ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

06.05.2010 05:06:18
བེ་རི་འཇིགས་མེད་དབང་རྒྱལ།

ལྷ་བླ་མས་ཐུགས་རྗེས་གཟིགས་རོགས། ཚིག བེ་རི་འཇིགས་མེད།  གདངས། གཞས་གཏོང་མཁན། ནོར་བུ། (བྷེ་ཇམ)
གནམ་སྔོན་མོའི་འཇུ་ཆད་སོང་།།
ས་དོག་མོའི་རྟོད་ཕུར་བུད་སོང་།།
ངའི་ཤ་རུས་གཅིག་པའི་སྤུན་ཟླ།།
རྐྱེན་ཆགས་སྒོས་གནམ་ས་དབྲལ་སོང་།།


ལྷ་བླ་མས་ཐུགས་རྗེས་གཟིགས་དང་།།
མ་མཁའ་འགྲོས་འཕྲིན་ལས་གནང་རོགས།།
གནས་ཁང་ཁྱིམ་ཐམས་ཅད་བརྡིབས་ཐལ།།
མི་ཁྲི་ཕྲག་ཚེ་སྲོག་ཤོར་ཐལ།།
ཤུལ་ལྷག་ལུས་ཕལ་ཆེར་རྨས་ཐལ།།
རྐྱེན་ཆག་སྒོས་གནམ་ས་དབྲལ་ཐལ།།
ལྷ་བླ་མས་ཐུགས་རྗེས་གཟིགས་དང་།།
མ་མཁའ་འགྲོས་འཕྲིན་ལས་གནང་རོགས།།
སྤུན་ཕུ་ནུ་ཁ་བྲལ་འགྲོ་སོང་།།
སྡུག་མུན་པའི་ན་བུར་འཐིབས་སོང་།།
གཞིས་ཕ་ཡུལ་བོད་རིགས་སྤུན་ཟླ།།
རྐྱེན་ཆག་སྒོས་གནམ་ས་དབྲལ་སོང་།།
ལྷ་བླ་མས་ཐུགས་རྗེས་གཟིགས་དང་།།
མ་མཁའ་འགྲོས་འཕྲིན་ལས་གནང་རོགས།།
༢༠༡༠། ༥། ༢། ཉིན་གངས་སྐྱིད་རང་ཤག་ཏུ་བྲིས།

  བྱེས་འབྱོར་བོད་ཀྱི་རྩོམ་རིག
 

06.05.2010 11:40:34

སྙན་རྒན་ལགས། སྙན་པ་ལགས། ཁྱེད་དགུང་ལོ་བརྒྱ།

 
 
10.05.2010 07:17:35

དྲ་གྲོགས་དམ་པ་སྐུ་ཚེ་རིང་གྱུར་ཅིག།།
མཛད་པ་འཕྲིན་ལས་ནམ་ཡང་རྒྱས་གྱུར་ཅིག།

 
 
13.05.2010 01:13:52

བདཏག་ིས་ཁྱེད་་ལ་ཡིད་སྨོན་ཧ་ཅང་ཚུ

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -