ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

06.05.2010 05:11:34
བེ་རི་འཇིགས་མེད་དབང་རྒྱལ།

སེམས་པ་མ་སྐྱོ། ཚིག བེ་རི་འཇིགས་མེད། གདངས། གཞས་གཏོང་མཁན། ནོར་བུ། (བྷེ་ཇམ)།
ས་ཆེན་འཁྲུགས་པའི་ཡོ་ལངས་ཐེངས་གཅིག་གིས།།
ཤ་རུས་གཅིག་པའི་བོད་ལྗོངས་ཡུལ་ཤུལ་ཁུལ།།
གད་ཆག་ཚད་མེད་བྱས་པའི་སྐྱོ་གར་ལ།།
ལྷོད་མེད་སེམས་ཀྱིས་གདུང་སེམས་མཉམ་སྐྱེད་ཞུ།།


ཁྱོད་ཅག་བྱང་ཕྱོགས་གངས་ཅན་བོད་ན་གནས།།
ང་ཅག་ནུབ་གླིང་རྒྱལ་ཁམས་འདྲ་མིན་བསྡད།།
ལུས་ཀྱི་བར་མཚམས་རྒྱང་རིང་ཆོད་ན་ཡང་།།
སེམས་ཀྱི་འབྲེལ་ཐག་ནམ་ཡང་ཆོད་ནུས་མིན།།
མི་རིགས་གཅིག་པའི་ཤ་ཁྲག་འབྲེལ་བའི་བོད།།
སྡུག་ན་མིག་ཆུའི་ཐིགས་པ་མཉམ་དུ་བསྲེ།།
དགའ་ན་རྒོད་པའི་འཛུམ་ཀོང་མཉམ་དུ་བསྟན།།
སེམས་པ་མ་སྐྱོ་ཡུལ་ཤུལ་སྤུན་ཟླ་ཚོ།།
སྡུག་གི་ཁུར་པོ་ལས་ཀྱི་འབྲས་བུ་ཡིན།།
བཟོད་གསན་ནུས་པ་མེས་པོའི་སྲོལ་བཟང་ཡིན།།
བློ་དང་སྤོབས་པའི་སྙིང་སྟོབས་མ་ཉམས་པར།།
འབྱུང་འགྱུར་རྒྱལ་ཁར་སྒུག་ཅིག་སྤུན་ཟླ་ཚོ།།
༢༠༡༠།༥།༢།ཉིན་གངས་སྐྱིད་ནས།
  བྱེས་འབྱོར་བོད་ཀྱི་རྩོམ་རིག
 

06.05.2010 11:39:25

སྙན་རྒན་ལགས། སྙན་པ་ལགས། སྐུ་ཚེ་རིང་།

 
 
08.05.2010 05:01:17

གད་ཆག་མ་རེད། གོད་ཆག་མིན་འགྲོ། ཨ་རོགས་ཁམས་པ་ཚོས་ན་རོ་མེད་ས་ན་རོ་སྦྱར་ནས་ན་རོ་ཡོད་སར་ན་རོ་རྩ་བ་ནས་སྦྱར་ལེ་མ་རེད

 
 
10.05.2010 06:25:57

ཡུལ་ཤུལ་གོད་ཆག་གླེང་བའི་གཞས་ཚིག་ནང་།།
གོད་དང་གད་གཉིས་ནོར་བ་འཐོལ་ལོ་བཤགས།།

 
 
10.05.2010 06:23:08

སེ་བའི་ར་བས་སྐོར་བའི་གདན་ས་ན།།
བློ་དང་རིགས་པས་མཁས་རྒུ་དགའ་གྱུར་ཅིག།

 
 
12.05.2010 03:02:53

སྐྱི་རྒུ་མདོའི་གོད་ཆག་འོག་སྐྱོན་འདས་སུ་ཆས་བ་དག་ལ་སེམས་བསམ་བས་མཆོད་མེ་ཀོང་བུ་དང་སྦྲགས་་བསྔོ་སྨོན་གྲངས་མེད་ཞུའོ་

 
 
18.07.2010 07:33:52

ཨོ་རྒྱན།
ཡུལ་ཤུལ་ས་གཡོམ་ཏེབས་པར༎
མྱ་ངན་སྡུག་གླུ་ལེན་པ༎
སེམས་པ་སྐྱོ་བའི་སྣོན་མ༎
ཡ་ཆུང་སྡུག་གིས་གང་སོང་༎

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -