ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

14.06.2010 04:45:02
གངས་དཀར་སེམས།

འདི་ཟླའི་ཚེས་༧ཉིན་དྲ་ལམ་ཐོག་གསར་གནས་དུམ་ཞིག་སྤེལ་ཡོད་པའི་ནང། དྭངས་གསལ་མེ་ལོང་ཞེས་པའི་རྒྱ་ཡིག་དྲ་ལམ་གྱི་ཟིན་བྲིས་པས་གནས་ཚུལ་བཀོད་གསལ་ལྟར་ན་ཁོ་རང་ལ་གཞན་གྱིས་འཕྲིན་ཐུང་བཏང་བའི་ནང་རྒྱ་གཞུང་གི་སྲིད་འཛིན་ཟུར་པ་ཅང་རྩེ་མིན་ཤི་ཚར་བའི་སྐོར་འཁོད་ཡོད་པ་རེད།
འོན་ཀྱང་དྲ་ལམ་འདིའི་གསར་འགོད་པས་གནས་ཚུལ་དེ་དངོས་ལྡན་ཡིན་མིན་སྐོར་དཔྱད་སྐབས་པེ་ཅིང་ཕྱོགས་ནས་ཤེས་རྟོག་མི་སྣས་ཅང་རྩེ་མིན་ན་ཚ་ཤུགས་ཆེར་ཕོག་ནས་སྨན་ཁང་དུ་སོང་བའི་སྐོར་བརྗོད་འདུག

གཤམ་གསལ་ནི་དེའི་སྐོར་ཟིན་བྲིས་པ་ཚོས་ཉིན་གསུམ་རིང་སྒེར་གྱི་བསམ་ཚུལ་གྱི་འཕྲིན་ཐུང་དག་ཡིན་ཞིང། སྒྱུར་པ་པོས་ཀ་ཁའི་གོ་རིམ་ལྟར་འདིར་བཀོད་ཡོད།

ཀ་་་་་་་ད་ཡིན་ན་ཅང་རྩེ་མིན་གྱི་ཁྱིམ་ཚང་སྟོང་བའི་དུས་ལ་སླེབས་ཡོད་ཚོད། སླར་འུར་སྒྲོག་འདི་འདྲ་ཞིག་ཕྱིར་བསྒྲགས་ནས་གླེང་ཕྱོགས་འདྲ་བཟོས་པ་དེར་མི་རྣམས་ཀྱིས་དམོད་ཚིག་བགྲང་རྒྱུ་ལས་ཅི་ཞིག་ཡོད།

ཁ།་་་་་་་དཀོན་མཆོག་གིས་ཅང་ཁྲམ་པ་ཁོ་ལས་སླ་པོའི་ཤི་མི་འཇུག ཁོས་གནམ་ས་བར་དུ་མི་ཤོང་བའི་ནག་ཉེས་བསགས་ཡོད། མ་འོངས་པར་རྒྱལ་ཡོངས་མི་མང་མདུན་ནས་ཕྱིར་ཁྱབ་བསྒྲགས་སྒོ་ནས་ཁྲིམས་ཆད་བཅད་དེ་དམྱལ་ཁམས་སུ་བརྫངས་དགོས་ཀྱི་རེད།

ག་་་་་་་དངོས་གནས་དེ་འདྲ་ཡིན་ཚེ། རྒྱ་ནག་སྐམ་ས་ཆེན་མོའི་མི་དམངས་ཡོངས་ཀྱིས་རང་སོ་སོའི་ཁྱིམ་ནང་གི་ཤོ་སྦག་དེ་ཚོ་ཆབ་པས་བརླན་མི་འདུག་གམ་ལྟོས། ༼བརྟེན་འབྲེལ་བྱ་དགོས་པའི་དོན་ཡིན།༽

ང་།་་་་་གཞན་ཡང་གནས་ཚུལ་འབྱོར་བ་ལྟར་ན་དམྱལ་ཁམས་ནས་མའོ་ཙེ་ཏུང་དང་ཏིང་ཞའོ་ཧྥིང་། ཟི་ཏཱ་ལེན་སོགས་ཀྱིས་ཅང་རྩེ་མིན་རེ་སྒུག་གིས་དམྱལ་ཁམས་ཀྱི་དགའ་བསུའི་ཚོགས་འདུ་ཞིག་འཚོགས་གྲབས་ཡོད་ལ། ཚོགས་རྭར་སེམས་འགུལ་ཐེབས་ཟེར་བའི་རྣམ་པ་དེ་འདྲ་རེད།

ཅ།་་་་་་གནམ་འོག་མི་རྣམས་ཀྱིས་དགའ་སྟོན་མཛོད། གནམ་འོག་མི་རྣམས་ཀྱིས་དགའ་སྟོན་མཛོད། གནམ་འོག་མི་རྣམས་ཀྱིས་དགའ་སྟོན་མཛོད། གནམ་འོག་མི་རྣམས་ཀྱིས་དགའ་སྟོན་མཛོད།

ཅ།་་་་་་རྒས་པོ་ཅང་མ་ཤི་བར་དུ། གནམ་རྒན་མའང་ཁོང་ཁྲོ་ཆེ།

ཆ།་་་་་་ང་ཚོས་ཤོ་སྦག་གྲ་བསྒྲིག་བྱས་ནས་ཁོ་སྒུག་ཡོད།

ཇ།་་་་་་ཅང་རུས་སྦལ། ཤི་ནའང་མར་འདྲུད་ཡོང་དགོས་ཀྱི་རེད།

ཉ།་་་་་་་གནས་ཚུལ་དེ་དངོས་གནས་རེད་པས། ཨ།

ཏ།་་་སྐྱག་གཟེན་འདི་ན་ཚས་ཤི་གྲབས་ཡོད་པ་དེ་བདེན་མིན་གང་ཡིན་ཡང་དགའ་འོས་པ་ཞིག་རེད། ཡག་ཤོས་འབྱུང་ན་རྒྱལ་སྤྱིའི་ཁྲིམས་རྭའི་ནང་ཁྲིམས་ཐག་བཅད་རྗེས་གཞི་ནས་ཤི་ན་བློ་བདེ་ས་རེད།

ཐ།་་་་་ངས་ཁྱིམ་ནང་ད་དུང་ཤོ་སྦག་འདུག་མིན་ལྟ་ཡི་ཡིན། མེད་ན་ལམ་སེང་ཕྱིར་ལོག་ནས་ཉོ་ཡི་ཡིན། རྗེས་སུ་ཉོ་རྒྱུ་རག་གི་མ་རེད། དཀོན་མཆོག་གིས་དམར་ཤོག་མེད་པ་ཐེངས་གསུམ་བཟོ་དགོས། དངོས་གནས་ཡིན། ང་རང་མགྱོགས་པོ་ནང་དུ་ལོག་ནས་ཁྱིམ་མི་དང་སློབ་མ་རྣམས་དམར་ཤོག་གི་རྩ་འཛུགས་ཡོངས་ནས་ཕྱིར་འཐེན་བྱ་བར་འབོད་བསྐུལ་བྱ་རྒྱུ་ཡིན།

ད།་་་་ཅང་མགྱོགས་ཙམ་ཤི་དགོས། ལོ་རྒྱུས་ཀྱི་འཕེལ་རིམ་ལ་བཀག་འགོག་མ་བྱེད་རོགས།

ན།་་་་་ཁོ་ག་རེ་རེད། ལོ་རྒྱུས་ཀྱི་འཕེལ་རིམ་ལ་བཀག་ཐུབ་ཀྱི་རེད་པས། ཚང་མས་གང་མགྱོགས་མྱུར་ནས་ཧུར་བརྩོན་བྱོས། གཅིག་གྱུར་གྱི་ནུས་ཤུགས་ཐོག་ནས་དམར་ཤོག་གདུག་རྩུབ་ཀྱི་སྒྲིག་འཛུགས་འདི་རྩ་གཏོར་གཏོང་དགོས་པ་དེ་ནི་འགྲོ་བ་མིའི་རིགས་ཡོངས་ནས་ཤོ་སྦག་སྤར་ནས་དགའ་སྟོན་བྱེད་པའི་དུས་ཤིག་རེད།

པ།་་་་་་ངས་ཅང་རྩེ་མིན་ད་ལྟ་ཤི་ན་བསམ་གྱི་མེད། དམར་གཞུང་མགོ་གཏིང་བསློག་པའི་ཉིན་དེར་ང་རང་དངོས་སུ་ཕྱིན་ནས་ཁོའི་རུས་སྦལ་གྱི་སྤགས་པ་དེ་བཤུ་ཡི་ཡིན།

ཕ།་་་་་་་་བདེན་མིན་གང་ལྟར་ཡང་སྐད་ཆ་འདི་གོ་དུས་དགའ་སྤྲོ་འཕེལ་གྱི་འདུག

བ།་་་་་་་་ང་རང་གི་གསར་འགྱུར་དེ་གོ་བ་ཙམ་གྱིས་དགའ་པོ་བྱུང། ཆོས་འཁོར་སྒོམ་སྒྲུབ་བཟང་།

མ།་་་་་་་་་ག་རེ་རེད། དངོས་གནས་བྱས་ན་ལངས་ནས་ཡར་འཛུལ་ཞིང་། ཉལ་ནས་ཕྱིར་དོན་བ་ལྟར་བྱས་ན་བཟང་ངོ་།

ཙ།་་་་་་་་་་་ཁོ་ལས་སླ་པོ་འདི་འདྲ་ཤི་འཇུག་རྒྱུ་མེད། ཁོའི་མི་སྤགས་བཤུ་དགོས་ཀྱི་རེད།

ཚ་།་་་་་་་་་ཁོ་རང་བརྩེ་བར་ཞེད་སྣང་སྐྱེ་བའི་ན་ཚ་ཕོག་ནས་ཁོའི་ཚེ་སྲོག་འཕྲོག་དགོས།

ཛ།་་་་་་་་་་དམར་ཤོག་ཐོར་སོང་ན་ཅང་རྩེ་མིན་ལ་ཁྲིམས་ཐག་གཅོད་ཆོག་གི་རེད། ཚང་མ་དམར་ཤོག་ནས་ཕྱིར་འཐེན་བྱ་རོགས།

ཝ།་་་་་་་་ཁྱོད་ཤི་ན་ང་ཚོ་སེམས་སྐྱོ་ཡི་མི་འདུག ཁྱོད་གསོན་པོ་བསྡད་ན་ང་ཚོ་རྒྱ་ནག་གི་དམའ་རིམ་མི་དམངས་རྣམས་སེམས་པ་ཧ་ཅང་སྐྱོ་ཡི་འདུག ཁྱོད་ཀྱིས་རྒྱལ་ཁབ་འདིའི་བསམ་པའི་རིན་ཐང་རྡོ་རོལ་བཏང་བའི་སྐོར་ང་ཚོས་བརྗེད་ཐབས་མེད། ཁྱོད་ཀྱིས་བདེན་དོན་ལ་རྡོག་རོལ་བཏང་བར་བརྗེད་ཐབས་མེད། རྒྱ་ནང་དུ་མཚོན་ན་དམར་ཤོག་རུལ་སུངས་དཔོན་གྱི་དབང་ཤུགས་ཀྱི་ཚོགས་པ་དེས་ཁྱོད་ལ་དགའ་མགུ་ཡོད་པ་ལས། ང་ཚོ་མི་མང་དཀྱུས་མ་རྣམས༌༌༌༌༌༌༌༌༌༌༌༌༌༌༌༌༌

ཞ།་ ་་་་་་་་གནམ་འོག་མི་རྣམས་ཀྱིས་དགའ་སྟོན་མཛོད། གནམ་འོག་མི་རྣམས་ཀྱིས་དགའ་སྟོན་མཛོད། གནམ་འོག་མི་རྣམས་ཀྱིས་དགའ་སྟོན་མཛོད། གནམ་འོག་མི་རྣམས་ཀྱིས་དགའ་སྟོན་མཛོད།

ཟ།་་་་་་དཀོན་མཆོག་མཁྱེན། ཅང་རྒས་པོ་ཁྱོད་རང་ཤི་མི་ཉེན། མི་དམངས་ཚོས་ཁྱོད་ལ་ད་དུང་ཁྲིམས་ཆད་གཅོད་རྒྱུ་ཡིན། ཁྱོད་རང་ངེས་པར་དུ་གཟུགས་པོར་བདག་གཅེས་བྱོས། མི་མང་རྣམས་

འ།་་་་་་་་་གསར་འགྱུར་འདི་ནི་གཡོ་གཏམ་མིན་ནམ། ཐེངས་འདིར་ཀྲོང་ནན་ཧེར་བཟང་བཙོན་བཙུད་ཡོད་རེད་ཟེར། མཇུག་ཏུ་ཡང་ཀྲོག་གྲོང་ཁྱེར་དུ་ཡུལ་བསྐོར་དུ་འགྲོ་བཞིན་པ་རེད་ཟེར།

ཡ།་་་་་་་་་་སྦལ་ཆེན་འདི་མ་ཤིའི་སྔོན་དུ་ངུ་སྐད་གཟེན། གནམ་འོག་མི་རྣམས་དགའ་སྟོན་རོལ།

ར།་་་་་་་་་་་་ལོ་གསུམ་ལྟོགས་ཤི་ཆེན་མོ་ཟེར་བའི་སྐབས་སུ་དམར་ཤོག་ཇག་ཚོགས་ཀྱིས་རྒྱ་དམངས་ཁྲི་སྟོང་ཁྲག་གསུམ་བཞིའི་ཚེ་སྲོག་འཕྲོག་ཡོད་པ་རེད།

ལ།་་་་་་་་་་ཁོ་ལས་སླ་པོ་འདི་འདྲ་ཤི་འཇུག་རྒྱུ་མེད།

ཤ་་་་་་་་་་་རྒྱ་ནག་དམར་ཤོག་ནི་འཛམ་གླིང་མི་མང་གི་དགྲ་བོ་རེད། འཛམ་གླིང་མི་མང་དང་རྒྱ་ནག་མི་མང་མཉམ་དུ་སྲིད་དབང་སྒེར་གཅོད་པའི་དམར་ཤོག་མགོ་གཏིང་བསློག་དགོས་པའི་འོས་འགན་ཡོད།

ས་།་་་་་་མི་མང་གི་སྤྱི་དགྲ་་་་དམར་ཤོག་ཚོགས་པ། མི་མང་གི་སྤྱི་དགྲ་་་་ཅང་རྩེ་མིན།

ཧ།་་་་་་་་་་ཅང་རྩེ་མིན། ཁྱོད་ལ་ཁྲིམས་བཅད་ཀྱི་གོ་རིམ་མ་བརྒྱུད་བར་ཤི་མི་ཆོག

ཨ།་་་་་་་དཀོན་མཆོག་གིས་དམར་ཤོག་འདུལ་དགོས། རང་གི་ཚེ་སྲོག་སྐྱབས་དགོས་ན་ད་ནས་བཟུང་དམར་ཤོག་གི་སྒྲིག་འཛུགས་གསུམ་ནས་ཕྱིར་འཐེན་དགོས།


  གངས་དཀར་སེམས།
 

14.06.2010 07:52:45

སྙིང་རྗེ། ཅང་རྩེ་མིན།
གངས་ལྷ་མ་ཎི་འདྲ་འདོན་ལོ

 
 
14.06.2010 08:23:00

དྲི་མེད་རྒྱལ་མཚན་ལ་འཛུབ་འཐེལ་རྒྱག་མཁན་ཤོགས་ཟེར་བ་ལྟར་སོང་འདུག་
ཧ་ྷ་ྷཧཧཧཧཧཧཧ
དྲ་འབྲེལ་འདི་གཅིག་བལྟ་དགོས་ས་རེད་

 
 
14.06.2010 09:43:24


 
 
15.06.2010 11:37:04

ཨ་ཁུ་འབའ་འཕྲིན་ལགས་་་་སྐུ་ཆེ་འཛུབ་འཐེལ་རྒྱག་དགོས་ན་དུས་རབས་བཅུ་དགུ་པ་ནང་ལ་རྒྱུགས་ཤིགས་ཧ་ཧ་ཧཧ
འདི་དུས་རབས་ཉེག་གཅིག་པ་ཡིན་ཙང་་་འདི་བེད་སྤྱོད་མི་འདུག་

 
 
14.06.2010 12:06:10

ཧཧཧཧཧཧཡག་བྱུང་
ཁོ་ཤི་སོང་ན་ཡག་ཤོག་རེད་
ང་ངོ་མ་དགའ་སྤྲོའི་ཁེངས་སོང་
ད་ཡིན་སྐྱིད་པ་ལ་ ཨ་ལལལལལལལ

 
 
14.06.2010 13:12:39

བཀའ་གདམ་པའི་གསུང་དུ།
སྡིག་ཅན་ཚེ་ཐུང་བ་ཤོག་ཟེར་བ་ཞིག་ཡོད་བཟོ་འདུག། ཡིན་ན་ཡང་ཁོ་པ་ཤི་བ་ཙམ་གྱིས་གོང་ཁྲན་ལ་འགྱུར་བ་གང་ཡང་ཡོང་མི་སྲིད་སྙན། ཡིན་ན་ཡང་བཤམ་གྱི་མཆན་དེ་དག་ལ་ལྟས་ན་རྒྱ་རིགས་མི་དམངས་རྣམས་ཀྱི་སེམས་ཀྱི་ན་ཚ་དེ་གང་འགྱོག་ཕྱི་རུ་མངོན་ཐུབ་པའི་རེ་བ་འདུག། ཨ་ཅེ་གང་ལྷ་དཀའ་དྲིན་ཆེ་ད་དུང་མི་མཐུད་ནས་གནས་ཚུལ་གསར་པ་རེ་སྒྱུར་མགོད་བྱེད་རྒྱུ་དགུག་ནས་ཡོད།

 
 
15.06.2010 01:12:50

གོང་གསལ་ཨ་ཕོ་ལྔ་པོ་ཕེབས་པར་དགའ་ཡོད།་མི་ཟེར་བ་ནི་ཁྱད་མཚར་འདྲ་རེད།་མ་ཤིའི་སྔོན་དུ་རང་གཞན་གཉིས་ཕུངས་ཀྱི་སྡིག་ལས་ཁོ་ནར་བརྩོན།་ད་མཐའ་མཇུག་གི་འགྲོ་ས་འདི་མ་གཏོགས་མེད།་འཆི་ཁ་ཡིན་ནའང་སོ་སོའི་འཇིགས་སྐྲག་དེས་ཕྱི་མའི་ལམ་ཡག་ས་གཅིག་ལ་ནི་སླེབས་ཚོད་མ་རེད།་ཨ་མྱེ་ཆོས་རྒྱལ་ཀྱིས་དམྱལ་ཁམས་སྒོ་ཆེན་ནས་ཅང་རྩེ་མིན་སྒུག་བསྡད་ཡོད་ངེས།་སྙིང་རྗེ༌༌༌༌༌༌༌།་ཨོ་མ་རེད།་སྡིག་ཆེན་འདི་ལ་སྙིང་རྗེ་རྒྱུ་ཆི་ཡོད་རེད།་རེད་པ།་ཨ་ཕོ་ཚོ།་ཧེཧེཧེཧེཧེ།་
ད་དུང་དྲ་བདག་ཡག་མོ་དེས་ངའི་ཡིག་འབྲེལ་དྲ་ལམ་དེ་བསྣོན་པ་ཙམ་གྱིས་མ་ཡིག་ཤར་ཐུབ་པ་བཟོས་འདུག་པར་ཐུགས་རྗེ་ཆེ་ཞུ།་

 
 
15.06.2010 01:38:47

ཨོ་ཧོ། ཇོ་བོ་རིན་པོ་་་་ང་རྗེས་ལུས་ཐེག་སོང་།
བླ་རྒན་ཚང་མ་ཕེབས་ཚར་འདུག
ད་ནི་ང་ཨ་ཅག་གངས་ལྷ་ལག་གི་རྐུབ་ནས་འཛུལ་རྒྱུ་རང་རེད་ཞག

 
 
15.06.2010 02:13:20

ཨ་ཕོ་སྤེན་པ་ནི་ག་རེ་གསུང་གི་ཡོད་དམ།་ཧཧཧཧ།་ཨ་ཕྱེ་གངས་ལྷའི་རྐུབ་ནས་འཛུལ་དགོས་བྱུང་སོང་ཟེར་བ་འདྲ།་དེ་ལྟར་ཟེར་སྲོལ་མེད་།་ལོ།་ཨ་ཕྱེ་གངས་ལྷའི་མཇུག་ཏུ་ལུས་འདུག་དང།་ཡང་ན་རྗེས་སུ་ལུས་འདུག་ཟེར་ན་འགྲིག་པ་ལས།་གོང་ལྟར་མ་ཤོད་མ་གཏོགས་ཁ་ངར་མའི་ཨ་ཕོ་གཞན་དེ་ཚོས་ཐོས་ན་ང་རང་གཉིས་འཕྱ་དགོད་བྱ་ངེས་རེད་།་ལོ་།་ཧཧཧཧཧཧཧཧ།་
དེ་མིན་ཁྱེད་རང་ཕེབས་པར་སྤྲོ་བྱུང།་

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -