ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

22.04.2010 01:03:50
གངས་དཀར་སེམས།

རྒྱ་ཡིག་དྲ་ལམ་ནས་ཚེས་20ཉིན་རྒྱ་ནག་གཞུང་ཕྱི་འབྲེལ་སྡེ་ཚན་གྱི་མགྲིན་ཚབ་པ་ཅང་ཡོས་ཀྱིས་རྒྱལ་བ་རིམ་པོ་ཆེས་ས་ཡོམ་གོད་ཆག་ཕོག་ཡུལ་འགྲོ་འདོད་ཀྱི་རེ་འདུན་བཏོན་པ་དེར་ལན་འདེབས་རེད་ཟེར་བ་ཞིག་སྤྱི་ཁྱབ་ཀྱིས་སྤེལ་ཡོད་པའི་ནང་རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་ཆོག་མིན་སྐོར་ཟུར་ཙམ་ཡང་གླེང་མི་འདུག


གཤམ་གསལ་ནི་རྒྱ་ནག་ཕྱི་འབྲེལ་མགྲིན་ཚབ་པའི་ལན་འདེབས་ཡིན་ཁུལ་གྱི་མ་ཡིག་རེད།
དེང་དུས་རྒྱ་ནག་གཞུང་དང་རྒྱལ་ཡོངས་མི་མང་གིས་ནུས་ཤུགས་ཡོད་རྒུས་ས་ཡོམ་གྱི་གོད་ཆག་མྱུར་སྐྱོར་བྱེད་ཀྱི་ཡོད། དེའི་ནང་ཕྱི་བསྡོད་བོད་རིགས་སྤུན་ཟླ་ཚུད་པའི་རྒྱ་ཁོངས་ཀྱི་མི་རྣམས་ནས་ཀྱང་གནོད་སྐྱོན་ཕོག་པའི་མི་མང་དང་སེམས་དང་སེམས་འབྲེལ་ཡོད་པ་རེད། ཁོང་ཚོས་ཐབས་ལམ་མི་འདྲ་བའི་སྒོ་ནས་མི་མང་རྣམས་ལ་ཐུགས་འཁུར་དང་འཚམ་འདྲི་གནང་ཡོད་པ་རེད། དེང་སྐབས་ས་ཡོམ་ཕོག་ཡུལ་དུ་རོགས་སྐྱོར་སྐོར་མི་ཤུགས་ཀྱིས་མདང་ངེས་ཡིན་ལ། རོགས་སྐྱོར་ཀྱི་མ་དངུལ་ཡང་རྒྱུད་མཐུད་ཀྱིས་ས་གནས་རང་དུ་འབྱོར་བཞིན་པ་རེད།

ཁུལ་རང་གི་མི་མང་རྣམས་ལ་སྨོན་བཅོས་དང་བཀོད་བསྒྲིག་གང་ལེགས་བྱུང་ཡོད་པ་དུས་མཚུངས་སུ། སྲིད་གཞུང་གིས་ས་ཁུལ་མི་མང་རྣམས་ཀྱི་ཆོས་ལུགས་ལ་དད་པ་དང་ཡུལ་སྲོལ་གོམས་གཤིས་བཅས་ལ་བརྩི་འཇོག་གང་བཟང་བྱས་པ་དང༌། མི་རྣམས་ལ་སེམས་གསོའི་ལས་དོན་ཀྱང་གོ་རིམ་ལྡན་པའི་ཐོག་ནས་སྤེལ་བཞིན་ཡོད་པ་རེད། ཆོས་ལུགས་ཁྱབ་ཁོངས་དང་འབྲེལ་ཡོད་ཀྱི་སྨོན་ལམ་དང་མཆོད་འབུལ་གྱི་བྱ་འགུལ་ཡང་རིམ་གྱིས་སྤེལ་བཞིན་ཡོད།

གོང་བསལ་གནས་དོན་སྐོར་གསར་འགོད་པས་དེང་ཡུ་ཤུལ་ས་ཁུལ་དུ་རོགས་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་ཡོད་མེད་དྲིས་པར། ཅང་ཡོས་ཀྱིས་ལན་དུ། དེང་བར་རྒྱལ་ཁབ་ཁག་150ལྷག་ཙམ་དང༌། རྒྱལ་སྤྱིའི་སྒྲིག་འཛུགས་དང་ས་ཁུལ་ཁག་གིས་རྒྱ་ནག་གཞུང་དང་མི་མང་ལ་འཚམས་འདྲི་སྤེལ་ཡོད་པ་དང༌། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཐུགས་འཁུར་དང་རོགས་སྐྱོར་ལ་ཐུགས་རྗེ་ཆེ་ཞུ་ཡི་ཡིན།

ད་དུང་རྒྱལ་ཁབ་ཁག་ཅིག་ནས་ས་ཡོམ་གྱི་གོད་ཆག་ཕོག་ཡུལ་དངུལ་གྱིས་རོགས་སྐྱོར་གཏོང་ཆོག་པའི་རེ་འདུན་བཏོན་ཡོད་པ་རེད། ང་ཚོས་ངོས་ནས་དེར་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ད་ལྟའི་ཆར་ངས་གནས་ཚུལ་ཤེས་རྟོགས་ལྟར་ན་། དེང་བར་ཇ་པན་དང་ཀོ་རི་ཡ། ཧྥན་རན་སི་དང་ཨ་རི། ནོའོ་ཝེ་བཅས་ཀྱིས་འབྲེལ་ཡོད་རྒྱུད་ལམ་ཐོག་ནས་ང་ཚོར་བསྡོམས་འབོར་ཨ་སྒོར་ཁྲི་320གྱི་རོགས་དངུལ་འབྱོར་ཡོད་པ་རེད།
མ་རྩོམ་ཡོང་ཁུངས་ཀྱི་དྲ་བའི་ཁ་བྱང༌། http://www.epochtimes.com/gb/10/4/20/n2883332.htm


  གངས་དཀར་སེམས།
 

22.04.2010 03:13:27

དྲ་གྲོགས་རྣམས་ལ་ཞུ་རྒྱུ། རྒྱ་ནག་ཕྱི་འབྲེལ་མགྲིན་ཚབ་པས་ལན་འདེབས་འདིར་ཟིན་བྲིས་པས་བགྲོ་གླེང་སྣ་ཚོགས་བྱས་པའི་ནང་གཅིག་གིས། ད་ག་རེ་རེད། ཆོ་མེད་ཀྱི་སྐད་ཆ་མང་དག་སྤེལ་ནས་ཁོས་ཏ་ལའི་བླ་མ་བོད་དུ་ཕེབས་ཆོག་རེད་ཟེར་གྱི་ཡོད་དམ་། ཡང་ན་ཕེབས་ཆོག་གི་མ་རེད་ཟེར་གྱི་ཡོད། ཅེས་དང༌། ཡང༌གཞན་ཞིག་གིས། ཁྱད་མཚར་ལ། ཅང་ཡོས་ཀྱིས་ཏ་ལའི་བླ་མའི་མིང་ཙམ་ཡང་བཏོན་མི་འདུག དེ་འདྲ་གཡོལ་ཐབས་བྱེད་པ་ནི་དགོད་བྲོ་བ་འདྲ་རེད། ཅེས་སོགས་སྤེལ་འདུག་གོ

 
 
28.04.2010 08:34:00

ཨ་ཅེ་གངས་ལྷ་མེ་ཏོག།
བརྗིད་ཆགས་གངས་རིའི་འདབས་ནས།།
སྤུར་རྒྱལ་གངས་ཅན་པ་ལ།།
ལྷག་བསམ་གངས་དཀར་ལྷུན་པོ།།

གངས་རིའི་ལ་རྒྱ་རྩོད་ནས།།
གངས་རིའི་རྒྱབ་ཏུ་ལྷུང་སོང་།།
གངས་རིའི་ཞབས་རྗེས་སྙེགས་ཏེ།།
གངས་རིའི་སྐྱིད་སྡུག་གླེང་སོང་།།
འདི་གངས་ལྷར་ཁ་དྲོ་བའི་དར་ཐག་ཤིག་ལས་གཞན་ཅང་མིན།
ངས་མཐོང་ཚོད་ལྟར་ན། རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་ཆོག་མིན་སྐོར་ཟུར་ཙམ་གླེང་མེད་པའང་ལན་ཞིག་ཡིན་པ་མ་ཟད། ཡིག་ཆ་དེའི་ནང་རྒྱུན་ལྡན་མ་ཡིན་པའི་གནས་ཚུལ་ཏེ། ཞི་འཇམ་ཀྱི་རང་བཞིན་ལྡན་ཡོད་པ་དང་། རྒྱུན་དུ་ཆོས་ལ་སྡང་ཟུག་བྱེད་མཁན་གྱི་མགྲིན་ཚབ་པས་སྨོན་ལམ་དང་མཆོད་འབུལ་གྱི་བྱ་འགུལ་ཡང་རིམ་གྱིས་སྤེལ་བཞིན་ཡོད། ཟེར་བ་དང་། ཉེ་ཆར་རྒྱ་ནག་སྲིད་གྲོས་ཀྱི་ཚོགས་གཙོས་ཀྱང་། གྲྭ་བཙུན། ཇོ་མོ་བཅས་ཀྱིས་འདས་པོ་རྣམས་ལ་སྨོན་ལམ་གསུང་པའི་བྱ་འགུལ་སྤེལ་བར་ཁྲིད་སྟོད་བྱེད་དགོས། ཞེས་ཀྱང་བཤད་ཡོད། ད་རེས་རྒྱ་ནག་གིས་རྒྱུན་ལྡན་མ་ཡིན་པའི་རྣམ་འགྱུར་སྤེལ་ཅི་ཐུབ་བྱེད་པ་དེའང་ལན་ཞིག་རེད། རྒྱབ་ལྗོངས་ལ་ཅི་ཞིག་ཡོད་ཀྱང་ཞི་མོལ་གྱི་འབྲེལ་མོལ་རྒྱུན་འཁྱོངས་བྱེད་མཁན་གྱི་མི་སྣས་ད་ཐེངས་གོ་སྐབས་དེ་ངེས་པར་འཛིན་དགོས་ཀྱི་ཡོད་པ་རེད། བཤད་འདོད་མཁན་ཞིག་ཡིན་ཚེ། བྱས་ན་བྱས་སོང་ཟེར་བ་དང་། མ་བྱས་ན་བྱས་མ་སོང་། ཞེས་བདེན་པར་གཞི་བཅོལ་དགོས་པ་དེ་གནད་ཀྱི་དོན་པོ་ཡིན། རྒྱ་ནག་གཞུང་འབྲེལ་གྱིས་མྱ་ངན་བྱས་པའང་ཚོར་སྣང་ཞིག་ཡོད་དགོས་ཀྱི་རེད། སྐད་ཆ་འདི་ཚོ་མི་རིགས་རིང་ལུགས་འཛིན་སྲུང་སྤེལ་གསུམ་བྱེད་མཁན་ལ་ཡིད་མི་བཟོད་པའི་མི་ཞིག་གི་ཁ་བརྡ་ཡིན། མི་སུ་ཡིན་ནའང་ལས་ཀ་བྱས་ཚར་བའི་རྗེས་སུ་རྒྱབ་ལྗོངས་ལ་རྣམ་རྟོག་གིས་འགྲེལ་བཤད་རྒྱག་པར་དཀའ་ལས་ཁག་པོ་མ་རེད་ལ། རྒྱག་མཁན་ཡང་མང་པོ་ཡོད། སྤྱིར་བཏང་གནས་ཚུལ་ཁ་ཤས་བཤད་ནས་ཕན་ཐོགས་མེད་པའང་མང་པོ་ཡོང་གི་རེད། གང་ལྟར་འགྲེལ་བཤད་དང་རྣམ་རྟོག་བསླངས་པ་ལས་ཁ་རོགས་བསྡད་ན་དགའ། རྒྱ་དོགས་པས་ཕོངས། ཟེར་གྱིན་ཟེར་གྱིན་ལ་འདི་ཕྱོགས་ནས་རྣམ་རྟོག་ཡོད་ཚད་མ་བསླངས་ན་ཡག་པོ་མ་རེད་བསམ་གྱི་ཡོད། དངོས་གནས་བྱས་ན་ད་ལྟ་འཛམ་བུ་གླིང་གི་མི་ཚང་མས་བལྟས་ནས་ཡོད་པའི་སྐབས་འདིར། ཡིག་ཆ་ཞིག་སྒུགས་མ་བསྡད་པར་དོན་གྱི་བདག་པོ་རང་ཉིད་ཐད་ཀར་ཕེབས་བཞག་ན། ཡག་ཉེས་གང་ཡིན་རུང་གནས་ཚུལ་ཞིག་ཆགས་འགྲོ་ཡི་རེད། དེའི་དམིགས་ཡུལ་ནི་གནས་ཚུལ་ཆགས་པའི་ཆེད་ཁོ་ན་མིན། གཅིག་བྱས་ན་གོ་སྐབས་སྒུགས་ངེས་ཤིག་ཡོད་སྲིད་ཀྱི་རེད། འདིའི་གོ་སྐབས་ཞེས་པར་གོ་བ་ལོག་པ་མ་རྒྱག་རོགས་གནོངས། ངས་བལྟས་ན་ཆུའི་ཁར་སླེབས་ཚར་དུས་ཐད་ཀར་ཆུ་བརྒལ་ན་ཡག་གི་རེད་བསམ་གྱི་ཡོད།

 
 
22.04.2010 05:29:47

ཁྱེད་ཀྱིས་ཁ་མིག་གློག་ཀླད་ཀྱི་ངོས་ལ་བགྲད་ནས་ཉུལ་བཞིན་པར་ཐུགས་རྗེ་ཆེ། དེ་ནི་ང་ཚོ་བོད་མི་ཞིག་ཡིན་པའི་རིན་པ་ཞིག་ཡིན་པ་བརྗོད་ཀྱང་ཆོག་པ་རེད།

གངས་ལྷ། ཁྱེད་ཀྱིས་ཚོད་དཔག་ཅིག་བྱོས་དང་།

འདི་ནི་ཁྱོད་ཀྱིས་རྒྱ་ཡིག་ཤེས་ནས་དེའི་དྲྭ་ཚིགས་ཁག་ཏུ་སྐོར་གཡེང་གནང་བཞིན་པ་དེས་ཡིན་ཡང་སྲིད།

༡༽ ད་སྐབས་རྒྱ་གཞུང་གིས་ཅི་ཞིག་གི་བང་བསྒྲིགས་ནས་ཁམས་སྒྱེ་དགུ་མདོའི་མི་མང་ལ་ཏྭ་ལའི་བླ་་མའི་སྐོར་གྱི་ལན་འདེབས་སྲིད་པ་རེད།

༢༽ ཁོང་ཚོའི་འདོད་འདུན་དེ་ད་ལྟའི་སྐབས་གཏན་ནས་མི་སྲིད་པ་ཞིག་རེད་དམ།

༣༽ ཅི་སྟེ་གོ་སྐབས་འདི་འདྲ་ཞིག་བྱུང་ན་ཁོང་ཚོས་དགོས་འདུན་ནམ་ཆ་རྐྱེན་གང་ཞིག་འདོན་སྲིད་པ་རེད།

 
 
22.04.2010 06:13:37

སྤུན་ཟླ་རྒྱལ་མཚན་ལགས། ཁྱེད་ཀྱི་དྲི་བ་ཁགསུམ་ལ་ལན་འདེབས་སྟབས་བདེ་རེ་བྱེད་ཀྱི་ཡིན། འོན་ཀྱང་དེ་ནི་ངའི་སྒེར་གྱི་ཚོད་དཔག་ཁོ་ན་ཡིན་པར་དགོངས་འཇག་མཛོད།

1ལན་དུ། དེ་སྔོན་གྱི་བཤད་གླེང་དག་གི་རྨང་གཞིའི་ཐོག་ཅུང་གུ་ཡངས་ཀྱི་རྣམ་པ་བཏོན་ངེས་ཀྱང་དེ་ནི་ཁོ་ཚོར་ཁེ་སང་སྤུ་ཙམ་མེད་པའི་བྱ་བ་ཞིག་རྒྱ་ནགཞུང་གིས་ནམ་ཡང་བྱ་མི་སྲིད། ཕྱོགས་མང་གི་གནས་སྟངས་ལ་བརྟེན་ནས་བོད་དམངས་ལ་དངོས་སུ་ལན་འདེབས་དགོས་མཁོ་ཡོད་ཀྱང༌། དེ་ནི་རང་རིགས་ལ་ཁེ་ཕན་སྦྱིན་པའི་ཆེད་དུ་མིན་པ་རྒྱ་གཞུང་གི་དོན་དག་བསྒྲུབ་རྒྱུ་གཙོ་བཟུང་བྱ་སྲིད་པ་རེད་། འོན་ཀྱང་༸གོང་ས་མཆོག་བོད་དུ་ཕེབས་པ་ཙམ་གྱིས་མི་སེམས་ལ་འགུལ་ཤུགས་ཆེན་པོ་སླེབས་ཐུབ་པའི་རྩ་བའི་རྒྱལ་ཁ་གཅིག་ཀྱང་ཡིན་སྲིད།

2།ལན་དུ། གཏན་ནས་མི་སྲིད་པ་མིན། གང་ཡིན་ཟེར་ན་ད་དུང་ཡང་རྒྱ་གཞུང་གིས་མིག་སྣང་མཛེས་པོའི་ཐོག་ནས་༸རྒྱལ་བ་རིན་པོ་ཆེ་བོད་དུ་འདྲེན་ཐུབ་ན། ཁོ་ཚོའི་ཕྱོགས་ནས་༸་རྒྱལ་པཎ་གཉིས་ཀྱི་མ་འོངས་ཡང་སྲིད་སྐོར་ལ་ནུས་ལྡན་གྱིས་ཚོད་འཛིན་བྱ་ཐུབ་ལ། དེ་རྗེས་བོད་བརྒྱུད་ནང་བསྟན་གྱི་གཙོ་བླ་གཉིས་ཀྱི་མཚན་ཐོག་ནས་རྒྱལ་སྤྱིའི་མིག་ངོར་ཟློས་གར་གང་ཡང་འཁྲབ་ཆོག་པས་ཡིན། དེར་བརྟེན། བླ་མ་ཁོང་བོད་དུ་གདན་འདྲེན་ཞུ་སྲིད་ཀྱང་རང་རིགས་ལ་དོན་དམ་གྱི་ཁེ་གྱོང་གི་ཐད་ནས་ཧ་ཅང་བརྗོད་དཀའ་མོ་རེད།

3། དེ་འདྲ་བྱུང་ན། དེ་སྔོན་གྱི་ཁེས་ལེན་དགོས་པའི་དོན་དག་སྟེ། ཐེ་ཝན་རྒྱ་ཁོངས་ཀྱི་ཆ་ཤས་དང་བོད་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཀྱི་བསྒྲགས་ཡིག་སྤེལ་རྒྱུ། དེ་མིན་ཡང་མངོན་གསལ་དོད་མིན་གྱི་ཐབས་ལམ་ཐོག་ཤར་གླིང་གི་དོན་དག་དང་འབྲེལ་ནས་༸རྒྱལ་བ་རིན་པོ་ཆེ་བེད་སྤྱོད་གཏོང་ས་སྣ་མང་ཡོད་པའི་ཕྱོགས་ནས་ཀྱང་སྤྱི་བསྒྲགས་བྱ་སྲིད་པ་རེད།

 
 
23.04.2010 04:04:20

གངས་ལྷ་མོ་ལགས་ཀྱིས་ལན་ཡག་མོ་འདེབས་འདུག མ་གཞི་དེང་སང་འཆམ་ར་སྨྱོན་ཚར་པས་ཁྱེད་ཀྱིས་ཅི་འདྲ་བཤད་ན་ཡང་ཁོ་ལ་ར་འཕྲོད་ལེ་མ་རེད།

 
 
24.04.2010 00:42:44

ཨ་ཕོ་འཕྲིན་ལས་ལགས། འཆམ་ར་སྨྱོ་ཚར་འདུག་ཨེ། དེ་འདྲ་ཡིན་ནམ། ཡིན་ཡང་རྒྱུ་འབྲས་གོ་ལྡོག་པའི་སྐྱུག་བྲོ་བའི་འཇིག་རྟེན་འདིར་ཤི་མིན་རོ་མིན་ལྟར་བསྡད་པ་ལས་སྨྱོ་ན་ཡག་ཤོས་རེད། དེང་སང་ཡང་ལྗིད་ཏིག་ཏིག་སྡུག་བསྔལ་གྱི་འཁུར་པོ་འཕར་མ་འདི་འདྲ་འཁྱེར་ནས་གསོན་པ་ལས་ང་ཡང་སྨྱོ་རོགས་བྱ་ན་བསམ་གྱི་འདུག ། འོན་ཀྱང་སྨྱོན་པ་སྨྱོ་དགོས་སྨྱོ་ནད་སངས་དགོས་ཟེར་ལེ་མ་རེད་པས། གེ་ཡོད་མ་རེད། ལོ།

 
 
29.04.2010 23:13:14

ཨ་ཅག་གངས་ལྷ། ཁྱེད་ཀྱིས་ཁྱེར་བའི་ལྗིད་ཏིག་ཏིག་དེ་ཡག་ཉེས་གང་ཡིན་མི་ཤེས་མོད། གཅིག་བྱས་ན་ཆེད་དུ་མགྲོན་ལ་བོས་པ་ཞིག་ཀྱང་ཡིན་སྲིད། སྨྱོན་པ་ཡིན་ན་སྨྱོན་པ་ཡིན་ཡིན་པ་ཡིན་དུས། སྨྱོ་དགོས་ཞེས་ལོག་སྨོན་བྱས་ནས་ཅི་བྱ། ཨ་ཅེ་ཁྱོད་ནི་ངན་པ་ལ་གང་དྲག མ་འོངས་པ་ལ་འདི་འདྲའི་སྐྱ་སང་པོ་མ་གནང་རོགས་གནོངས།

 
 
24.04.2010 02:57:34

ཨ་ཅག་གངས་ལྷ། བྱ་བ་གང་ཞིག་གི་ཆེད་དུ་སྨྱོན་པ་དང་རང་སྲོག་བཅད་པ་དག་ནི་རང་ཉིད་ཀྱི་ཀླད་པའི་འཁོར་བསྐྱོད་བྱ་སའི་ཁུར་ཡག་དོགས་དྲགས་པའི་དབང་གིས་རེད།ཅི་སྟེ་སྤྱི་ཚོགས་ལ་ཕྱོགས་པའི་སེམས་བསྐྱེད་རྣལ་མ་ཞིགག་ཡོད་ན་ཡོད་ཚད་ལ་གདོང་གཏད་ཅིང་གདོང་ལེན་བྱས་ནས་གོམ་པ་གང་རེ་མདུན་དུ་བསྐྱོད་པ་རེད་སྙམ། འོན་ཀྱང་དེང་སང་གང་ཞིག་སླད་དུ་ཤི་བ་དང་སྨྱོན་པ་སོགས་སྒྱུ་རྩལ་ལྟ་བུ་གཙི་པ་ནི་ཚེ་སྲོལ་རླབས་ཆེན་ཡིན་མ་གོ་བའི་གནོངས་པ་རེད་བསམ།

 
 
24.04.2010 06:13:42

ཧ་ཧ་
མི་འདི་ཚོས་ཡང་ལྐོག་བཤད་ཀྱི་ནམ་ཟླ་བསུས་བྱུང་།

ང་འཆམ་ར་མྱོས་ནས་ཤི་གྲབས་ཡོད།།
ས་ནག་གིས་སེམས་ཁམས་གཏིང་ནས་དཀྲུགས།།
མདོ་མེད་ཀྱིས་རུས་པ་གཏིང་ནས་མནར།།
བག་མེད་ཀྱིས་མིག་གི་བུ་ཆུང་གཟེར།།
ང་འཆམ་ར་མྱོས་སྟངས་དེ་འདྲ་རེད།།

ཧཧཧ།

བག་མེད་ཀྱི་སྒང་ནས་ཟུར་ལ་བབ་སྟེ། ས་ཁོད་ཅིག་ལ་འདུག་ནས་གླེང་མོལ་ཅུང་བྱས་ན།

གུང་གཞུང་གིས་ད་ལྟའི་ས་ཡོམ་གྱི་དོན་རྐྱེན་ཁྲོད་བླ་ན་མེད་པའི་བལྟ་རྟོག་གང་གཟབ་བྱས་སོང་དྲན། ཡིན་ནའང་མདའ་གཅིག་གིས་བྱེའུ་གཉིས་བསད་པའི་བྱེད་ཐབས་ཤིག་ཡིན་མིན་ཐད་དོགས་པ་གཏན་ནས་མི་དགོས་པ་ཞིག་རེད།
ཡིན་ནའང་དེ་ལ་ཧང་སངས་ནས་ངན་སྨོད་བྱེད་མི་འོས་པ་ཞིག་ཡིན། གང་ཞེ་ན། ང་ཚོ་ལྟར་རང་ལས་གཞན་གཅེས་ཟེར་ནས་འདུག་མཁན་མིན་པ་དང་། གོ་ལའི་ཡང་སྟེང་ན་སྲོད་འབྱོར་རིག་གསུམ་གྱིས་ཚད་མཐོའི་གདན་ཐོབ་ཟིན་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པས་རེད།

ཡིན་ནའང་ད་ལྟའི་བོད་ནང་གི་བོད་མི་ཚོས་རོགས་སྐྱོར་གྱི་ཕྱི་ཚུལ་རྣམ་པ་དེས་ཡིད་མ་ཚིམ་པ་དགོས་འདུན་བཏོན་ཟིན་པ་དེར་ཤུགས་སྣོན་རྒྱུན་འཁྱོང་གནང་དགོས་དྲན།
སྤྱི་སྟངས་གསར་འཕྲིན་དག་ནས་མཐོང་གསལ་ལྟར།
ཁམས་པ་གླེན་རྒན་གྱི་སེམས་ཁམས་བསླུ་ཁྲིད་ཐུབ་ཀྱིན་མེད་པ་
བྱིས་པ་ལོ་བརྒྱད་ནས་བཟུང་ལ་རྒྱ་ཅན་གྱི་སྐད་ཆ་དང་།
མི་རིགས་ཤིག་གི་ཞེན་ཁོག་འཐུག་པོས་ཁེངས་ཡོད་པ་བསྟན་ཀྱིན་འདུག་ལ། མ་ཟད་༼ང་ཚོའི་སེམས་ནང་གི་རེ་བ་དང་། ད་ལྟའི་སྐྱོ་སེམས་འདི་དངས་ཐབས་ཉག་གཅིག་དེ་ཏཱ་ལའི་བླ་མ་ས་གནས་ས་ཐོག་གདན་འདྲེན་རྒྱུ་དེ་ཡིན༽
ཟེར་བ་འདིས་ཚོས་རྟོགས་ཐུབ།

དེ་འདྲའི་དགོས་འདུན་དག་འགྲུབ་ཆེད་ང་ཚཽ་ཕྱོ་ལོག་ན་འཁྱར་བ་དག་གིས་གང་གི་ཐད་ནས་རམ་འདེགས་བྱེད་ཐུབ་པ་འདུག་དཔྱད་ནས་
ཕྱར་གྲུ་མཉམ་འདེད་དང་།
གོ་སྐབས་དམ་འཛིན་གནང་དགོས་སྙམ།



 
 
30.04.2010 03:08:37

ཆ་ར་སྨྱོ་བ་མ་ཡིན་ཀྱང་ཕལ་ཆེར་སྨྱོ་ནད་ལས་གཞན་པའི་ནད་ཞིག་གིས་ཟིན་པ་མིན་ནམ་སྙམ།
རྒྱུ་རྐྱེན་གང་ཤེས་ངེད་སང་ཁོང་བདེ་པོ་མིན་པ་དངོས་གནས་རེད།
ནང་ནས་ཕྱི་རོལ་དུ་ཐོན་པ་ཡང་ཉུང་ཉུང་རེད།
ཕན་ནུས་སྨན་གྱི་ཡང་གསོ་ཐབས་བྲལ།
ཨ་གང་ཤེས་ ཧཧཧཧཧཧཧཧཧཧཧཧཧཧཧཧ

 
 
01.05.2010 10:29:35

སྨྱོ་སྨྱོ་སྨྱོ་་་་་ག་རེ་སྨྱོ་་་་་་་་་་་་་་་འགོ་ནས་འཇུག་བར་་་་སྨྱོ་སྨྱོ་སྨྱོ་་་་་་་་་་་་་ག་རེ་ཟེར་་་་་་་ཆོ་མེད་རྒྱུ་་་་་་་་་་་

 
 
23.05.2010 03:06:46

ཁྱོད་འཆམ་ར་སྨྱོ་ན་སྨྱོ་གར་འཁྲོབས་

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -