ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

26.02.2010 10:27:51
བེ་རི་འཇིགས་མེད་དབང་རྒྱལ།

ཕ་ར་ལ་རྩེད་མོ་བྱས་ནས་བྲིས་པ།
བེ་རི།

ཀ་རེ་ཀོ་རེ་བྱས་ནས་མ་བཞུགས་པར།།
ཁ་རུ་ཁ་ཐུག་བྱས་ནས་སོག་ཡུལ་ཕེབས།།
ག་ཡིན་འདི་ཡིན་མེད་པའི་མཛད་པ་སྐྱོང༌།།
ང་ཡི་གྲོགས་པོ་གྲགས་པ་རྒྱལ་མཚན་ལགས།།

རྨོག་རུ།
ཅ་ཅོ་གཏམ་དང་བརྩེ་བའི་འཛུམ་གྱིས་ཕྱུག།
ཆ་ལུགས་ཆོས་གོས་རྣམ་གསུམ་རྒྱུན་དུ་བཞེས།།
ཇ་ཟས་རྒྱ་མཚོ་ལྟ་བུའི་སྡེར་ཁ་ན།།
ཉ་རྒྱས་མདངས་འཛིན་གྲགས་པ་རྒྱལ་མཚན་ལགས།།
བེ་རི།
ཏཱ་ལའི་བླ་མའི་བཀའ་སློབ་སེམས་ལ་ཉར།།
ཐ་གྲུ་སོག་པོའི་ཡུལ་དུ་སྨན་ཁང་བཙུགས།།
ད་དུང་དམག་ཟོར་རྒྱལ་མོའི་གནས་སྒོ་ཕྱེས།།
ན་རའི་མཆོག་གྱུར་གྲགས་པ་རྒྱལ་མཚན་ལགས།།
རྨོག་རུ།
པ་སངས་ལྷག་བསམ་རྒྱ་མཚོ་གཡོ་བ་ཡིས།།
ཕ་རོལ་ས་ཆེན་བརྒལ་བའི་གོམ་སྟབས་ཀྱིས།།
བ་ལང་ལྟ་བུའི་ཆོས་སུ་རྨོངས་པ་ཡི།།
མ་རྒན་མགོན་པོ་གྲགས་པ་རྒྱལ་མཚན་ལགས།།
བེ་རི།
ཙ་གི་ཙི་གེ་སྨན་རིགས་འདྲ་མིན་ཉོ།།
ཚ་གི་ཚི་གེ་རྩ་རྟགས་ཆུ་རྟགས་ལྟ།།
ཛ་རེ་ཛོ་རེ་སྨན་ཤོག་འདྲ་ཡང་འབྲི།།
ཝ་མ་ཝོ་ལོ་གྲགས་པ་རྒྱལ་མཚན་ལགས།།
རྨོག་རུ།
ཞྭ་སེར་གོན་ནས་ཆོས་ཁྲི་སྟེང་ལ་བཞུགས།།
ཟ་མ་མཆོད་དུས་ཐབ་ཚང་ནང་དུ་ཕེབས།།
འ་རེ་འུ་རེ་ར་སྐད་ཐོགས་མེད་སྨྲ།།
ཡ་མེད་ཐུ་རི་གྲགས་པ་རྒྱལ་མཚན་ལགས།།
བེ་རི།
ར་ཤི་ཡ་ལ་མཛད་པ་འཕྲིན་ལས་རྒྱས།།
ལ་ལས་རྒྱབ་ནས་གྱོད་དང་ཁ་མཆུ་འཛུགས།།
ཤ་ཟོན་སོག་རིགས་འདུལ་བའི་ཆོ་ག་མཁན།།
ས་མཐའི་ལྷ་རྗེ་གྲགས་པ་རྒྱལ་མཚན་ལགས།།
བེ་རི།
ཧ་རེ་ཧོ་རེ་ག་ས་ག་ལ་ཕེབས།།
ཨ་ཕ་ཨ་མའི་འཁོར་ཚོགས་ཤིན་ཏུ་རྒྱས།།
ཧ་ལོན་ཧེ་འཐོམ་དགོས་པའི་འཕྲིན་ལས་ཅན།།
ཨ མའི་བུ་རྒོད་གྲགས་པ་རྒྱལ་མཚན་ལགས།། སྤྱི་ལོ་ ༢༠༡༠ ཟླ་བ ༡ ཚེས ༢༦ མཚན་མོར་སྤྱི་འཐུས་ལས་ཤག་ཏུ་བེ་རི་དང་རྨོག་རུ་གཉིས་ཀྱིས་ཕ་རས་ཁ་པར་སླེབས་ དུས་རྩེད་མཚན་བྱས་ནས་ཐོལ་བྱུང་དུ་བྲིས།

  
 

26.02.2010 12:11:39

རྒན་ལགས། རྨོངས་རུ་དང་ལྷན་དུ་སྡོད་མི་རུང་། གཏམ་དཔེ་ལ་་་ལྷ་དང་འགྲོགས་ན་ལྷ་དང་། འདྲེ་དང་འགྲོགས་ན་འདྲེ་ཟེར་སྲོལ་ཡོད། རྒྱུ་མཚན་བཤད་མི་དགོས་པར་ལྷོ་ཕྱོགས་སུ་ཡོངས་གྲགས་རེད།

 
 
27.02.2010 05:00:49

ཁྱི་སྤྱང་ལག་སྦྲེལ་བྱས་ནས་བོད་ཀྱི་གཏན་ལྷིང་གནོད་པའི་བྱ་ན་རྩོམ་ལ་ཉེ་བས་དོག་ཟོན་གྱིས། བོད་མི་རྣམས།

 
 
27.02.2010 05:30:07

རྨོག་རུ་ལགས བེ་རི་ཡི་ཁ་ལ་མ་ལྟ་། ད་ཁྱོད་ཀྱི་མགོན་བསྐྱབས་ཕ་ར་གཅིག་པུ་མ་གཏོགས་མེད། གལ་ཏེ་ཕ་ར་ཤོར་ན་དེ་ནི་ཁྱོད་ཉ་བྱེ་མ་སྟེང་ན་ལྷུང་པ་དང་གཅིག་པ་ཆགས་འོང་ང་།

 
 
27.02.2010 05:38:28

ཝེ་་་་་་་་་་་་་་་་ཁྱེད་ཚོ་ང་ཡི་སྙིང་སྡུག་ལ་ཁ་རྡུང་མ་བཏང་ཨ ཁོ་མདོག་ངན་ན་ཡང་འཇོན་པོ་ཡོག་རེད་ད་་་ ད་བླ་རྒན་ཞིག་མགོ་སྐོར་བཞིན་པ་རེད ཨོོ ད་དུ་ང་ཕོ་ཉ་ཟེར་པའི་གསར་ཤོག
ཨ་མའི་ཤ་ ངས་བཤད་ནོར་ཐལ

 
 
27.02.2010 05:42:33

འོ་་་་་་་་་་་་་་ད་ཡིན་ན་ཨ་མདོ་དང་ཁམས་པའི་སྐབས་འཚོལ་བ་འདྲ་འདྲ་གཉིས་སླེབས་འདུག ག

 
 
27.02.2010 07:36:54

རྣམ་པ་གཉིས་ཀྱིཁར་ཁུ་ལྟ་བུ་ཡི་རྩོམ་ཡིག་དེར་གུས་རོལ་མྱོང་བྱས་ཟིན

 
 
03.05.2010 02:10:09

ཀ་རྩོམ་འབྲི་དུས་གྲྭ་རྒན་ལག་མཁས་པོ།།
ཁ་ནས་གཏམ་བཤད་བྱེད་དུས་ཁ་བདེ་བོ།།
ག་ས་གང་དུ་བྱས་རྗེས་བཞག་མཁས་པོ །།
ང་ནི་དགེ་བཤེས་ཁྱེད་ལ་སེམས་པ་ཤོར།།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -