ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

05.06.2010 06:06:33
གངས་དཀར་སེམས།

གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། བོད་ཁམས་གོ་ཇོ་ནས་ཡིན་པའི་ཚོང་པ་གྲགས་ཅན་ཀརྨ་བསམ་འགྲུབ་ལགས་དེང་སང་རྒྱ་གཞུང་གིས་བཙན་བཀག་བྱས་པ་དང་། རྒྱ་གཞུང་ངོས་ནས་གྱོད་དོན་དེ་དང་འབྲེལ་ཡོད་མི་སྣས་གནད་དོན་དེའང་ཆབ་སྲིད་ཀྱི་དོན་རྐྱེན་དང་འབྲེལ་བ་ཡོད་ཚུལ་བཤད་བཞིན་ཡོད་འདུག


གཤམ་གསལ་ནི་རྒྱ་ནག་འབྲེལ་ཡོད་མི་སྣས་འདི་ལོའི་ཟླ་༥ཚེས་༣༡ཉིན་ཨ་རིའི་ཚགས་ཤོག་ཚན་དཔར་ཐའེ་ཝུ་ཧྲི་ཟེར་བར་བརྗོད་པའི་གནས་ཚུལ་རེད།

རྒྱ་ནག་ཏུ་སྐད་གྲགས་ཆེ་བའི་བོད་ཀྱི་གནའ་རྫས་ཉར་ཚགས་བྱེད་མཁན་དང་ཁོར་ཡུག་སྲུང་སྐྱོར་མི་སྣ་ཀརྨ་བསམ་འགྲུབ་ཉིན་འདིར་ཁྲིམས་ཁང་དུ་གནའ་ཤུལ་བསྔོག་འདོན་གྱི་ཉེས་མིང་ཐོག་གི་གྱོད་གཞིར་ཁ་ཕྱོགས་དགོས་བྱུང་བ་དང་། ལོ་བཅུ་གཉིས་སྔོན་ནས་༼གྱོན་དོན་དེར་༽རྒྱ་གཞུང་གིས་ཁྲིམས་ཁང་དུ་གཏུག་བསྐྱེལ་མི་བྱ་རྒྱུའི་ཐག་གཅོད་བྱུང་ཡོད་འདུག དེའང་བོད་ཁམས་གོ་ཇོ་རྫོང་དུ་སྐྱེས་པའི་ཀརྨ་བསམ་འགྲུབ་ལ་འཕྲད་པའི་གནད་དོན་ནི་ད་ལྟ་ཁོ་ལ་ཚེ་གཅིག་བཙོན་འཇུག་གི་ཉེས་མིང་ཕོག་པའི་ཉེན་ཁ་ཡོད་ཅིང་། གནད་དོན་དེའང་བོད་ཀྱི་གྲགས་ཅན་ཚོང་པ་འདི་དང་རྒྱ་ནག་གཞུང་དབར་གྱི་ཆབ་སྲིད་ཀྱིས་བཟོས་པའི་བྱུང་འབྲས་ཡིན། ལོ་བཞི་བཅུར་ཟིན་ཚར་བའི་ཀརྨ་བསམ་འགྲུབ་ནི་འདི་ལོའི་ཟླ་བ་དང་པོའི་ནང་འཛིན་བཟུང་བྱས་པ་ཡིན་ལ། སྐབས་དེར་ཁོ་རང་རྒྱ་ནག་ཁྲིང་ཏུར་སོང་ནས་ཁའེ་ཡའེ་ཨར་ཁང་ཚོགས་པ་དབར་འབྲེལ་མཐུན་གྱིས་བོད་ཀྱི་རྒྱལ་ས་ལྷ་སར་འགྲེམས་བཏོན་ཁང་ལྟ་བུའི་ཨར་ཁང་གཅིག་བརྒྱབ་བརྩིས་ཡོད་སྐོར་གྱི་གནས་ཚུལ་ཡིན་འདུག

 

དུས་ཡུན་རྗེས་སུ་རྒྱ་གཞུང་འབྲེལ་ཡོད་ཚོས་ཀརྨ་བསམ་འགྲུབ་ཤར་ཏུ་ཀི་སི་ཐན་ས་ཁུལ་གཙོས་པའི་བཙོན་ཁང་གཞན་དུ་གནས་སྤོ་༼ཐེངས་ཁ་ཤས་༽བྱས་པ་དང་། མ་འོངས་པར་གནའ་ཤུལ་བསྔོག་འདོན་བྱས་པའི་ཉེས་མིང་ཐོག་ནས་ཁྲིམས་ཐག་གཅོད་རྒྱུ་ཡིན་པ་རེད། དེ་ནི་ཐོག་མར་ཀརྨ་ལ་ཉེས་མིང་དེ་ཕོག་པའི་སྐབས་ནི་སྤྱི་ལོ་༡༩༩༨ལོར་ཡིན་ཡང་། དེ་རྗེས་དུས་ཡུན་རྗེས་སུ་ཀརྨ་གློད་གྲོལ་ཐོབ་ཡོད་པ་རེད། བོད་ཀྱི་ཚོང་པ་འདིས་དེ་སྔོན་ནས་ཁོས་གནའ་ཤུལ་དངོས་རིགས་ཉོ་ཚོང་བྱས་པ་དེ་དག་ནི་ས་འོག་དུད་སའི་ནག་ཚོང་གི་དངོས་རྫས་རིགས་ཡིན་པར་ཤེས་ཀྱི་མེད་པ་གསལ་པོ་ཡིན། ཀརྨ་ལ་སྲིད་གཞུང་གིས་ཞིབ་དཔྱོད་བྱས་པའི་གནའ་རྫས་ཉོ་ཚོང་ལག་འཁྱེར་ཡོད་ལ། ཉེན་རྟོག་པའི་ཕྱོགས་ལ༼ལག་འཁྱེར་ཡོད་སྐོར༽་བཤད་ནའང་འགྲིག་པ་ཡིན་ཡང་ཀརྨས་གནའ་རྫས་དེ་དག་གི་འབྱུང་ཁུངས་རྩ་བ་ནས་ཧ་གོ་ཡི་མེད་པ་རེད། འོན་ཀྱང་ལོ་ཤེས་རིང་བོད་ས་ཁུལ་ཁག་ཏུ་རྒྱ་ནགཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པའི་སྒང་ཀརྨའི་ཁྱིམ་ནས་ཕ་ཡུལ་དུ་བཙུགས་པའི་ཁོར་ཡུག་སྲུང་སྐྱོར་ཚོགས་པ་དེ་དང་ཉེན་རྟོག་པའི་ཕྱོགས་ནས་དེར་མ་དགའ་བའི་གནད་དོན་༼དེ་འདྲའང་༽བྱུང་ཡོད།་དེའང་གྱོད་གཞི་དེ་སྐྱར་བསློག་དགོས་པའི་གལ་ཆེའི་རྒྱུ་མཚན་གཙོ་བོ་ཡིན་སྲིད།

 

གོང་གསལ་ལྟར་གྱོད་དོན་འདིའི་གནས་ཚུལ་མཁོ་འདོན་པས་ཨ་རི་ཐའེ་ཝུའུ་ཧྲི་ཚགས་པར་ཁང་དུ་གནས་ཚུལ་འདི་དག་བཤད་ཡོད་པ་རེད།

ཀརྨ་བསམ་འགྲུབ་ནི་ཁྱིམ་ནང་དུ་བུ་སྤུན་གསུམ་ཡོད་པའི་ནང་མཐའ་མཇུག་བཙོན་དུ་ཚུད་པ་དེ་ཡིན་ལ། ཀརྨའི་སྤུན་གཞན་གཉིས་ནི་ན་ནིང་ལོར་རྒྱ་གཞུང་གིས་འཛིན་བཟུང་བྱས་ཚར་བ་རེད། ༼བཙོན་དུ་ཚུད་དགོས་པའི་རྒྱུ་མཚན་༽ཁོ་ཚོའི་ཉིས་མིང་ནི་བོད་ཁམས་ཨ་ཆུང་སེང་གེ་གནའ་རྫོང་༼འདི་འོད་ཟེར་གྱི་ཟིན་བྲིས་ནང་རྩེ་རོང་རྫོང་ཞེས་གསལ་འདུག་༽དྭངས་བླངས་ཁོར་ཡུག་སྲུང་སྐྱོར་མཐུན་ཚོགས་ཅེས་པའི་ཁྲིམས་འགལ་གྱི་ཚོགས་པ་ཞིག་བཙུགས་ཡོད་པས་ཡིན་འདུག ཀརྨ་ཁོ་རང་ངོས་ནས་ཀྱང་མི་རྣམས་ཀྱིས་བརྩི་འཇོག་བྱེད་ཡུལ་རྨ་རྫ་འབྲི་གསུམ་ཆུ་ཆེན་གསུམ་གྱི་འབྱུང་ཡུལ་སྲུང་སྐྱོར་མཐུན་ཚོགས་ཟེར་བ་དེ་བཙུགས་ཡོད་པ་དང་། ཀརྨའི་ཚོགས་པ་དེ་ནི་ས་ཁུལ་མང་པོ་དང་རྒྱལ་སྤྱིའི་བོད་ཀྱི་རིག་གཞུང་དང་བོད་ས་མཐོའི་བདག་མེད་གཅན་གཟན་རིགས་སྲུང་སྐྱོར་གྱི་ལས་དོན་སྐོར་གཟེངས་མཐོང་ཆེན་པོ་རག་མྱོང་བའི་ཚོགས་པ་ཞིག་ཀྱང་རེད།

 

འོན་ཀྱང་ཁོ་བུ་སྤུན་གསུམ་གྱིས་ཁོ་ཚོའི་ཚོགས་པ་ཆུང་ཆུང་དེ་དག་ནས་ས་གནས་སྲིད་གཞུང་ཉེན་རྟོག་ཡན་ལག་སྡེ་ཚན་ནས་དོ་དམ་ཁང་གིས་གཙོ་བོ་སྲུང་སྐྱོར་དགོས་པའི་རྩ་ཆེའི་སྲོག་ཆགས་རིགས་བསད་བཟུང་བྱ་བར་འགོག་ཐབས་བྱེད་སྐབས་སུ་རྙོག་དྲ་འབྱུང་ཡོད་པ་རེད།གཞན་ཡང་ཁོ་ཚོའི་སོ་སོའི་དྲ་ལམ་ཐོག་ཏཱ་ལའི་བླ་མ་ནི་ནོ་བེར་ཞི་བདེའི་གཟེངས་རྟགས་ཀྱི་བདག་པོ་ཡིན་པའི་སྐོར་འཁོད་པ་དེས་གྱོད་དོན་འདི་ཆབ་སྲིད་ཀྱི་ཉེས་དོན་ཚབ་ཆེན་གྱི་མིང་ཐོག་ནས་ཐག་གཅོད་བྱ་རྒྱུའི་ཉེན་ཁ་ཡོད་པ་རེད། དེ་རྗེས་༼རྒྱུ་མཚན་དེ་དག་ལ་བརྟེན་ནས། ༽སྤྱི་བདེ་ལས་ཁུངས་ཀྱི་འགོ་གཙོ་དེ་གོ་གནས་འཕར་ཡོད་པ་རེད། ༼རྒྱ་ནགཞུང་གིས་༽ཀརྨ་སྤུན་གསུམ་གྱི་ཐ་ཆུང་དེར་ལོ་གཅིག་དང་ཟླ་བ་དགུའི་ངལ་རྩོལ་བསྒྱུར་བཀོད་ཀྱི་ཉེས་ཁྲིམས་བཅད་ཡོད་པ་དེ་ནི་སྲིད་འཛིན་༼ཁྱབ་ཁོངས་༽་གྱི་ཉེས་ཁྲིམས་ཡིན་པ་དང་། ད་ལྟའི་ཆར་སྤུན་རྒན་ཤོས་ལ་ཁྲིམས་བཅད་བྱ་རྒྱུ་ཡིན་པ་རེད།

 

ཐོག་མའི་དུས་སུ་ཀརྨ་བསམ་འགྲུབ་ཀྱིས་དེ་སྔོན་གྱོད་དོན་དེ་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱ་རྩིས་མེད་པ་རེད། གང་ཡིན་ཟེར་ན་ཁོ་རང་ངོས་ནས་སྤུན་མཆེད་གཞན་རྣམས་ལ་རང་དབང་ཐོབ་ཐུབ་པར་ཡིད་ཆེས་ཡོད་པས་རེད། འོན་ཀྱང་༼ད་ལྟའི་ཆར་༽ཁོ་རང་ཡང་༼འདི་ལོའི་༽ཟླ་བ་དང་པོར་འཛིན་བཟུང་ཤོར་ཡོད་པ་རེད། གནའ་རྫས་ཉར་ཚགས་མཁན་ནམ་ཀརྨའི་ངོ་ཤེས་མཁན་གྱི་༼དེའི་སྐོར་གྱི་གནས་ཚུལ་ཕྱི་ཕྱོགས་སུ་༽གསར་འགྱུར་སྤེལ་མཁན་རྒྱ་ནག་གི་མི་སྣ་དེས་བརྗོད་གསལ་ལ།་༼ད་ལྟ་༽ཀརྨ་༼ཁོ་རང་ངོས་ནས་གནད་དོན་དེར་༽ཡ་མཚན་ཆེན་པོ་སྐྱེས་འདུག་རྒྱ་གཞུང་གིས་ཁོ་རང་བཙོན་འཇུག་བྱ་ཐབས་བྱེད་བཞིན་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། ཅེས་བཤད་ཡོད།

གཞན་ཡང་གནས་ཚུལ་མཁོ་གཏོང་མཁན་གྱིས་ཀརྨ་ནི་བོད་པའི་སྤྱི་ཚོགས་སམ་གནའ་ཤུལ་ཉར་ཚགས་བྱེད་མཁན་གྱི་རིགས་སུ་སྐད་གྲགས་ཡོད་པ་དང་། སྐད་གྲགས་དེས་ཁོ་རང་ལ་ཉེན་ཁ་མེད་པར་སྲུང་སྐྱོར་བྱ་ཡི་རེད།༼ད་དུང་༽ཀརྨ་ནི་དེ་སྔོན་རྒྱ་རིགས་རྩོམ་པ་པོ་ལེའུ་ཅེན་ཆང་གིས་བྲིས་པའི་གཟི་ཞེས་པའི་༼སྤྱི་ཚོགས་སུ་༽འགྲེམས་རྒྱུག་ཆེ་བའི་གྲགས་ཅན་དེབ་དེའི་གཙོ་བོ་མི་སྣ་ཡིན་ཞིང་། དེབ་ནང་དུ་འཁོད་པའི་༼མཚོན་མདོག་༽དཀར་ནག་མཉམ་འདྲེས་ཀྱི་གཟི་དེ་དག་ནི་རིན་ཐང་ཅན་གྱི་བོད་ཀྱི་ནོར་བུ་ཡིན་སྐོར་བྲིས་ཡོད་པ་རེད།

ཀརྨ་བསམ་འགྲུབ་ནི་རྒྱ་ནག་ནང་གཟི་རིགས་ཉར་ཚགས་མང་ཤོས་བྱེད་མཁན་ཆེད་མཁས་གཅིག་ཡིན་ཏེ། སྤྱི་བཏང་ཆ་ནས་དེར་གཟི་ཞེས་འབོད་པ་ནི་དེ་ནོར་བུའི་རྡོ་རིགས་ཤིག་ཡིན་པས་རེད། ཀརྨས་གཟིའི་ཁྲོམ་རྭར་སྣེ་འཁྲིད་བྱེད་པ་མ་ཚད།་སྒེར་ངོས་ནས་ཀྱང་རྒྱ་སྒོར་ཁྲི་བདུན་བརྒྱ་ལྷག་གི་རིན་ཐང་ལྡན་ཡོད་པའི་གཟི་ཉར་ཚགས་བྱས་རྐྱེན། ཁྲོམ་རྭར་གཟིའི་རིན་གོང་ཡང་སྒེར་གྱིས་གཏན་འབེབས་བྱེད་ཆོག་པའི་དབང་ཆ་ཡོད་པ་རེད།

བོད་མི་དང་རྒྱ་རིགས་མང་པོས་གཟི་ནི་སྲུང་མདུད་འཁོར་ལོ་ལ་ངོས་འཛིན་བྱེད་ཅིང་། སྐབས་འགར་དངུལ་འབོར་ཆེན་ཕངས་མེད་བཏང་ནས་གཟི་མིག་དགུ་སྒྲིལ་ཉོ་ཡི་ཡོད་པ་དང།་མིག་ཟེར་བ་དེ་ནི་དམིགས་བསལ་དཀར་ནག་ཐིག་གཉིས་ཀྱིས་གྲུབ་པའི་སྒོར་མོ་དེར་ཟེར།

 

ཀརྨ་བསམ་འགྲུབ་ཀྱི་ཁྲིམས་རྩོད་པའི་མིང་ལ་ཧྥུའུ་ཀྲི་ཆང་ཟེར་ཞིང་། ཧྥུའུ་ཀྲི་ཆང་གིས་འབྲེལ་ཡོད་པར་བརྗོད་གསལ་ལྟར་ན་ཁོས་རིས་གཟའ་མིག་དམར་ལ་ཁྲིམས་ཁང་དུ་གྱོད་དོན་མ་གླེང་བའི་སྔོན་དུ་ཀརྨ་བསམ་འགྲུབ་ཐུག་འཕྲད་བྱ་ཡི་ཡིན་སྐོར་བརྗོད་ཡོད། ཧྥུའུ་ཀྲི་ཆང་གིས་ཨ་རི་ཐའེ་ཝུ་ཧྲིའི་ཚགས་དཔར་ཁང་དུ་ད་ལྟའི་ཆར་ངས་༼ཀརྨ་བསམ་འགྲུབ།༽ཁོས་ཉེས་པ་བསགས་པའི་དཔང་རྟགས་གསལ་པོ་༼གང་ཡང་༽མཐོང་མ་སོང་། ངས་བསམ་པར་གནས་ཚུལ་དེ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། དམིགས་བསལ་དུ་གྱོད་གཞི་དེ་ནི་ལོ་ངོ་བཅུ་གྲངས་འགའི་སྔ་རོལ་དུ་བྱུང་བ་ཞིག་ཡིན་སྟབས་༼ད་ལྟ་༽ང་རང་ལ་དོགས་པ་མང་པོ་སྐྱེ་ཡོང་གི་འདུག་ཅེས་བཤད་ཡོད་པ་རེད།

མཆན། གུག་རྟགས་ནང་གི་གསལ་བཤད་དེ་ཚོ་ངས་ཁ་གསབ་རྒྱག་པའི་ནང་དོན་ཡིན།


  གངས་དཀར་སེམས།
 

05.06.2010 10:49:11

ཨ་ཅག་གངས་ལྷ་ལགས ད་ང་ཚོ་དྲ་ཐོག་ཉུལ་མཁན་ཚོས་ཁོང་ལྟ་བུ་རླབས་ཆེན་གྱི་མི་སྣ་དག་བསྐྱབས་པའི་ཐབས་ལམ་འདྲ་ཅི་སྤྱས་རྒྱུ་་ཡོད་དམ།

 
 
06.06.2010 06:55:14

འདི་ཡི་སྐོར་ལ་ཆུ་བཞི་སྒང་དྲུག་ནས་བྱུས་གཏོགས་འདྲ་བྱེད་ཀྱིས་ཡོད་དམ

 
 
06.06.2010 11:54:40

ཨ་ཅག་ལགས་ནས་དུས་ཐོག་གནས་ཚུལ་ངོ་སྤྲོད་གནང་བ་བཀའ་དྲན་ཆེ་། ང་ཚོའི་ཁོང་གི་དངོས་ཡོད་གནས་སྟངས་རྒྱལ་སྤྱིའི་ནང་དྲ་ལམ་སོགས་སུ་གནས་ཚུལ་ཁྱབ་བསྒྲགས་གང་ཐུབ་གནང་ཐུབ་ན་དགེ་མཚན་ཡོད་པ་རེད་སྙམ།

 
 
07.06.2010 10:11:02

གསས་ཚུལ་གསར་པ་གསར་རྐྱང་སྤེལ་བར་སྙིང་ནས་དགའ་བསུ་ོད་

 
 
07.06.2010 10:26:39

གངས་ལྷ་ཁྱེད་ཀྱིས་གནས་ཚུལ་འདི་ཞིབ་ཕྲའི་ངང་སྤེལ་བར་དགའ་བསུ་ཡོད
ང་ཚོས་ནམ་ཡང་སྤྱི་ཚོགས་ཉུལ་ནས་
ང་ཚོས་ནམ་ཡང་རང་ས་ནས་འཚོལ་ཏེ་གླེང་དགོས་པའི་དུས་སྐབས་རེའང་འདུག་སྙམ

ཡུལ་ཕྱོགས་གང་གི་གནད་དོན་དང་
དེ་ལས་ཀྱང་གཞིས་ལུས་མི་མང་གི་དཀའ་སྡུག་དང་
སྡུག་གྱོང་རྣམས་ང་ཚོ་རང་ས་རང་རྒྱུས་ཆེ་བ་ལྟར་

ཅི་སྟེ་མེད་ན་ལས་གཞན་
ས་གནས་སོ་སོའི་སྨྱུག་ཐོག་པས་གླེང་དགོས་པ་དེ་ནི་རང་ཉིད་ཀྱི་ཕྲག་ཏུ་བབ་པའི་འོས་འགན་ཞིག་རེད་སྙམ
ཁ་དྲོ

ཁྱེད་ལ་ངའི་ཟིན་བྲིས་ནང་མཆན་ཞིག་ཕུལ་ཡོད་པས་དེར་ཁྱུག་ཙམ་ཕེབས་རོགས

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -