ཟིན་བྲིས་པའི་འདྲ་པར།

ཕ་སྐད་གཙང་མའི་གླུ་གར།

08.09.2020 20:22:33
གངས་དཀར་སེམས།

images/stories/photo  .jpg

གནའ་བོ་གྷི་རི་སིའི་སྐྱོ་སྣང་གི་ལོ་རྒྱུས་སྐོར་འགྲེལ་བ།

Interpretation of the tragedy of ancient Greece

解讀古希臘悲劇故事

ཨཱོང་ཊི་གྷོང་ Antigone གི་ཆ་ཤས་གལ་ཆེན།

( འགྱུར་རྩོམ། )

རླབས་ཆེན་གྱི་བརྩམས་ཆོས་ཡོངས་ལ་བདེན་པ། མཛེས་སྡུག རྟག་བརྟན། བཅས་ཆ་ཤས་འདི་གསུམ་ཚང་ཡོད། མང་པོས་ངོས་འཛིན་རིག་པ་ epistemology སྦྱངས་མྱོང་མེད་ལ་མཛེས་རྩལ་སྐོར་ལའང་ཟབ་སྦྱོང་རག་མྱོང་མེད། འོན་ཀྱང་ང་ཚོ་ཚང་མར་རྒྱུ་རྩལ་གྱི་མཛེས་ཉམས་རྟོག་ཐུབ་པའི་བདེན་པའི་མིག་གཉིས་ཡོད། མཱེ་ཁེ་ལང་ཅི་སིའི་Michelangelo ཏཱེ་ཝའི་སྣང་བརྙན་Statue of David དང་། ཡང་ན་ཀཱ་ར་ཝ་ཆི་ཡོའི་Caravaggio དེབ་(The Martyrdom of Saint Matthew) ལྟ་དུས་ང་ཚོར་སེམས་འགུལ་ཤུགས་ཆེན་ཐེབས་བཞིན་པ་ཚོར་ཐུབ། དེ་དག་ནི་བརྩམས་ཆོས་མི་འདྲ་བ་ཡིན་ཡང་། རྡོ་བརྐོས་གཟུགས་བརྙན་ཆེན་མོས་རྒྱ་ཆེ་ཞིང་བབ་ལྷིང་གི་རྣམ་པའི་མཛེས་རིས་ནས་འཇིགས་སྐྲག་དང་དྲག་ཤུགས་མངོན་པའི་ཐོག་ནས་ང་ཚོས་དོན་དངོས་ཐོག་མཛེས་སྡུག་ནི་རྣམ་པ་སྣ་ཚོགས་ཡིན་པ་ཤེས་ཐུབ་པར་བྱས་ཡོད།


མཛེས་རྩལ་ཕུད། རླབས་ཆེན་གྱི་རྒྱུ་རྩལ་ཐོན་རྫས་ཀྱིས་ལྟད་མོ་བ་རྣམས་ལ་བདེན་པའང་འཆད་བཞིན་ཡོད། གཅིག་མཚུངས་ཀྱི་ངོ་བོར་གཅིག་གྱུར་གྱི་འགྲེལ་བརྗོད་བྱེད་ཁག་པོ་ཡིན་ཡང་རྒྱུ་རྩལ་མཁས་པའི་མཐོང་རྒྱ་དང་ལག་རྩལ་གྱིས་བསྐྲུན་པའི་ཐོན་རྫས་དེ་དག་ང་ཚོའི་སེམས་ཁམས་དང་ཁ་བརྡ་བྱེད་ཐུབ་ཀྱི་ཡོད། དེས་ང་ཚོའི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་འཕེལ་ཐུབ། དེའང་དུས་ཡུན་ཙམ་ལས་མིན་ཡང་ང་ཚོས་སྔར་བཞིན་རྒྱུ་རྩལ་མཁན་པོ་ལྷན་དུ་འགྲོ་བ་མིའི་དོན་སྙིང་དང་གཏིང་ཟབ་པའི་བདེན་པ་ཞིག་ཚོར་ཐུབ་ཀྱི་ཡོད་པ་རེད།

 

 

སྙན་ངག་པ་ཀྱཱོན་ཁི་ཙིས་ John Keats རྒྱུ་རྩལ་དང་མི་སེམས་དབར་གྱི་འབྲེལ་མཐུད་དེ་ངོས་འཛིན་བྱུང་རྗེས་ཁོའི་སྙང་ངག་ཏུ།

མཛེས་པ་ནི་བདེན་པ་དང་། བདེན་པ་ནི་མཛེས་སྡུག་ཡིན།

དེ་ནི་ཁྱོད་འཇིག་རྟེན་ཐོག་གནས་དུས་ཤེེས་ཐུབ་པ་ཞིག་དང་།

དེའང་ཤེས་དགོས་པ་ཁོ་ན་དེ་ཡིན། ཞེས་བྲིས།

 

 

སཱོ་ཧྥོ་ཁེ་སིའི་ Sophocles སྐྱོ་སྣང་གི་བརྩམས་ཆོས་ཨཱན་ཊི་གྷོང་ Antigone ནང་བུ་མོ་ཞིག་གིས་རྒྱལ་པོའི་བཀའ་ལ་མ་བསྟུན་པར་མོའི་གཅེན་པོ་འཐུས་ཚང་སྒོ་ནས་དུད་འཇུག་བྱས་པའི་སྐོར་བྲིས་ཡོད། དེའི་ནང་བདེན་པ་དང་མཛེས་སྡུག་གཉིས་ལྷན་དུ་སྦྲིལ་ཏེ་དུས་རབས་ ༢༣ བརྒྱུད་ད་དུང་ཡང་མི་རྣམས་སེམས་འགུལ་ཐེབས་ཐུབ་པའི་བརྩམས་ཆོས་གྲགས་ཅན་ཁྱད་དུ་འཕགས་པ་འདི་གྲུབ་ཡོད་པ་རེད།

 

 

 

 ( མཛེས་སྡུག)

 

 

 

ངས་དེ་སྔོན་མཐོ་འབྲིང་སློབ་མ་ཚོར་ལོ་རྒྱུས་དེའི་སྐོར་འཆད་འཁྲིད་བྱས་མྱོང་། བདུན་ཕྲག་སྔོན་མར་ངས་སླར་དེར་བསྐྱར་ལྟ་ཐེངས་གཅིག་བྱས། དེ་ནི་ཊཱོ་ཊེལ་ཧྥེ་ཙི་ Dudley Fitts དང་རཱོ་བོ་ཋི་ཧྥེར་ཊིའི་ Robert Fitzgerald འགྱུར་དེབ་ཅིག་ཡིན། དེ་ངས་སློབ་འཁྲིད་བྱེད་པའི་དེབ་ཏུ་ཡོད་ཅིང་ཁཱིན་ཉི་ཊིས་ X.J. Kennedy རྩོམ་སྒྲིག་བྱས་པའི་རྩོམ་རིག བརྩམས་སྒྲུང་། སྙན་ངག་དང་ཟློས་གར་སྤྱི་བཤད། Literature: An Introduction to Fiction, Poetry, and Dramaཅེས་པའི་ནང་འདུས་ཡོད། གཤམ་ཏུ་འདིར་རྩོམ་རིག་ཅེས་འབོད་ཀྱི་ཡིན།

 

 

རྩོམ་རིག་ནི་ཧ་ཅང་སྣ་འཛོམས་དང་ཕུན་སུམ་ཚོགས་པའི་སྤྱི་བཤད་ཀྱི་དེབ་ཅིག་རེད། ངས་རྟག་ཏུ་དེབ་དེ་ངའི་ལག་ཏུ་འཛིན་ནས་ལྟ་ཀློག་བྱེད་ཅིང་སྐབས་དེའི་དུས་སུ་དགེ་རྒན་བྱས་པའི་སྤྲོ་སྣང་གི་དུས་ཚོད་དེ་དག་ཕྱི་དྲན་བྱེད་ཀྱི་ཡོད།

དེ་བཤད་དགོས་པའི་རྒྱུ་མཚན་ནི་དེབ་ནང་ཤཱ་སི་པི་ཡའི་ Shakespeare ཧཱམ་ལེ་ཐེ་ "Hamlet" དེ་ཨཱན་ཊི་གྷོང་ Antigone རྗེས་སུ་རྩོམ་སྒྲིག་ཐད་ཀར་བྱས་པས་རེད། ཧཱམ་ལེ་ཐེའི་ནང་སྙན་ངག་པ་འདིའི་རྣམ་པ་བཀྲ་བའི་ཨིན་ཡིག་གི་སྙན་ངག་འགྲོས་དམིགས་བསལ་བ་ blank verse ཅེས་པ་དེ་གང་ས་ནས་མཐོང་ཐུབ་ཅིང་། འགྲེལ་བརྗོད་རིང་པོ་དང་ཁྱད་མཚར་བའི་སྐད་ཆ། ཡི་གེའི་རྩེད་མཚར། དེ་བཞིན་སྒེར་གྱི་གསལ་བཤད་གང་ཡིན་ཡང་ང་ཚོས་སྙན་ངག་གི་འགྲོས་དེ་གཅིག་མཚུངས་ཀྱིས་མཐོང་ཐུབ། ཟློས་གར་སྡེངས་ཆའི་ཐོག་ག་དུས་ཡིན་ཡང་ཧ་ཅང་བྲེལ་འཚུབ་ངང་གཅིག་རྗེས་གཉིས་མཐུད་ཀྱི་མི་སྣའི་ངོ་བོ་རེ་རེ་ཡིས་ཁེངས་ནས་ཡོད།

 

 

འོན་ཀྱང་ཨཱན་ཊི་གྷིང་ Antigone ནི་དེ་དང་ཁྱོན་ནས་མི་འདྲ། དེ་ནི་ཨཱི་ཅིན་རི་བོ་Aegean Mountains ལྟར་མཛེས་སྡུག་ལྡན། སཱོ་ཧྥི་ཁི་ལི་སིིའི་Sophocles ལོ་རྒྱུས་ནང་འཁྲབ་སྟོན་པ་ཉུང་ཤོས་ལས་མེད། འོན་ཀྱང་བརྩམས་ཆོས་ཀྱིས་དེའི་སྐོར་གང་ཐུབ་ཀྱིས་ཉུང་ཉུང་བྲིས་ཡོད། འགོ་བརྗོད་དུ་ཚིག་ཕྲེང་ཁ་ཤས་ལས་མེད། རྒྱལ་པོ་ཁཱི་རོན་ Creon གྱིས་མོའི་གཅེན་པོ་ནི་ངོ་ལོག་པ་ཞིག་ཡིན་པར་བསྒྲགས་པ་མ་ཟད། དེའི་ཤི་རོ་དེ་ས་རྒོད་ཐོག་གཡུག་སྟེ་དུར་བྱའི་ Condor ཁ་ཟས་ལ་སྟེར་དགོས་ཚུལ་བཀའ་བཏང་ཡོད་ཀྱང་། ཨཱན་ཊི་གྷིང་གིས་མོའི་གཅུང་མོ་ཨཱེ་སིན་ Ismene ལ་ཁོ་ཚོའི་གཅེན་པོ་ཕཱོ་ལིན་ཁེ་སི་ Polyneices འཐུས་ཚང་ངང་དུད་འཇུག་བྱ་རྒྱུར་ཐག་གཅོད་བྱས་ཟིན་ཚུལ་བཤད།

 

 

བརྗོད་གཞི་འདི་འདྲའི་སྣེ་ཤེན་བྱས་པའི་རྩོམ་འབྲི་སྟངས་དེས་སྒྲུང་གི་འཕེལ་འགྲོས་མགྱོགས་སུ་སོང་ཞིང་། གཅེན་པོའི་ཕུང་པོའི་སྒང་ས་དང་ཨ་རག་གཏོར་བའི་རྐྱེན་གྱིས་ཨཱན་ཊི་གྷིང་འཛིན་བཟུང་བྱས། དེའང་ཨཱན་ཊི་གྷིང་ནི་རྒྱལ་པོའི་ཚ་མོ་ཡིན་ཞིང་། རྒྱལ་པོའི་བུ་ཧཱེ་མོན་ Haimon གྱིས་ཨཱན་ཊི་གྷིང་ལ་བརྩེ་བ་གཏིང་ཟབ་བཅང་བཞིན་པ་ཤེས་བཞིན་ཡོད་ཀྱང་། རྒྱལ་པོས་མོ་དམར་གསོད་གཏོང་དགོས་པའི་བཀའ་རྒྱ་བཀྲམས།

 

 

རྒྱལ་པོས་མོ་བཟུང་ནས་རི་ཕུག་ཅིག་ནང་བཙོན་དུ་བཙུད། མཐར་མོས་རི་ཕུག་དེའི་ནང་རང་ཤི་བརྒྱབས། དེའང་རྒྱལ་པོའི་བུ་ཧཱེ་མོན་ཡང་སྡུག་ངལ་གྱིས་མ་བཟོད་པར་རང་ཤི་བརྒྱབས་པ་མ་ཟད། དེ་བཞིན་བུའི་ཨ་མའང་རང་ཤི་བརྒྱབས། མཐར་རྒྱལ་པོ་ཁེར་ཀྱང་དུ་ལྷག་དུས་ཁོས་ངས་ལག་གཉིས་ཀྱིས་རེག་ཚད་ཚང་མ་ཐལ་རྡུལ་བཞིན་བརླགས་ཟིན་པ་རེད་ཅེས་སྒེར་གྱི་ནོར་འཁྲུལ་དེར་ངོས་ལེན་བྱས་ཡོད་པ་རེད།

 

 

མཇུག་ཏུ་ཟློས་གར་མཉམ་གཞས་གཏོང་མཁན་གྱི་རུ་དཔོན་ཆཱ་རོ་གྷོ་སི་ Choragos ཡིས་ལྟད་མོ་བ་རྣམས་ལ་ཁ་ཕྱོགས་ཏེ་ཡིག་ཕྲེང་བཞི་ཅན་གྱི་སྙན་ངག་འདི་གྱེར་ནས་ཟློས་གཞུང་དེ་མཇུག་བསྒྲིལ་ཡོད་པ་རེད།

 

 

 

བློ་གྲོས་མེད་པའི་སར་བདེ་སྐྱིད་མེད།

ལྷ་ཚོགས་རྗེས་སུ་འབྲང་ན་གཞི་ནས་བློ་གྲོས་ཐོབ་ཐུབ།

འུར་བརྗོད་མཁན་ལ་མཐར་ཉེས་ཆད་ཕོག་སྲིད།

ཁེངས་དྲེགས་ཅན་དེ་རྒས་རྗེས་གཞི་ནས་བློ་གྲོས་རྟོགས།

 

སྒྲུང་ཧཱམ་ལེ་ཋིའི་མཇུག་འབྲས་སུའང་གཅིག་རྗེས་གཉིས་མཐུད་ཀྱི་སྐྱོ་གནས་རྐྱང་རྐྱང་རེད། འོན་ཏང་གཞུང་ཡོངས་འགྲེལ་བརྗོད་ཀྱིས་མཇུག་མཚམས་བཞག་པའི་བརྒྱུད་རིམ་ཧ་ཅང་རིང་པོ་ཞིག་བྱས་ཡོད། དེ་འདྲ་ཡིན་ཡང་བརྩམས་ཆོས་དེ་གཉིས་ཀར་སོ་སོའི་མཛེས་ཆོས་ལྡན་ཡོད་པ་རེད།

 

 

 

( བདེན་པ། )

 

 

ཨཱན་ཊི་གྷིང་Antigone ནང་གི་འགལ་འདུ་དེ་ཧཱམ་ལེ་ཋིའི་Hamlet ནང་རྒྱལ་སྲས་དང་རྒྱལ་པོའི་དབར་རྒྱུ་ནོར་ཤུལ་འཛིན་ཆེད་འཐབ་འཛིང་བྱས་ཚུལ་ལས་ཀྱང་ཚབ་ཆེ་བ་ཡོད། ཨཱན་ཊི་གྷིང་ནི་སྲོལ་རྒྱུན་ལམ་ལུགས་དང་ལྷ་ཚོགས་ཀྱི་ལྟ་བའི་ཐོག་གནས་ཡོད། དེ་མིན་རྒྱལ་པོ་ནི་རྒྱལ་ཁབ་དང་འཇིག་རྟེན་ལམ་ལུགས་ཀྱི་ཁྲིམ་དེ་དག་གི་མཚོན་དོན་ཡིན། རྒྱལ་པོས་ཨཱན་ཊི་གྷིང་ལ། ཁྱོད་ཀྱིས་ཁྲིམས་འགལ་བྱེད་ཕོད་ཀྱི་འདུག་ཅེས་བཤད་དུས་ཨཱན་ཊི་གྷིང་གིས་ངས་དེ་ཕོད་ཀྱི་ཡོད། ཁྲིམས་དེ་ནི་དཀོན་མཆོག་གིས་བསྒྲགས་གཏམ་མིན།

 

དཀོན་མཆོག་གི་བསྒྲགས་གཏམ་དེ་ནི་མཐའ་མཇུག་གི་བདེན་པ་དེ་རེད།

དཀོན་མཆོག་གིས་དབང་སྒྱུར་འོག་འཇིག་རྟེན་གྱི་ཁྲིམས་ནང་ཆ་རྐྱེན་དེ་མེད།

ཅེས་ལན་འདེབས།

 

 

སཱོ་ཧྥོ་ཁེ་སིས་ Sophocles འདིར་ཁོའི་རྩོམ་རིག་གི་ནུས་རྩལ་དེ་མངོན་ཡོད་ལ། གཤམ་གྱི་བརྗོད་གཞིའི་ནང་ནས་ཀྱང་ཁོས་ཕྱོགས་ལྷུང་གིས་རྒྱལ་པོ་དམའ་སར་ཡང་ཕབ་མེད། རྒྱལ་པོ་ཁཱོ་རོན་ Creon གྱིས་ཁྲིམས་ལ་གུས་བརྩི་དགོས་ཚུལ་དེས་ལུགས་མཐུན་ངང་འཁོར་རྒྱུག་ཐུབ་པའི་སྲིད་གཞུང་ཞིག་ལ་དགོས་ངེས་ཀྱི་ཆ་རྐྱེན་ཡིན་ལུགས་ཐེངས་ཁ་ཤས་སྒྲོག་ཡོད་པ་མ་ཟད། ད་དུང་སྲིད་གཞུང་མེད། སྲིད་གཞུང་མེད། གནམ་འོག་འདིར་ནག་ཉེས་དེ་ལས་ཆེ་བ་གང་ཡོད་དམ། ཞེས་འབོད། ཡིན་ཡང་མཐར་ཨཱན་ཊི་གྷིང་ལ་བགྲོ་གླེང་དེའི་ནང་ནས་རྒྱལ་ཁབ་ཐོབ་ཡོད་པ་རེད། སྔོན་ཤེས་ཅན་གྱི་ཐཱི་རིས་སི་ཡ་ Teiresias དང་ཟློས་གར་མཉམ་གཞས་ཚོགས་པའི་རུ་དཔོན་གཉིས་ཀྱིས་རྒྱལ་པོར་གོ་བསྐོན་འོག་རྒྱལ་པོའི་ཕྱོགས་ནས་དེར་གུ་ཡངས་ཐོབ། ཁོ་རང་སྐུ་ངོ་མས་ཨཱན་ཊི་གྷིང་ཕུག་པ་ནས་ཕྱིར་བཏོན་ཡང་སྐབས་དེར་ཨཱན་ཊི་གྷིང་སྔ་ས་ནས་ཤི་ཚར་ཡོད་པ་རེད།

 

 

 

༡༩༧༨ ལོར་ཀུན་སྤྱོད་རྩ་འཛིན་སྐོར་གྱི་བརྩམས་སྒྲུང་གླེང་བ། On Moral Fiction ཞེས་པའི་རྩོམ་རིག་ཐོག་ལ་ཚ་རླབས་ཐེངས་གཅིག་འཕྱུར་ཡོད། ཀྱཱོང་ཀ་ཊེ་ John Gardner ནས་དེང་རབས་རྒྱུ་རྩལ་ནང་ཕན་ཚུན་བསྡུར་བའི་རིང་ལུགས་ལ་དགག་པ་རྒྱག་པ་ནས་འགོ་བརྩམས། ཁོས་ང་ཚོས་དཔེ་དེབ་དང་གློག་བརྙན་ནས་ཐོབ་པའི་སྣེ་ཤེན་མང་ཆེར་ནི་ནོར་འཁྲུལ་ཅན་ཡིན། དཔེར་ན་དོན་དངོས་ཀྱི་གནས་སྟངས་ནས་བྲོས་འགྲོ་བའི་ཐབས་ལམ་དང་། ཡང་ན་ཀུན་སྤྱོད་ཀྱི་འོས་འགན་ནས་གཡོལ་ཐབས་ལྟ་བུ་རེད། དེ་ལས་ཐབས་སྡུག་པ་ཞིག་ནི། སྲོལ་རྒྱུན་གྱི་རིན་ཐང་དཔེར་ན་དྲང་བདེན་ལྟ་བུ། རྒྱལ་ཁབ་ལ་བརྩི་མཐོང་། གཉེན་སྒྲིག་ལ་རྩ་འཛིན། ལས་དོན་དང་ལ་རྒྱའི་ཀུན་སྤྱོད་ཀྱི་དཔའ་ངར་བཅས་དགའ་སྐྱོ་ཆགས་སྡང་ལ་རྒོལ་བ་དེ་ཡིན། ཞེས་བྲིས་ཡོད་པ་རེད།

 

 

 

སཱོ་ཧྥོ་ཁེ་སིའི་ Sophocles སྨྱུ་རྩེའི་འོག་གི་ཨཱན་ཊི་གྷོང་ནི་ལ་རྒྱའམ་ཀུན་སྤྱོད་ཀྱི་དཔའ་ངར་དེའི་དམིགས་དཔེ་བཟང་པོ་ཞིག་རེད། ཁོའི་བརྩམས་ཆོས་ནང་བསམ་བློ་མི་གཅིག་པ་མཉམ་གནས། ཁོའི་ཚིག་སྤྱོད་སྟངས་དང་ཟློས་གཞུང་གི་འགྲོས། དུས་མཚུངས་ཁོས་མི་རྣམས་ལ་སྤྱི་གནས་ཀྱི་ཀུན་སྤྱོད་རིན་ཐང་དེའི་བདེན་པ་ཞིག་བཤད་ཡོད། ཁོས་རྒྱལ་ཁབ་དང་མི་སྒེར་གྱི་ཀུན་སྤྱོད་དང་ལ་རྒྱ་འཛིན་སྟངས་དབར་གྱི་འགལ་ཟླ་ཐག་གཅོད་བྱས་ཤིང་། དུས་མཚུངས་འགྲོ་བ་མི་ཞིག་ཡིན་པའི་དོན་སྙིང་ལ་འཚོལ་སྙེག་བྱས་ཏེ་ང་ཚོར་སེམས་ཁམས་ཀྱི་ཀུན་སྤྱོད་བདེན་དོན་དེ་རག་ཐབས་བྱས་པ་དང་། ལྷ་ལ་གུས་བརྩི་དང་ཁྱིམ་ཚང་གི་མཛའ་བརྩེ། དབང་ཤུགས་དང་ཁེངས་དྲེགས་ཀྱིས་འཁྱེར་ཡོང་བའི་ཉེན་ཁ་བཅས་ལའང་འཚོལ་སྙེགས་བྱས་ཡོད་པ་རེད།

 

 

 ( རྟག་བརྟན། )

 

 

རླབས་ཆེན་གྱི་བརྩམས་ཆོས་ཤིག་རྒྱུན་རིང་གནས་ཐུབ་དགོས་ན་ངེས་པར་དུ་དུས་ཚོད་དང་རིག་གནས་ཀྱི་ཚོད་འཛིན་ལས་བརྒལ་དགོས། སཱོ་ཧྥོ་ཁེ་སིས་ཁོའི་ཟློས་གཞུང་བརྩམས་ཆོས་ཀྱིས་གནའ་བོའི་གྷི་རི་སིར་ Ancient Greece སྙན་པའི་གྲགས་པ་འབར་ནས་ཡོད། ཆེས་གལ་ཆེ་བ་ནི་ཁོའི་བརྩམས་ཆོས་དེ་དག་ད་ལྟ་ཡིན་ཡང་ཟློས་གར་སྡེངས་ཆར་འཁྲབ་སྟོན་བྱེད་ཅིང་། མཁས་པས་ཞིབ་འཇུག་དང་ཡིག་ཚགས་སུ་ཚུད་ཡོད་པ་དེ་རེད། གནས་སྟངས་དེས་བརྩམས་ཆོས་དེ་དག་གིས་དེང་རབས་སུ་གནས་པའི་ང་ཚོར་ད་དུང་ཡང་གལ་ཆེའི་རིན་ཐང་དང་དོན་སྙིང་ལྡན་པ་དེ་མཚོན་ཐུབ་ཡོད་པ་རེད།

གཤམ་དུ་ཨཱན་ཊི་གྷིང་Antigone དང་འབྲེལ་བའི་དཔེ་མཚོན་འགའ་བཀོད་ཡོད།

 

ཨ་རི་བ་མང་པོས་ཁོ་ཚོའི་ (དད་ཡུལ།) དཀོན་མཆོག་དང་ (གནས་ས། ) རྒྱལ་ཁབ་ལ་འཛིན་དགོས་པའི་འོས་འགན་ནང་སོམ་ཉི་སྐྱེ་བཞིན་ཡོད་པ་རེད། དཔེར་ན་མངར་ཟས་བཟོ་མཁན་གྱི་ཡཱེ་ཤུ་ཆོས་པ་ཞིག་གིས་མཚན་མཐུན་དགའ་རོགས་ལ་མངར་ཟས་མི་བཟོ་རྒྱུ་བྱས་པའི་རྐྱེན་གྱིས་ཁྲིམས་ལ་ཐུག་པ་ལྟ་བུ་རེད།

ང་ཚོས་ཨཱན་ཊི་གྷིང་གི་ནང་ནས་ཀྱང་གྷི་རི་སའི་རྟགས་ཅན་ནམ་ལུགས་ཀྱི་ཆབ་སྲིད་འགྲིག་ཆགས་ཀྱི་ལྟ་བ་ཞིག་མཐོང་ཐུབ། ཐཱི་པི་སིའི་ Thebes མི་ཚང་མས་ཨཱན་ཊི་གྷིང་གི་གཤིས་སྤྱོད་ནི་གུས་ལུགས་དང་བཟང་པོའི་ཕྱོགས་ལ་བརྟེན་ནས་ཕྱིར་དོན་ཕོད་པའི་དཔའ་ངར་ལ་ཧ་ཅང་གུས་བརྩི་ཞུ་བཞིན་ཡོད། འོན་ཀྱང་ཁོ་ཚོ་ཚང་མས་མོའི་ཆེད་དུ་སྐད་ཆ་བཤད་ཕོད་ཀྱི་མེད། དུས་ཤིག་ལ་ཨཱན་ཊི་གྷིང་གིས་རྒྱལ་པོར།

ངའི་བྱ་སྤྱོད་ལ་ཚང་མས་སྔར་བས་བསྟོད་བསྔགས་གཏོང་འོས་པ་ཡིན།

ཐོག་མའི་ཆ་ནས་མི་འདི་ཚོ་ཚང་མས་ང་ལ་བསྟོད་བསྔགས་གཏོང་སྲིད་པ་རེད།

རྒྱལ་པོ་ཁྱོད་ལ་འཇིགས་སྣང་སྐྱེས་པའི་རྐྱེན་གྱིས་ཁོ་ཚོའི་ཁ་དེ་རྡོ་ནང་བཞིན་མཁྲེགས་གཟུགས་སུ་གྱུར་བ་རེད། ཅེས་བཤད།

 

 

དེ་བཞིན་རྒྱལ་སྲས་ཀྱིས་ཀྱང་ཡབ་རྒྱལ་པོར་ཨཱན་ཊི་གྷིང་གི་དམར་བསད་བཀའ་རྒྱ་དེ་མཚམས་འཇོག་དགོས་པའི་ཞུ་བསྐུལ་བྱེད་དུས་ཀྱང་ང་ཚོའི་ཆབ་སྲིད་དང་རིག་གནས་སྡུག་ཏུ་འགྲོ་བཞིན་པའི་རྒྱུ་མཚན་སྐོར་བརྡ་སྤྲོད་ཡོད།

ངས་ཁྱེད་ལ་རེ་བསྐུལ་ཞུ། སེམས་ཐག་ཆོད་པོ་དེ་འདྲ་མ་བྱེད་རོགས།

ཁྱེད་རང་སོ་སོ་འགྲིག་བསྡད་པ་ཞིག་ལ་ངོས་འཛིན་མ་བྱེད་རོགས།

བསམ་བློ་དེ་འདྲ་གཏོང་ཤེས་མཁན་གྱི་མི་དང་།

དེ་འདྲ་རྒྱུན་འཁྱོང་བྱེད་མཁན་གྱི་མི་དེ་ལ་ནུས་པ་ཡོད་པའི་རྐྱེན་གྱིས་རེད།

བདེན་པའི་སྒོ་ནས་གནས་དོན་གླེང་ཞིང་སྐད་ཆ་བཤད་པའི་ནུས་པ་ཡོད།

འོན་ཀྱང་ཁོའི་བླ་སྲོག་དེ་་་

ཁྱོད་ཀྱིས་དེ་དག་ངོ་མར་ཤེས་རྟོགས་འབྱུང་དུས།

མི་དེའི་རིགས་ནི་ཁོག་སྟོང་གི་བན་རོ་ཙམ་རེད།

དེ་ནི་ང་ཚོའི་མི་གཤིས་ཀྱི་རིན་ཐང་ལ་ཉེན་བརྡ་ཞིག་རེད། ཅེས་བཤད་པ་ལྟ་བུའོ།

 

 

དུས་མཚུངས་ཨཱན་ཊི་གྷོང་གིས་མོའི་གཅུང་མོ་དང་ལྟད་མོ་རྣམས་ལ་གཟི་བརྗིད་སྐོར་གྱི་རིན་ཐང་ལའང་བརྡ་ཞིག་ཀྱང་སྤྲད། ང་ཚོའི་དམག་སྒར་དུ་ཚིག་དེ་གོ་རྒྱུ་ཧ་ཅང་ཉུང་ཉུང་མ་རེད། མོས་ཨཱི་སིན་ Ismene ལ་ང་ཉེན་ཁ་ལ་སྐྲག་གི་མེད། ཅེས་པ་དེ་དང་། གལ་ཏེ་དེ་ནི་ཤི་དགོས་པ་མཚོན་གྱི་ཡོད་ཚེ་དེ་ནི་ཧ་ཅང་ཡ་ང་བའི་ཤི་སྟངས་དེ་མ་རེད། དེ་ནི་གཟི་བརྗིད་མེད་པའི་སྒོ་ནས་ཤི་སོང་བ་དེ་མ་རེད། ཅེས་བཤད་དེ་མོའི་ལྟད་མོ་བའམ་ང་ཚོ་ལ་ཉེན་བརྡ་སྤྲད་ཡོད། དེའང་མོས་ང་ཚོར་གཟི་བརྗིད་ནི་ཧ་ཅང་གལ་ཆེ་ཞིང་། མཚམས་རེར་གནས་ཚུལ་འགའ་རེ་ཤི་བ་ལས་ཀྱང་ཧ་ཅང་སྡུག་པའི་གནས་སྟངས་འཆད་ཡོད།

 

 

རྩོམ་རིག ཅེས་པའི་སྔོན་གླེང་དུ། ཁཱན་ཉི་ཊི་ X.J.Kennedy ཡིས་སྐད་ཆ་འདི་འདྲ་ཞིག་བཤད་ཡོད་དེ། སོ་སོའི་སྒེར་གྱི་གྱང་དེ་ལས་བརྒལ་ཐུབ་པ་བྱོས། གཞན་གྱི་མིག་ཐོག་ནས་ལྟ་ཐུབ་པར་བྱོས།

དེ་ནི་རྩོམ་རིག་གིས་མཁོ་སྤྲོད་བྱས་པའི་རིན་ཐང་ཅན་གྱི་ཉམས་མྱོང་དེ་ཡིན། ཅེས་བྲིས།

གལ་ཏེ་ང་ཚོས་གྱང་མཐོན་པོ་དེ་དག་བརྒལ་ཐུབ་ཚེ། གལ་ཏེ་ང་ཚོས་གཏིང་ཟབ་པོའི་སྒོ་ནས་ཨཱན་ཊི་གྷོང་གི་མིག་རྒྱང་གི་ཐོག་ནས་གྱང་དེ་དག་བརྒལ་ཐུབ་ཚེ། ང་ཚོས་གཅིག་བྱས་ན་སྔར་བའི་གཏིང་ཟབ་པའི་སོ་སོ་དེ་མཐོང་ཐུབ་པ་ཞིག་ཡོང་སྲིད།

 

 

 

རྩོམ་པ་པོའི་ལོ་རྒྱུས།

ཅཱེ་ཧྥུ་མིན་ཁི་ Jeff Minick ལ་བུ་བཞི་དང་ཚ་རྒྱུད་མང་ཙམ་ཡོད་ཅིང་། ཁོ་བྱང་ཁཱ་རོ་རེ་ན་གྲོང་ཨཱ་ཞི་ཝེལ་Asheville, N.C. གྱིཁྱིམ་ནང་སྡོད་ནས་རང་སྦྱོང་བྱེད་མཁན་གྱི་སློབ་མ་རྣམས་ལ་ལོ་རྒྱུས་དང་རྩོམ་རིག ལཱ་ཊིང་  Latin ཡི་གེར་ཞིབ་འཇུག་བཅས་བྱས་ཏེ་ལོ་ ༢༠ ཙམ་བརྒལ། ད་ལྟ་ཝཱེ་ཀི་ཉི་ཡ་Virginia གྲོང་སྡེར་གནས་སྡོད་བྱས་ཡོད།

རྩོམ་སྒྲིག་པ། མཱོ་ལི།茉莉

 


  གངས་དཀར་སེམས།
 

08.09.2020 22:22:47

རྒྱ་ཡིག་མ་རྩོམ་གྱི་འབྲེལ་ཐག་གཤམ་གསལ་དེ་ཡིན།

https://www.epochtimes.com/b5/20/8/24/n12352967.htm

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -