ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

21.09.2020 19:26:36
གངས་དཀར་སེམས།

images/stories/tiancheng8.jpg
བུད་མེད་ཀྱི་སྐད་སྒྲ་དེ་སྐྱེས་པའི་འཇིག་རྟེན་དུ་ཡལ་བཞིན་ཡོད།

The female's voice is drowned in the man's world

女性的聲音淹沒在男人的世界

 

( གངས་དཀར་སེམས་ཀྱིས་བསྒྱུར། )

ཚོང་ལས་དང་ལས་གནས་གཞན་ལའང་ཡོད་པའི་བུད་མེད་ཚོར་མཚོན་ན། ཉིན་དེར་བྱུང་བའི་གནས་ཚུལ་དེ་གསར་པ་ཞིག་མིན། གཟའ་མིག་དམར་ཉིན་མི་མང་རུབ་འདུས་བྱས་པའི་གནས་སྟངས་བསྟུད་མར་ཐེངས་གཉིས་བྱུང་ཞིང་། ཨུའུ་བྷེར་ Uber ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཞིག་གིས་བུད་མེད་ལ་སྐད་ཆ་མང་ཞེས་ཟུར་ཟ་བྱས། ད་དུང་ཁཱ་ལི་ཧྥོ་ཉི་ཡ་ Californiaགྲོང་བརྡལ་དམངས་གཙོ་ཆབ་སྲིད་ཚོགས་པའི་སྤྱི་འཐུས་ཁཱ་མ་ལ་ཧ་རི་ཟིས་ Kamala Harris བདུན་གཅིག་ནང་གཏམ་བཤད་བྱེད་སྐབས་སྐྱེས་པའི་ལས་རོགས་ཀྱིས་མོའི་སྐད་ཆ་ཐེངས་གཉིས་ཙམ་མཚམས་བཅད་པའི་སྐོར་བཅས་ཀྱི་ཐད་མྱོང་ཚོར་གཅིག་མཚུངས་ཅན་ཧ་ཅང་མང་པོས་དེའི་སྐོར་གླེང་སློང་བྱས་ཤིང་། དེ་རྒྱུན་གཏན་བཞིན་སྤྱི་ཚོགས་དྲ་ལམ་ཐོག་ཚང་མའི་ཁོང་ཁྲོ་ལང་གཞིར་གྱུར་ཡོད་པ་རེད།


 

ཤེས་ཡོན་ཞིབ་འཇུག་དང་དཔེ་མཚོན་གྲངས་མེད་ཀྱིས་སྐྱེས་པའི་གྲངས་ཀ་བུད་མེད་ལས་མང་སྐབས། བུད་མེད་ལ་རྟག་ཏུ་ནས་སྐད་ཆ་བཙན་གྱིས་མཚམས་བཅད་པ། སྐྱེས་པའི་སྐད་མགོ་མཐོན་པོས་བུད་མེད་ཀྱི་སྐད་བསུབ་ཐབས་བྱས་པ། མཚམས་བཞག་བཅུག་པའམ། ཡང་ན་དེར་ཉེས་ཆད་ཕོག་པ་འདི་སྤྱི་བཏང་མང་པོའི་མྱོང་ཚོར་ཞིག་ཆག་པ་དེ་ཧ་ཅང་གསལ་པོ་ར་འཕྲོད་བྱུང་ཡོད་པ་རེད། མཇུག་བསྡོམས་བྱུང་བའི་གྲངས་ཀ་ཁག་ཅིག་ནས་བུད་མེད་འདི་དག་གིས་ལས་གནས་ནས་མྱོང་བའི་གནད་དོན་ཨུའུ་བྷེར་ཚོགས་པ་ཁོ་ནར་ལྷག་ཡོད་པ་ཞིག་མིན་ལ། རྒྱ་དེ་ནས་བརྒལ་ཟིན་པར་མངོན་ཡོད། འདི་ལོར་རྒྱུ་ནོར་རྒྱབ་རྩ་ཐུག་ཤོས་ཀྱི་ཚོགས་པ་ ༥༠༠ ཡི་འགན་འཛིན་མཐོ་ཤོས་གྲལ་དུ་བུད་མེད་ཀྱིས་བརྒྱ་ཆ་ ༦་༤ ཟིན་པ་དང་། གྲོས་ཚོགས་སུ་བུད་མེད་སྤྱི་འཐུས་ཀྱིས་བརྒྱ་ཆ་ ༡༩་༤ ཟིན་ཡོད་པ་གསལ། ཊཱེ་ལོ་ཐི་ Deloitte དང་ཚོགས་པའི་འགན་འཛིན་ལྷན་ཚོགས་རྣམ་པ་སྣ་ཚོགས་ཅན་ Alliance for Board Diversity ཞེས་པ་ནས་ཞིབ་འཇུག་གྲུབ་དོན་ལྟར་ན། ༢༠༡༦ ལོའི་རྒྱུ་ནོར་རྒྱབ་རྩ་ཐུག་ཤོས་ཀྱི་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་ལྔ་ཆ་གཅིག་བུད་མེད་ཡིན་པ་གསལ་ཡོད།

 

 

 

ཨུའུ་བྷེར་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཨཱ་རན་ན་ཧཱོ་ཧྥུ་ཊོང་ Arianna Huffington གིས་ཚོགས་པའི་འགན་འཛིན་ལྷན་ཚོགས་སུ་བུད་མེད་ཀྱི་གྲངས་ཀ་མང་དུ་གཏོང་དགོས་པའི་གལ་འགངས་རང་བཞིན་སྐོར་གླེང་ཡོད་པ་དང་། དེ་རྗེས་ཊཱེ་ཝེད་བཱང་ཊི་མན་ David Bonderman གྱིས་དེ་འདྲ་བྱས་ན་ཚོགས་འདུའི་ནང་སྐད་ཆ་མང་དུ་འགྲོ་རྒྱུ་ཡིན་པ་མཚོན་ཡོད་ཅེས་བཤད། དེ་ནས་ཁོ་འགན་འཛིན་ལྷན་ཚོགས་ནས་དུས་ཡུན་ནང་རྩ་དགོང་ཞུས། ཡིན་ཡང་སྤུན་ཟླའི་མཛའ་བརྩེའི་རིག་གཞུང་གིས་སྐད་གྲགས་ཁྱབ་སོང་བ་མིན་པའི་གྲལ་གྱི་ཚོགས་པའི་ནང་དུའང་གོ་གནས་མཐོ་རུ་འགྲོ་བའི་ཆེད་དུ་བུད་མེད་ནས་ཀྱང་ཤི་འཐམ་རོ་འཐམ་ལྟ་བུའི་ཧུར་བརྩོན་གྱིས་སོ་སོའི་སྐད་ཆ་དེ་གཞན་གྱི་གོ་ཐབས་མི་བྱེད་ཁག་མེད་ཡིན་པའི་སྐོར་གྲངས་ཀའི་ཐོག་ནས་གསལ་ཡོད།

 

 

 

ཉཱོའུ་ཡོག་ new York སྤྱི་ཁྱབ་རྒྱང་བསྒྲགས་ལས་ཁང་གི་ལག་བསྟར་འགན་འཛིན་ལཱོ་ར་ཝོལ་ཁེས་ Laura R. Walker ངས་དབང་ཆ་ཆུང་ཙག་འཛིན་མཁན་གྱི་བུད་མེད་དམ། ཡང་ན་དབང་ཆ་ཞེས་པ་དེ་གང་ཡིན་མི་ཤེས་མཁན་གྱི་བུད་མེད་གང་ཡིན་ཡང་དེ་དག་ཚང་མས་ཁཱ་མ་ལ་ཧ་རི་ཟིའི་Kamala Harris མདང་དགོང་གི་མྱོང་ཚོར་བཞིན་གཅིག་མཚུངས་བྱུང་ཡོད་པ་རེད། ཁྱོད་ཀྱིས་སོ་སོའི་ལས་ཀ་ལེགས་འགྲུབ་བྱ་བསམ་ཡང་དེར་གཞན་གྱིས་མཚམས་བཅད་པ་དང་། ཡང་ན་དེར་ལྷོད་གཡེང་གཏོང་གི་ཡོད་པར་ངོས་འཛིན་ཡོད། ཅེས་བཤད།

 

 

 

ཧཱ་རི་ཟི་ནི་ཞིབ་དཔྱོད་དཔོན་ཟུར་པ་ཞིག་རེད། ཁྲིམས་སྲིད་བཀའ་བློན་ཀྱཱེ་ཧྥུ་སེ་སི་ཞོན་ Jeff Sessions གྱིས་གྲོས་ཚོགས་ཀྱི་གསང་གནས་སྡེ་ཚན་དུ་དཔང་པོ་བྱེད་རིང་མོས་བཀའ་བློན་ལ་དོགས་པ་ཡོད་པའི་སྐོར་ཧ་ཅང་གསལ་པོ་བཏོན་ཡོད་པ་རེད། ཨཱ་རི་ཙོ་ན་Arizona གྲོལ་བརྡལ་གྱི་སྤྱི་འཐུས་ཚོགས་པའི་སྤྱི་འཐུས་ཀྱཱོང་མཱེ་ཁན་ John McCain གྱིས་མོའི་འདྲི་དོགས་དེ་མཚམས་བཅད་པ་མ་ཟད་མོ་ལ་གཤེ་གཤེའང་བཏང་བས་བཀའ་བློན་གྱིས་མོའི་དྲི་བར་ལན་འདེབས་གཞི་ནས་བྱས། དུས་ཡུན་རྗེས་ལྷན་ཁང་གི་འགན་འཛིན་ནམ་བྱང་ཁཱ་རོ་ལེ་ན་ Carolina གྲོང་བརྡལ་གྱི་སྤྱི་འཐུས་ཚོགས་པའི་སྤྱི་འཐུས་རཱིས་ཆ་ཊི་བཱ་Richard Burr ནས་སླར་མོའི་སྐད་ཆ་མཚམས་བཅད་དེ་མོའི་དྲི་བ་གཏོང་བའི་དུས་ཚོད་རྫོགས་ཟིན་པར་བཤད།

 

 

ཉཱུག་ཡོག་དུས་བབ་New York Times ནས་བུད་མེད་རྣམས་ངོ་དེབ་ Facebook ཐོག་གདན་ཞུས་ཀྱིས་དེ་དང་འདྲ་མཚུངས་ཀྱི་ཉམས་མྱོང་སྤེལ་རས་བྱས། དེ་ནས་ལས་གནས་སྣ་ཚོགས་དང་། གོ་རིམ་སྣ་ཚོགས་ཀྱི་བུད་མེད་རྣམས་ཀྱིས་འདི་ལྟ་བུའི་དཔེ་མཚོན་བརྒྱ་སྐོར་ཁ་ཤས་མཁོ་བཏོན་བྱས་ཡོད་པ་རེད། མིང་ལ་གྷི་རི་སི་ཨེ་ལི་སི་ Grace Ellis ཅེས་པའི་ལན་འདེབས་བྱེད་མཁན་ཞིག་གིས།  བུད་མེད་ཀྱི་སྐད་ཆ་མཚམས་བཅད་པའམ་སྐད་མགོ་གནོན་ཐབས་བྱས་རྗེས་ཁོས་དེ་སྔོན་མོའི་སྔོན་ཙམ་བཤད་པའི་བསམ་ཚུལ་དེ་སྐྱར་ཟློས་ཀྱིས་བཏོན་ཐབས་བྱས། གནས་ཚུལ་འདིའི་རིགས་ནི་གྲངས་ཀྱིས་མི་ལོང་བ་ཡོད། ངས་གནས་སྟངས་དེ་འདྲ་བདུན་ཕྲག་ཚང་མའི་ནང་མཐོང་གི་འདུག ཕལ་ཆེར་བདུན་རེར་ཐེངས་གཉིས་སམ་གསུམ་ཡིན་ཚོད་མཐོང་གི་འདུག ཅེས་བྲིས།

 

 

 

ཡང་ཀྱཱོའེ་ཟིས་ལོ་ན་རོ་ཟིས། Joyce Lionarons ངའི་སྦྱིན་བདག་མས་ང་ལ་མོས་ཚོགས་འདུའི་ཐོག་ནས་སྐྱེས་པས་མོའི་སྐད་ཆ་ཐེངས་བཞི་ཙམ་མཚམས་བཅད་པར་བཟོད་དགོས་ཅིང་། དེ་ནས་མོས་གཞི་ནས་རྒོལ་ལན་འགོ་བརྩམས་དགོས་ཚུལ་བཤད་ཀྱི་འདུག གལ་ཏེ་མོས་བརྒྱུད་མཐུད་ཀྱིས་དེར་རྒོལ་བ་ཡིན་ན་གནད་དོན་ལྷག་སྲིད་པའི་སྐོར་བཤད་ཀྱི་འདུག ཅེས་བྲིས།

ཨཱེ་རི་ཁ་བོ་རོམ་ Erica Brown གྱིས། མོས་ཟླ་གསུམ་ཙམ་གྱི་ཨ་རག་བཟོ་མཁན་དགེ་རྒན་གྱི་ལས་ཀ་བྱས་ཤིང་། མོས་རྒྱུ་ཆ་ལེན་དུ་སོང་བའི་སྐབས་ཀྱི་དུས་ཕལ་ཆེར་ནང་ལས་བྱེད་ཀྱིས་སླར་མོའི་ཁྱོ་བོར་ག་རེ་དགོས་མིན་སྐོར་འདྲི་སྲིད་པ་རེད། ཅེས་བྲིས།

ཞིབ་འཇུག་བྱས་འབྲས་ཀྱི་རྒྱུ་ཆ་ཕལ་ཆེར་གྱིས་གནས་སྟངས་དེ་དག་ར་སྤྲོད་བྱས་ཡོད་པ་རེད། ཞིབ་འཇུག་པས་མུ་མཐུད་དེ་ཚོགས་པའི་གཞུང་ལས་ཁང་ངམ། གྲོང་བརྡལ་གྱི་ཚོགས་འདུ། སློབ་གྲྭའི་འགན་འཛིན་ལྷན་ཚོགས་དང་ཨ་རིའི་སྤྱི་འཐུས་གྲོས་ཚོགས་ནང་བུད་མེད་རྣམས་ཚང་མར་རྟག་ཏུ་གཞན་གྱིས་སྐད་ཆ་མཚམས་བཅད་དེ་སྐྱེས་པས་སྣེ་འཁྲིད་བྱས་པའི་ཁ་བརྡ་དང་ཐག་བཅད་བྱེད་ཀྱི་ཡོད་པ་གསལ་ཡོད།

 

 

 

ཡཱེལ་ Yale སློབ་ཆེན་དོ་དམ་སྡེ་ཚན་ནས་བྱ་འགུལ་རིག་པའི་སློབ་དཔོན་ཝཱེ་ཁྲོ་རི་ཡ་བྷོར་སོལ་ Victoria L. Brescoll གྱིས་ ༢༠༡༢ ལོར་དཔྱད་རྩོམ་སྤེལ་བའི་ནང་གྲོས་ཚོགས་གོང་མའི་ནང་དབང་ཆ་བཟུང་མཁན་གྱི་སྐྱེས་པས་སྐད་ཆའང་མང་པོ་བཤད་ཀྱི་ཡོད། འོན་ཀྱང་བུད་མེད་ཀྱི་གནས་སྟངས་དེ་འདྲ་མ་རེད། ཅེས་བྲིས། ཡང་ཁོང་ཁྲོ་ཅན་གྱི་བུད་མེད་དེ་གོ་ས་འཕར་ཐུབ་བམ། ཞེས་པའི་བརྗོད་གཞིའི་ཐོག་གི་ཞིབ་འཇུག་དཔྱད་རྩོམ་སྤེལ་བའི་ནང་། ལས་གནས་ཐོག་ཁོང་ཁྲོ་ལང་བའི་སྐྱེས་པ་ལ་ལན་འདེབས་ཅིག་ཡོང་སྲིད་ཀྱང་། དེ་ལྟ་བུའི་བུད་མེད་ནི་ནུས་མེད་དང་དབང་ཆ་དེ་མོས་འཇོན་གྱི་མེད་པར་ངོས་འཛིན་བྱེད་ཀྱི་རེད།

 

 

 

དོན་དངོས་ཐོག་ཨ་རིའི་སྲིད་འཛིན་གྱི་བློ་སྟོན་པ་ཟུར་པའམ་སཱི་ཨན་ཨན་ CNN གསར་ཁང་གི་དཔྱད་བརྗོད་པ་ཀྱཱེ་སིན་མེལ་ Jason Miller གྱིས་ཀྱང་ཁཱ་མ་ལ་ཧ་རི་ཟིས་སྨྱོ་འབོད་ལྟ་བུ་བྱས་ཚུལ་དང་། མོས་ཀྱཱེ་ཧྥུ་སེ་སི་ཞོན་ལ་དྲི་བ་བཀོད་དུས་ཀྱང་གང་བྱུང་སྨྱོ་འབོད་བྱས་ཚུལ་བཤད་ཡོད་པ་རེད། མོས་ཀྱང་སྐབས་རེར་ཟཱེ་ཞུན་སིའི་ Sessions སྐད་ཆ་མཚམས་བཅད་སྲིད་མོད། འོན་ཀྱང་དེ་ནི་མོའི་གཅིག་མཚུངས་ཀྱི་རྒྱུན་གཏན་སྐད་ཆ་བཤད་སྟངས་ཤིག་རེད།

 

 

 

ཉུག་ཡོག་དུས་བབ་དང་ངོ་དེབ་ཐོག་གི་མཆན་བཞག་མཁན་བུད་མེད་དེ་ཚོ་ལའང་འདིར་གཅིག་མཚུངས་ཀྱི་བསམ་འཆར་ཡོད་པ་ཞིག་རེད། ཕཱོ་ལ་མིས་ཉི་ཁིན་ Paula Minnikin གྱིས་གལ་ཏེ་ཁྱོད་ཀྱི་འཁང་ར་བྱས་ན་ཕྱིར་ཕུད་རྒྱུ་དང་། ང་ཚོས་འགན་འཛིན་ལྷན་ཚོགས་ནས་ཚོགས་མི་གསུམ་བརྗེ་བསྒྱུར་བྱ་རྒྱུའི་སྐོར་བསམ་བློ་གཏོང་བཞིན་ཡོད། ལྷན་ཚོགས་དེའི་ནང་གི་བུད་མེད་ཁོ་ན་དེ་ཡིན་པའི་ཆ་ནས་ངས་གཤམ་འོག་ནས་འགན་གཙོ་ལ་ཚོགས་མི་བུད་མེད་རེ་གཉིས་ལ་བསམ་བློ་རེ་གཏོང་ཐབས་ཡོད་མེད་སྐོར་དྲིས། ཁོས་ང་ནི་འགན་འཛིན་ལྷན་ཚོགས་སུ་ཆེས་ནུས་པ་ལྡན་པའི་ཚོགས་མི་ཞིག་ཡིན་པར་ཐེ་ཚོམ་མི་དགོས། འོན་ཀྱང་གཞན་བུད་མེད་ཡག་པོའི་འོས་མི་རྩ་བ་ནས་མི་འདུག ཅེས་དང་། ང་ནི་དཔེ་མཚོན་གཞན་ཞིག་རེད། ཅེས་བཤད་རྗེས་ཁོས་མུ་མཐུད་དེ་བཤད་དོན། འདི་ནི་ངའི་གཟུགས་ཕུང་སྟོབས་ཆེ་ཤུགས་ལྡན་སྐྱེས་པ་ཞིག་དང་འདྲ་བས་རེད་ལ། དེའང་སྤྱི་བཏང་གི་བུད་མེད་ལྟར་གནས་ཚུལ་དེ་དག་རྙོགས་འཛིང་ཇེ་ཆེར་གཏོང་གི་མ་རེད། ཅེས་བཤད་བྱུང་། ང་རང་སྐབས་དེར་ཁོའི་སྐད་ཆ་དེ་དག་ལ་ཧ་ལས་ཧོན་འཐོར་སོང་། ཞེས་བྲིས་ཡོད་པ་རེད།

 

 

 

ཕཱིར་སིན་ཊོན་ Princeton སློབ་ཆེན་གྱི་ཆབ་སྲིད་སློབ་ཚན་གྱི་སློབ་དཔོན་ཐཱ་ལི་མིན་བྷག་ Tali Mendelberg ནི་ལྷིང་འཇགས་ཀྱི་རྟགས་མཚན། མཚན་མ། འདྲི་དཔྱོད་དང་རྒྱུན་སྲོལ། The Silent Sex: Gender, Deliberations and Institutions ཞེས་པའི་དེབ་ཀྱི་རྩོམ་སྒྲིག་པའི་གྲལ་ཞིག་རེད། དེབ་དེའི་ནང་བུད་མེད་ཁག་ཅིག་འཆར་འགོད་ཚོགས་ཆུང་ཞེས་པའི་ནང་བཞུགས་པའི་གནས་སྟངས་སྐོར་ཕྱོགས་བསྒྲིགས་བྱས་པའི་ཞིབ་འཇུག་དཔྱད་རྩོམ་ཞིག་རེད། མོ་དང་བྷ་གི་ཧམ་ Brigham Young University སློབ་ཆེན་ཆབ་སྲིད་རིག་པའི་སློབ་དཔོན་གཞོན་པ་ཁཱི་རི་ས་ཊོ་ཧྥི་ཁ་བོ་ཙི་ Christopher F. Karpowitz ནས་སློབ་ཆེན་གྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་ནང་བུད་མེད་ཀྱིས་བརྒྱ་ཆ་ ༨༠ ཟིན་སྐབས་གཞི་ནས་ཕོ་མོ་གཉིས་ཀྱི་གཏམ་བཤད་ཀྱི་དུས་ཚོད་གཅིག་མཚུངས་ཡོང་གི་ཡོད། སྐྱེས་པ་ཉུང་སྐབས་ཀྱང་སྐྱེས་པ་ཚོའི་གཏམ་བཤད་དེ་ཉུང་དུ་སོང་མེད་པ་དེ་མཐོང་ཡོད་པ་རེད།

 

 

 

ཁཱ་ཊ་ལེ་ཟི་ Catalyst ཚོགས་པའི་འགན་འཛིན་དང་ཚོགས་གཙོ་གཅིག་ཅོག་ཊཱེ་བྷོར་གྷི་ལི་སིས། Deborah Gillis ཁང་པ་ཚང་མའི་ནང་སྐྱེས་པ་བུད་མེད་ལས་མང་བ་དེ་ནི་བུད་མེད་ཚོར་ཕོ་མོའི་རྟགས་མཚན་གྱི་མཁྲེགས་བཟུང་གི་ཤུགས་རྐྱེན་རྟག་ཏུ་ཐེབས་བཞིན་པ་ཡིན། ཞེས་དང་། ཡང་ན་བུད་མེད་ལ་ནུས་པ་སྲ་བརྟན་ཆེ་དྲག་པའམ་ཡང་ན་ནུས་པ་ཧ་ཅང་ཞན་དྲག་ཡོད། འོན་ཀྱང་དེ་གཉིས་དབར་འཁོས་སྙོམས་ཏག་ཏག་ཅིག་ཡོང་མྱོང་མེད། གནས་སྟངས་དེས་གཅིག་ཕྱོགས་ནས་བུད་མེད་ནུས་ལྡན་ཡིན་པར་ངོས་འཛིན་དང་། ཡང་ན་བུད་མེད་ནི་དགའ་འོས་པ་ཞིག་ཡིན་པར་ངོས་འཛིན་པ་ལས། དུས་མཚུངས་དེ་གཉིས་ཀ་ཐོབ་རྒྱུ་ཁག་པོ་རེད། ཅེས་ངོས་འཛིན་བྱས། ཊཱེ་བྷོར་གྷི་ལི་སི་ནི་བུད་མེད་ཀྱི་ལས་གནས་འཕེལ་རྒྱས་གཏོང་བའི་ཐད་ནུས་ཤུགས་རྒྱག་མཁན་གྱི་ཚོགས་སྡེ་ཞིག་ཡིན་པ་རེད།

བུད་མེད་ཁག་ཅིག་གིས་སོ་སོའི་ལས་གནས་ནང་ཕོ་མོ་གཉིས་དབར་ཕྱོགས་ལྷུང་ཆག་པའི་གནས་སྟངས་དེ་མེད་པ་བཟོ་བར་ཧུར་བརྩོན་བྱེད་བཞིན་པ་ཡིན།

 

 

 

ཉུག་ཡོག་སྤྱི་ཁྱབ་རྒྱང་བསྒྲགས་ལས་ཁུངས་ཀྱི་ཝཱོ་ཁེས་ Walker མོ་རང་ངོས་ནས་བུད་མེད་གང་མང་རླུང་འཕྲིན་ཁང་གི་མཐོ་རིམ་གོ་གནས་དང་འགན་འཛིན་ལྷན་ཚོགས་སུ་ཡོང་ཐབས་ལ་བསྐུལ་འདེད་སྟེར་བཞིན་ཡོད་པ་དང་། མོས་ངས་བསམ་ན་དེ་ནི་ང་ཚོའི་སྡེ་ཚན་ཡོངས་སུ་བུད་མེད་ལ་དབང་ཆ་སྤྲོད་ཐུབ་པ་མ་ཟད། ད་དུང་སྔར་བའི་ལྷག་པའི་སྒོ་ནས་བགྲོ་གླེང་ཡོང་ཐུབ་ཀྱི་རེད། ཅེས་བཤད། དེ་མིན་མོས་ད་དུང་བུད་མེད་གང་མང་སྒེར་གྱི་ཟིན་བྲིས་སྡེ་ཚན་གྱི་ལེའུ་ཚན་དུ་གཙོ་སྐྱོང་ཡོང་ཐབས་ལ་བསྐུལ་འདེགས་གཏོང་བཞིན་པ་ཡིན།

 

 

 

ཀྱཱེ་ཁི་ལིན་ཧཱིན་མ་ Jacqueline Hinman ནི་ཁཱི་རོ་ར་ཊོ་Colorado ཨར་ལས་བཟོ་ཚོང་ཚོགས་པའི་ CH2M Hill Cos འགན་གཙོ་དང་ལག་བསྟར་གཙོ་འཛིན་གཅིག་ཅོག་ཡིན། ཚོགས་པ་དེས་དེ་སྔོན་ཊོ་རུན་ཊོ་Toronto ཨར་ཁང་ལས་གཞི་དང་ལཱོན་ཊོན་Londonཨོ་རྩལ་འགྲན་ཚོགས་Olympic Games ཀྱི་རྒྱུ་ཆ་ཚུད་པའི་ལས་འཆར་ཐད་འགན་འཁུར་དང་དོ་དམ་བྱས་མྱོང་མཁན་ཞིག་ཡིན། མོས་ལས་ཀ་བྱེད་པའི་ཁོར་ཡུག་ནང་རྒྱུན་དུ་ནས་བུད་མེད་མང་པོ་ཡོད་པ་ཞིག་རེད། འོན་ཀྱང་དེང་གི་དུས་སུ་མོའི་ཚོགས་པའི་འགན་འཛིན་ལྷན་ཚོགས་ནང་བུད་མེད་ནི་བསྡོམས་འབོར་གྱི་བརྒྱ་ཆ་ ༣༠ ནས་ ༤༠ ཟིན་ཡོད་པ་དང་། བུད་མེད་མི་ཉུང་བ་ཞིག་ཚད་མཐོ་བའི་གོ་དབང་ཐོག་ཀྱང་སླེབས་ཡོད་པ་རེད།

 

 

 

 

 


  གངས་དཀར་སེམས།
 

21.09.2020 21:29:09

མ་རྩོམ་གྱི་དྲ་འབྲེལ།

https://cn.nytimes.com/business/20170616/women-sexism-work-huffington-kamala-harris/

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -