚམས་མ་རན་པ་དང་
དག་ཆའི་ཐད་ནས་སྙན་ངག་དེར་ཅུང་ཉམས་དམས་བཅུག་འདུག་སྙམ།

 
 
30.06.2010 01:42:18

ཁྱེད་ཀྱི་ང་ལ་བསམ་འཆར་འདོན་པར་ཐུགས་རྗེ་ཆེ་ཞུ་བ་དང ཞོར་དུ མ་དག་པ་ནི་གློག་ཀླད་ཀྱི་སྐྱོན་ལས་ང་ལ་འགན་ཁག་གཏན་ནས་མེད སྙན་ངག་གི་ཉམས་ནི་ལྷན་སྐྱེས་ཡིན་སྟབས་ཁྱེད་ཀྱིས་ཅི་ཞིག་བཤད་ཀྱང་རུང

 
 
01.11.2010 10:06:00

ཡཡཡཡཡཡཡ

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -