ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

28.05.2010 05:43:36
གངས་དཀར་སེམས།

༡། དགའ་རོགས། འཆང་ས་རྒྱག་འདོད་ཧ་ཅང་ཆེ་བའི་གཞོན་ནུ་ཞིག་གིས་ཁོའི་གྲོགས་པོར། ཁྱོད་ཀྱིས་བྱེད་ན་ད་ངས་གང་འདྲ་བྱ་དགོས་སམ། ངས་དགའ་རོགས་མ་ག་དུས་ནང་དུ་འཕྲིད་ཀྱང་ངའི་ཨ་མས་རྩ་བ་ནས་དགའ་པོ་གནང་གི་མི་འདུག༌༌༌༌༌༌༌༌༌༌ཅེས་བརྗོད་པས། ཁོའི་གྲོགས་པོས་བསམ་རྣོ་ཅུང་བཏང་རྗེས། དེ་ལས་སྟབས་བདེ་ཞིག་རེད། ཁྱོད་ཀྱིས་ཨ་མ་དང་འདྲ་བའི་དགའ་རོགས་གཅིག་འཚོལ་ཐུབ་ན་དེས་འགྲིག་པ་རེད་ཟེར། གཞོན་ནུ་དེས་ཁོའི་གྲོགས་པོའི་སྐད་ཆ་དེར། ཀྱེ་ཧུད། ཐབས་ཤེས་དེ་ངས་སྔོན་མ་ནས་བདེ་སྤྱོད་བཏང་ཚར་། ངས་ཨ་མ་དང་འདྲ་བའི་དགའ་རོགས་གཅིག་ནང་དུ་འཕྲིད་ནས་སོང་དུས། འོན་ཀྱང་དེ་འདྲ་བྱེད་དུས།༌༌༌༌༌༌༌༌༌༌༌༌༌༌༌༌༌ཡང་ངའི་ཨ་ཕས་དགའ་པོ་གནང་གི་མི་འདུག་ཟེར།


༢། ཁྱིམ་རྒྱུད་རྩད་གཅོག་པ།
Joegy ནི་དབྱིན་ཇིའི་ཤིང་བཟོའི་ཁྱིམ་ཞིག་ཏུ་སྐྱེས། ཁོ་རང་མཐོ་རིམ་སྤྱི་ཚོགས་ཀྱི་མི་རྣམས་དང་འགྲོག་འབྲེལ་བྱེད་དུས་སོ་སོའི་ཤིང་བཟོའི་ཁྱིམ་རྒྱུད་ཀྱི་འབྱུང་རྩ་སྦས་གསང་ནམ་ཡང་བྱེད་མྱོང་མེད། འོན་ཀྱང་སྐུ་དྲག་གི་བུ་རྒྱུད་ཚོས་ཁོའི་འཇོན་ཐང་ལ་ཧ་ཅང་སྡང་གཟུགས་ཆེ་བ་བྱེད་ཀྱི་ཡོད། ཉིན་གཅིག་སྐུ་དྲག་གི་བུ་གཅིག་གིས་མི་ཚོགས་མང་སའི་དཀྱིལ་ནས་Joegyལ་ཉམས་དམའ་བའི་ཁྱིམ་རྒྱུད་དེའི་ཐོག་ནས་ངོ་ཚ་གཅིག་སྤྲོད་དགོས་བསམ་པ་དང་། མི་མང་པོ་འདུ་ཚོགས་སར་ཁོས་སྐད་མགོ་མཐོན་པོའི་ངང་ནས། དགོངས་པ་མ་ཚོམས་རོགས།་་སྐུ་ཞབས་ Joegy་ལགས།་ཁྱེད་རང་གི་ཨ་ཕ་དེ་ཤིང་བཟོ་གཅིག་ཨེ་རེད་དམ། ཞེས་དྲིས།་་་Joegyཡིས་ཁྱེད་རང་གིས་གསུང་པར་ཧ་ཅང་བདེན་ནོ། ཞེས་ལན་བཏབ།

ཡང་སྐུ་དྲག་བུས། འོ་ན་ཤིང་བཟོ་ཨ་ཕ་དེས་ཁྱེད་རང་ཤིང་བཟོ་གཅིག་ཏུ་གསོ་སྐྱོང་མ་གནང་བ་གང་ཡིན་ནམ། ཞེས་དྲིས་པས།་Joegyའཛུམ་ མུལ་ཙམ་ཤོར་ཞིང། གུས་ཞབས་ཆེན་པོས་སྐུ་དྲག་གི་བུ་དེར། དགོངས་པ་མ་ཚོམས། འོ་ན་ཁྱེད་རང་གི་ཨ་ཕ་གཟེངས་མཐོའི་སྐུ་དྲག་གཅིག་ཡིན་ཤག་རེད། ཅེས་བརྗོད་པར། སྐུ་དྲག་བུས་དེ་ཡིན་དང་ཡིན་ཟེར་བཞིན་ཁེངས་དྲེགས་ཆེ་མདོག་བཏོན་པར། Joegyདལ་པོས་ངང་ནས་འོ་ན་སྐུ་དྲག་གི་ཨ་ཕ་དེས་ཁྱེད་རང་སྐུ་དྲག་གཅིག་ལ་གསོ་སྐྱོང་གནང་མ་ཐུབ་པའི་རྒྱུ་མཚན་ག་རེ་ཡིན་ནམ།་ཞེས་ལན་འདེབས་པར་སྐད།

༼འདིར་སྐུ་དྲག་ནི་སྐབས་བབས་སུ་ཕུལ་བྱུང་གི་མི་ལ་གོ་རོགས།༽

༣། གཞོན་པ་ཚོས་ཡིད་གཟབ་དགོས།
སྔོན་དུས་སུ་རིས་མོ་མཁས་ཅན་ཞིག་ཤིན་ཏུ་སེམས་སྐྱོ་བཞིན་གནས་ཡོད། གང་ཡིན་ཟེར་ན། ཁོས་མཛེས་རྩལ་རི་མོ་མང་པོ་བྲིས་ཚར་བ་ཡིན་ཡང་། ཕྱིར་ཚོང་བྱ་མ་ཐུབ་པ་ལུས་ཡོད་པར་བརྟེན། འཚོ་བ་ལའང་དཀའ་ཁག་ཤིན་ཏུ་ཆེན་པོ་འཕྲད་བཞིན་ཡོད།

ཉིན་གཅིག་ཁོས་ཇ་མིན་ནིའི་གྲགས་ཅན་གྱི་རིས་མོ་བ་མིན་ཚེ་ཨར་ཟེར་བར་བཅར་ནས་སྐུ་ཞབས་ལགས། ངས་ཁྱོན་ནས་ཧ་གོ་ཡི་མི་འདུག་ངས་རི་མོ་གཅིག་བྲིས་པར་ཉིན་གཅིག་ལས་འགོག་གི་མིད་ཀྱང། དེ་ཕྱིར་ཚོང་བྱེད་དུས་ལོ་གཅིག་ཏག་ཏག་འགོག་གི་འདུག་ཅེས་ཁོའི་སྡུག་བསྔལ་འཆད་ཡོད་པ་རེད།

རི་མོ་གྲགས་ཅན་མིན་ཚེ་ཨར་གྱིས་གཞོན་ནུ་དེའི་སྐད་ཆ་དེ་དག་ཐོས་རྗེས་ནན་ཏན་ཆེན་པོས།་གཞོན་ནུ། ངས་བསམ་ན་ཁྱོད་ཀྱི་བྱ་བྱེད་དེ་དག་ཕྱིར་ལྡོག་ནས་ཚོད་ལྟ་གཅིག་བྱོས་དང་། དཔེར་ན་ལོ་གཅིག་གི་དུས་ཚོད་བེད་སྤྱོད་དེ་རི་མོ་གཅིག་བྲིས་པ་ཡིན་ན། ཕལ་ཆེར་ཉིན་གཅིག་གིས་རི་མོ་དེ་ཚོང་ཐུབ་སྲིད་པ་རེད་ཅེས་གསུངས།

དེའི་རྒྱུ་མཚན་ནི། དུས་ཚོད་མང་ཆེར་ང་ཚོས་སོ་སོ་ངོས་སྦྱོར་གྱི་ལས་དོན་ལ་དོ་སྣང་ཆེན་པོ་བྱེད་པ་ལས། སོ་སོའི་རིན་ཐང་མཐོར་འདེག་བྱ་བར་རྣམ་གཡེང་ཤོར་གྱི་ཡོད་པས་ཡིན། གལ་ཏེ་སྒེར་སེམས་ཀྱི་སྤུས་ཚད་མཐོར་འདེགས་བྱུང་ཚེ། དེའི་ཚོད་ཀྱིས་སོ་སོ་ངོས་སྦྱོར་བྱ་བར་རྩ་བ་ཉིད་ནས་དོ་སྣང་ཆེན་པོ་བྱ་མི་དགོས་པའང་སྲིད་དོ་ཟེར་བའི་ནང་དོན་རེད།


  གངས་དཀར་སེམས།
 

རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -